དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཁག་བགོས་ཚན་ཆུང་གྲོས་སྡུར་ནང་ཞུགས།

2025-08-15 09:08:07   |   73

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།    མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


01.jpg

ཟླ8པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་རྐང་ཚ་ཚན་ཆུང་གི་ཚན་ཆུང་ཁག་བགོས་གྲོས་སྡུར་ནང་ཞུགས་ནས་ནན་གྱིས་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱས་ཏེ་མཐའ་གཅིག་ཏུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་དང་། དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཟེར།

02.jpg

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་ཤ་བོ་སྐྱབས་ཀྱིས་བསྟན་དོན། ད་ལོའི་ཚུན་ལ། མཚོ་བྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་བརྟག་ཞིབ་སྐབས་བཏོན་པའི“བློ་ལ་བརྟན་པོར་ངེས་དགོས་པ་གཅིག"དང"བླང་བྱ་གཉིས" "ཚད་གཞི་སྔར་ལས་མཐོ་བ་ལྔའི"བྱ་བའི་ལས་འགན་དོན་འཁྱོལ་ཏན་ཏིག་བྱས་ཤིང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། “སྤྱི་གླིང་གཉིས་དང་བཙན་ས་གཅིག” དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”བཅས་ཀྱི་དམིགས་འབེན་ལ་དམིགས་ཏེ་དངོས་སྒྲུབ་དམ་འཛིན་བྱས་པས། དཔལ་འབྱོར་འཁོར་བསྐྱོད་གོང་འཕེལ་དང་བརྟན་བརླིང་ཁྲོད་ཡར་རྒྱས་བྱུང་ཞིང་། རིག་གནས་གནས་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ངོ་མཚར་བའི་རིག་རྩལ་བྱེད་སྒོ་གང་མང་སྤེལ་ལ། ལས་གཞི་འཛུགས་སྐྲུན་ཇེ་ལེགས་སུ་ཕྱིན་ནས་ཚོང་འགུག་མ་འདྲེན་གྱིས་ཡང་བསྐྱར་ཟིན་ཐོ་གསར་བ་བཏོད་ཡོད་ཅིང་། གསར་བརྗེའི་ཉམས་ཞིབ་རིམ་བཞིན་ཡར་རྒྱས་བྱུང་སྟེ་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱི་འབོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་ཐོན་ལས་གཉིས་པའི་འཕར་ཐང་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ། ཞིང་སྡེའི་ཡུལ་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་བཅས་དམིགས་ཚད་གསུམ་གྱི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པས་གྲུབ་འབྲས་དེ་ནི་ཐོབ་སླ་མོ་ཞིག་གཏན་ནས་མིན་ཟེར།

03.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་འགན་ལ་དོ་སྣང་ཟབ་མོ་བྱས་ཏེ། “གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་དགོས”པའི་དངོས་སྒྲུབ་ཀྱི་སྙིང་སྟོབས་བཏོན་དང་སྤྱོད་ཚུལ་བཟང་བོར་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཏེ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་དམ་འཛིན་བྱས་ཏེ་རེས་སྐོར་གསར་པའི་ཆུ་མཛོད་འཛུགས་སྐྲུན་ལ་རེ་ཞུ་ཧུར་ཐག་བྱེད་དགོས། སྐྱེ་ཁམས་ཉམས་ཞིབ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མཚོ་སྔོན་པོ་དང་སེམས་ཉིད་ནགས་ར། ཨ་མྱེས་སྟོང་སོ་སོགས་སྐྱེ་ཁམས་ཉམས་ཞིབ་ས་ཚིགས་འཛུགས་རྒྱུའི་བརྩོན་ལེན་བྱས་ཏེ། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་ཏང་གི་སློབ་གྲྭར་བརྟེན་ནས་སྐྱེ་ཁམས་སློབ་གྲྭ་འཛུགས་སྐྲུན་བྱས་ཏེ“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་རྟེན་གཞི་ཧུར་ཐག་སྒོས་གཏོད་དགོས།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་གདང་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་དགོས། རྒྱུན་མཐུད་སྒོས་སྦྲང་རྩི་དང་ཤ་མོ། ཆུ་གྲང་ཉ། སྤེན་མའི་བོད་ཇ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྒྱ་སྐྱེད་གཏོང་དགོས། ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ནགས་ཁྲོད་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་འདེབས་ལས་དང་གསོ་སྤེལ། འཚོལ་བསྡུ། ལས་སྣོན་སོགས་ཞིང་ལས་དང་ནགས་ལས། ཕྱུགས་ལས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྣ་མང་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ལ་གསོན་ཤུགས་བསྣན་ནས་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་མངའ་ཁོངས་ཧྲིལ་བོའི་དུས་ཚིགས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས་དང་ཉ་གཟིགས། བྱ་གཟིགས། མེ་ཏོག་ལ་ལྟ་བ། ནགས་ཚལ་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་ཡག་པོར་གཉེར་དགོས། ཚད་གཞི་མཐོ་བའི་སྒོ་ནས་རི་འཛེག་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རྟའི་རིག་གནས་སྔོག་འདོན་གང་ལེགས་བྱས་ནས་རྟའི་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གེ་སར་དང་ཁུ་ནུ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་སའི”རྫས་རྟགས་དར་སྤེལ་གཏོང་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་གཅིག་སྡུད་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།  ལྗང་མདོག་གློག་ཤུགས་ཐོན་སྐྱེད་དང་བརྒྱུད་སྐྱེལ། འཛད་སྤྱོད་བཅས་ཇེ་ལེགས་སུ་གཏོང་དགོས། “རྡོ་སོལ་གློག+ནུས་རྒྱུ་གསར་པའི”ནུས་མང་གསབ་རེས་རྟེན་གཞི་བསྐྲུན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། གསར་བརྗེའི་ཉམས་ཞིབ་ཀྱི་རྫས་རྟགས་རྒྱུན་མཐུད་སྒོས་དར་སྤེལ་གཏོང་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། 221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ18དང་བཅིངས་འགྲོལ་དམག་སྲུང་དམག་དཔུང་སྡེའི་གནའ་ཤུལ21གསོན་སྒྱུར་བེད་སྤྱོད་ཡག་པོ་བྱས་ནས་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་དགོས། རྒྱུན་མཐུད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ནས་ཁུལ་ཡོངས་ཀྱི་གནའ་བོའི་གྲོང་ཁྱེར་དང་གནའ་ཤུལ134དང་རྟེན་མཛོད་ཁང30ཡི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། “རྟེན་མཛོད་ཁང་གི་ཁུལ”སྐྲུན་པར་ཤུགས་སྣོན་དགོས། རྒྱུན་མཐུད་སྒོས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཆེ་རུ་གཏོང་བ། ཧྲན་ཏུང་དང་ཁྲུང་ཆིང་གི་ས་གནས་གཞན་གྱི་མཐོ་འབྲིང་ཡག་པོར་གཉེར་བ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”བཟོ་སྐྲུན་ལག་བསྟར་ཤུགས་ཆེན་གཏོང་དགོས། ནོར་ལུག་བཤས་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་འཚེམ་དྲུབ་དང་ཐང་ག རྡོ་བརྐོས། པགས་རིས་སོགས་བཟོ་ཚོང་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཧྲན་ཏུང་གི་གྲོང་ཁྱེར་བཞི་དང་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། རོགས་སྐྲུན་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ནས་སྔོན་བརྒལ་གྱི་བསམ་གཞིགས་ལ་བརྟེན་ནས“ལྔ་བཅོ་ལྔའི”འཆར་འགོད་ཀྱི་སྒྲིག་ཁོངས་ལེགས་པར་བསྒྲུབ་དགོས། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འཇུ་ལག་དང་རྐང་ཚ། མདའ་བཞི་བཅས་ཀྱི་གནམ་ཐང་འཛུགས་སྐྲུན་བརྩོན་ལེན་ཧུར་ཐག་བྱེད་པ་དང་། ཆུ་ཚན་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ“ཆུ་ཚན་ཁུལ”གྱི་འཛུགས་སྐྲུན་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་དོང་ལམ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས། རྒྱུན་མཐུད་སྒོས་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང“གལ་ཆེན་གསུམ་དང་ཆེན་པོ་གཅིག”གི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་འཛུགས་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཆེན་རིམ་པའི“ཏང་ཀྲི་པུའི་རྩ་འཛུགས་འཚོ་བ་མཉམ་སྤྱོད་གཡུལ་སྟེགས”9ཡི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་དགོས་ཟེར། 


མཉམ་སྤྱོད།