དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་རབས་གསར་པའི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་སྐབས་བཞི་པ་དང་བཅོས་སྐྱོང་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་བསྡུས།

2025-08-18 10:32:34   |   39

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན་ནས་ཚེས16ཉིན་བར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་དུས་རབས་གསར་པའི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་སྐབས་བཞི་པ་དང་བཅོས་སྐྱོང་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་པད་གོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག བོད་འབྲེལ་ཁུལ་དང་རྫོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུནའཁྱོངས་བྱས་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པར་མ་ཟད། ཏང་གིས་ཆོས་ལུགས་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་ཁྱོན་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཆགས་སྟངས་གཞི་རྩའི་ཆ་ནས་གྲུབ་པ་དང་། ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོ་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་ལ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་བསམ་བློ་སྔར་ལས་གཅིག་གྱུར་བྱུང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལག་ལེན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། མ་མཐའི་བསམ་གཞིགས་ལ་སྔར་ལས་ཤུགས་སྣོན་པ་དང་། མ་ལག་གི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཕྱོགས་སོ་སོའི་གཙོ་ཤུགས་འགན་འཁྲི་ཏན་ཏིག་གིས་འཁུར་བ། འབྲེལ་གཏུག་མཐུན་སྦྱོར་ལ་རང་འགུལ་ངང་ཤུགས་སྣོན་པ། ས་ཁོངས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ། བོད་བརྒྱུད་ནང་བསྟན་ལས་དོན་དོ་དམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ཚད་གཞི་གཅིག་གྱུར་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་མགོག་བཅས་བྱས་ཏེ་མཉམ་འཛུགས་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཐེངས་འདིའི་གླེང་སྟེགས་དེ་བྱ་བའི་ཐད་ཀྱི་བསམ་ཚུལ་བརྗེ་རེས་དང་། རིག་གཞུང་གླེང་སྟེགས། ལག་ལེན་ལྟ་ཞིབ་བཅས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་བསྡུས་པ་དང་། བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་འབྲེལ་ཡོད་ཁྱིམ་མཚེས་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་མིན་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ20ལྷག་ཚོགས་འདུར་ཞུགས་པར་མ་ཟད་བརྗེ་རེས་དང་བགྲོ་གླེང་བྱས།


མཉམ་སྤྱོད།