དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས།

2025-08-15 15:16:22   |   118

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་། 


ཟླ8པའི་ཚེས14ཉིན། མཚོ་བྱང་ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཁུལ་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་གནས་ཚུལ་ལ་ཉན་ཞིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བྱ་བར་རྒྱབ་སྐྱོར་བྱེད་པར་ཞིབ་འཇུག་བྱས།    ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་། ཁུལ་དཔོན་དང་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ལྷན་གྱི་ཀྲུའུ་རིན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

01.jpg

ཚོགས་འདུའི་ཐོག་བསྟན་དོན། ན་ནིང་ནས་བཟུང་། མཚོ་བྱང་ཁུལ་གྱི་དམག་དཔུང་དང་ས་གནས་ཀྱིས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་སྒོས་འཁུར་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་མཉམ་འདྲེས་དམ་འཛིན་དང་གཞོགས་འདེགས་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློའི་སྣེ་ཁྲིད་ལ་ཤུགས་བསྣན་ནས་དམག་སྦྱོང་གི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་པས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཡར་རྒྱས་གསར་བ་བྱུང་ཞིང་། གཉིས་བཀུར་མཉམ་སྐྲུན་བྱ་བར་ཚད་བརྒལ་གསར་བ་མངོན་འགྱུར་བྱུང་ཡོད། ལྷག་པར་ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེས(ཉེན་རྟོག་པ)རང་འགུལ་ངང་མཁོ་བསྟུན་ཉེན་སེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་སོགས་ལས་འགན་རང་འགུལ་ངང་འགན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པར་གྲུབ་འབྲས་གསར་བ་ཐོབ་ཡོད་ཟེར།

02.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དམག་དཔུང་དང་ས་གནས་རིམ་པ་སོ་སོས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་རྩ་བའི་རྩ་དོན་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་ཏུ་བཏང་ནས་ཁུལ་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚུགས་གནས་མཐོ་རུ་གཏང་དགོས་པ་སྟེ། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་།  ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ། འགན་འཁྲི་དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ཏེ་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བའི་སྤུས་འབྲས་རྒྱུན་མཐུད་སྒོས་མཐོར་འདེགས་སུ་གཏོང་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་ནན་མོ་བྱེད་དགོས། འགན་སྲུང་ལ་ཤུགས་སྣོན་དགོས་པ་སྟེ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་གཙོ་འགན་གཙོ་ལས་ལ་དམིགས་ནས་གཞི་རིམ་དྲག་ཆས་པུའུ་དང་ཡུལ་དམག་བརྒྱ་ཤོག་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གཞི་རིམ་གྱི་དྲག་ཆས་གཡུལ་ས་སྟོབས་ཆེར་གཏོང་དགོས་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཞབས་འདེགས་ཞུ་བའི་དམག་འཐབ་གྲ་སྒྲིག་གི་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏོང་བར་ཤུགས་སྣོན་དགོས། དམག་དཔུང་དང་ས་གནས་མཉམ་སྐྲུནབྱེད་དགོས་པ་སྟེ། འགྲོ་གྲོན་འགན་སྲུང་ལ་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་ཞབས་ཞུ་ལེགས་པོར་སྒྲུབ་པ། རྒྱལ་སྲུང་སྐུལ་སློང་གི་གྲ་སྒྲིག་སོ་སོ་ཏན་ཏིག་དང་ཞིབ་ཕྲ་སྒོའི་སྒྲུབ་སྟེ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

03.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁུལ་དུ་བཅའ་སྡོད་བྱས་པའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དཔུང་སྡེའི་དཔོན་དམག་གི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱས་ཏེ། དམག་དཔུང་ལ་བརྩི་བཀུར་དང་ཁོངས་གཏོགས་ཀྱི་དམིགས་བསལ་སྲིད་ཇུས་སོ་སོ་དོན་འཁྱོལ་ཞིབ་ཕྲ་བྱས་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེས(ཉེན་རྟོག་པ)མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་སྤེལ་དང་སྡོང་འཛུགས་ནགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། རྒྱལ་སྲུང་སློབ་གསོ། ཉེན་སེལ་གུད་སྐྱོབ་སོགས་ཀྱི་ཐད་ལེགས་སྐྱེས་དང་སྟོབས་ཤུགས་དབུལ་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང“མཐོ་སྒང་གི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་བྱེད་པ་དང་། 221རྟེན་གཞིའི་གནའ་ཤུལ་གྱི་གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔར་ལས་གཏིང་ཟབ་ཏུ་སྔོག་འདོན་བྱ་རྒྱུར་རོགས་རམ་བྱེད་པ། དམར་དམག་ནུབ་ལམ་དམག་གི་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་དྲན་གསོ་གླིང་དང་། ཧན་ཐའེ་ཡུལ་དམག་བརྒྱ་ཤོག་གི་ལོ་རྒྱུས་ཁང་། མཁའ་དམག་ས་གནམ་འཕུར་མདེལ་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་སོགས་གསར་བརྗེའི་ཉམས་ཞིབ་ས་ཚིགས་སྔར་ལས་ཚད་ལྡན་དུ་བཏང་ནས་དམར་དམག་ནུབ་ལམ་དམག་དང་སྨོན་ལམ་མཐོན་པོའི་སྲུང་སྐྱོབ་དཔུང་སྡེ། འཇུ་ལག་བཅིངས་འགྲོལ་སོགས་གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་དགོས་ཟེར།

04.jpg    

ཚོགས་འདུའི་ཐོག 2024ལོར་ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེ་ཡིས(ཉེན་རྟོག་པ)ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐག་གཅོད་རྒྱབ་སྐྱོར་བྱེད་པར་རེ་ཞུ་བྱས་པའི་འབྲེལ་ཡོད་དཀའ་ངལ་དང་གནད་དོན་གྱི་འཕེལ་རིམ་གནས་ཚུལ་ཁྱབ་བརྡ་བཏང་བ་དང་། རྫོང་སོ་སོའི་མི་དམངས་དྲག་ཆས་པུའི་ཏང་ཨུའི་ཧྲུའུ་ཅི་དང་པོས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བའི་འགན་འཁྲི་སྒྲུབ་ཚུལ་གྱི་སྙན་ཞུ་ཕུལ།

སི་ཅི་ཧྲིང་དང་ཀྲའོ་ཧེ་ཕིང་། ཀྲང་ཐའོ། ཧོ་པིན། ཚོ་ཅི་ཆང་། ལི་ཞང་། ཝུའུ་གོ་ཧྥུའུ། ཀང་ཧྥུའུ་བཅས་ཞུགས།


མཉམ་སྤྱོད།