དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་མདའ་བཞི་རྫོང་དུ་སོང་སྟེ་གནས་སྐོར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།

2025-08-18 16:19:02   |   90

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་གི་སོག་པོ་སྒར་ཆེན(མདའ་བཞི་རྫོང་གངས་རིའི་སྣེ་ཁྲིད་པའི་གསོ་སྦྱོང་རྟེན་གཞི)དང་། སྨོན་ལམ་མཐོན་པོ་ལྗོངས་ཁུལ་དུ་སོང་སྟེ་གསོན་སྒྱུར་བེད་སྤྱོད་དང་སྐྱ་རྩལ་འཁྲབ་སྟོན། ལྗོངས་ཁུལ་དོ་དམ་འཁོར་སྐྱོད་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་མ་ཟད། མདའ་བཞི་རྩྭ་ཐང་གི་རོལ་དབྱངས་དུས་ཆེན་གྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། ལྗོངས་ཁུལ་དོ་དམ་གྱི་འཁོར་སྐྱོད་ཆུ་ཚད་རྒྱུན་མཐུད་སྒོས་ཆེ་རུ་གཏོང་བ་དང་། གནས་སྐོར་ལས་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་འདེགས་བྱེད་དགོས་ཟེར།

1.png

མདའ་བཞི་རྫོང་གི་སོག་པོའི་སྒར་ཆེན་དུ་ཤ་བོ་སྐྱབས་ཀྱིས་བེད་མེད་ཐོན་ཁུངས་བསྐྱར་གསོ་དང་བསྒྱུར་བཀོད་བེད་སྤྱོད་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་གནང་ཞིང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན《གསེར་དངུལ་ཐང་གི་སྐྱ་རྩལ》ལ་བལྟས་པར་མ་ཟད། ལྗོངས་ཁུལ་གྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས་ནས་འགྲུལ་བ་འགྲོ་འོང་དང་ལྗོངས་ཁུལ་གྱི་ཞབས་ཞུ། སྒྲིག་བཀོད་གདང་སྒྱུར་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་གནང་བར་མ་ཟད། མདའ་བཞི་རྫོང་གི་སོག་པོ་སྒར་ཆེན་གྱི་ལྷག་ལུས་ཐོན་ཁུངས་བེད་སྤྱོད་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། མདའ་བཞི་རྫོང་ནི་ཞིང་ཆེན་རིམ་པའི“སྐྱ་རྩལ་རྫོང”ཡིན་པ་དང་། སོག་པོ་སྒར་ཆེན་ཟླ5པར་གཉེར་སྐྱོང་བྱས་པ་ནས་བཟུང་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས12550སྣེ་ལེན་བྱས་ཤིང་། ལྷག་པར་སྐྱ་རྩལ་ལེ་ཚན་འཁྲབ་སྟོན་བྱེད་མགོ་ཚུགས་ཚུན་གནས་སྐོར་བ་རྒྱུན་མཐུད་སྒོས་མང་དུ་ཕྱིན་པ་དང་། ཆེས་མང་དུས་ཉིན་རེར་གནས་སྐོར་བ་མི་ཐེངས600ལྷག་སྣེ་ལེན་བྱས་ཡོད། སྒར་ཆེན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་རྒྱུན་མཐུད་སྒོས་ཆེ་རུ་གཏོང་བ་དང་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཞབས་ཞུའི་འགན་སྲུང་ཇེ་ལེགས་སུ་བཏང་ནས་རྒྱུན་མཐུད་སྒོས་སོག་པོ་སྒར་ཆེན་གྱི་རིག་གནས་གནས་སྐོར་ཆས་རྟགས་ཀྱི་རིན་ཐང་ཆེ་རུ་གཏོང་བ་དང་ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་ཧུར་ཐག་བྱེད་དགོས། ནང་སོག་དང་ཡུལ་ཤུལ་སོགས་ས་ཁུལ་གྱི་སྐྱ་རྩལ་འཁྲབ་སྟོན་གྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ལེ་ཚན་གྱི་བཀོད་སྒྲིག་དང་འཁྲབ་སྟོན་གྱི་གསར་གཏོད་ཐད་ཡང་བསྐྱར་ཤུགས་སྣོན་དགོས། སྐྱ་རྩལ་འཁྲབ་སྟོན་སོགས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་སྐྱ་རྩལ་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཁུལ་གྱི་སྙན་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། ལྗོངས་ཁུལ་གསོན་སྒྱུར་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་སྒོས་མཐོ་རུ་གཏོང་བའི་ཐད་ཤུགས་བསྣན་ཏེ་སྐྱ་རྩལ་ཐོན་ལས་དང་གངས་རིའི་སྣེ་ཁྲིད་པའི་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྗོངས་ཁུལ་གྱི་སྐྱ་རྩལ་འཁྲབ་སྟོན་དང་ཞབས་ཞུའི་འགན་ལེན་སོགས་ཀྱི་ཐད་ལ་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

སྨོན་ལམ་མཐོན་པོ་ལྗོངས་ཁུལ་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ལྗོངས་ཁུལ་གྱི་གཉེར་སྐྱོང་ལ་ལྟ་ཞིབ་བྱས་ཤིང་། མདའ་བཞི་རྩྭ་ཐང་གི་རོལ་དབྱངས་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། ཉེ་ཆར་ཁུལ་ཡོངས་ཀྱི་གནས་སྐོར་ཁྲོམ་རར་རྒྱུན་མཐུད་སྒོས་ཚ་རླབས་འཕྱུར་ཞིང་། སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱིས་ཉིན་གཅིག་ལ་སྣེ་ལེན་བྱས་པའི་གནས་སྐོར་བ་མི་ཐེངས18475ལ་སླེབས་ནས། སྒར་ཕྱིའི་རྟེན་གཞི་དང་སྒར་འདེབས་རྟེན་གཞི་གཉིས་ཀར་ཞག་སྡོད་བྱེད་པའི་གནས་སྐོར་བ་རྒྱུན་མཐུད་སྒོས་བཀང་ཡོད་པས་ཁུལ་ཨུས་ཁས་ལེན་གང་ལེགས་བྱས་པ་ཡིན། གོམ་སྟབས་རྗེས་མར་ཞབས་ཞུའི་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་གནས་སྐོར་བའི་ཉམས་ལེན་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་སྒོས་ཆེ་རུ་གཏོང་དགོས། འགན་སྲུང་བྱེད་ཐབས་སོ་སོར་ཤུགས་སྣོན་པ་དང་། མེ་ཟོན་དང་སྨན་བཅོས། མཁོ་བསྟུན་ཁ་བཀྲམ་སོགས་མཁོ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཕྱོགས་སྟོན་མཛུབ་ཁྲིད་ལེགས་པོ་བྱས་ཏེ་ཞིབ་ཕྲའི་ཞབས་ཞུ་དེ་གཙོ་གནད་དུ་བཟུང་ནས་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་མཚོ་བྱང་གི་ལྗོངས་ཁུལ་གྱི་སྣང་བརྙན་བཟང་པོ་མངོན་པར་བྱེད་དགོས། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ལྗོངས་ཁུལ་དུ་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མདའ་བཞི་རོལ་དབྱངས་དུས་ཆེན་སོགས་བེད་སྤྱོད་གང་ལེགས་བྱས་ཏེ་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འགྲེམས་སྟོན་དང་འོས་སྦྱོར་ཕྱིར་ཚོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་གཉེར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

4.png

མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།


མཉམ་སྤྱོད།