དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུ་རྒྱུན་ཨུ་ཚན་ཁག་གིས2022ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་གསུང་བཤད་བྱས།

2023-02-15 20:34:33   |   186

སྒྲིག་སྒྱུར།  སངས་དོན།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ2པའི་ཚེས14ནས15ཉིན་བར། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་དམིགས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“ཡིད་ཆེས་བཞི”བརྟན་པོར་བཟོ་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བགྱིས་ནས་མཐུན་སྒྲིལ་ངང་ཏང་ཡོན་ལས་བྱེད་ཀྱི་སྣེ་ཁྲིད་དེ་ཞུམ་མེད་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུས་བཏོན་པའི་གལ་ཆེའི་ཇུས་ཆོད་བགོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་དོན་དངོས་ལ་གཞིགས་ནས་གནད་དོན་ལ་ཞིབ་ལྟ་དང་ཏང་གཤིས་ལ་དབྱེ་ཞིབ་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་བྱས། 

a.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཞིང་ཆེན་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་པ་དང་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་གསུམ་པའི་ཀྲུའུ་རིན་ཆིན་ཝུན་དང་བཅས་པ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་དང་འབྲེལ་དཔྱད་བརྗོད་སྤེལ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་ཁུལ་སྲིད་གྲོས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

b.jpg

ཁུལ་ཨུ་རྒྱུན་ཨུ་ཚན་ཁག་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཚོགས་འདུ་མ་འཚོགས་གོང་། རྒྱུན་ཨུ་བློ་མཐུན་རྣམ་པས་གཅིག་སྡུད་སློབ་སྦྱོང་དང་སྒེར་གྱི་རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཚན་པའི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཡོད། རྒྱུན་ཨུའི་བློ་མཐུན་གྱིས་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་བྱ་དང་བླང་བྱ་གཙོ་བོར་ཞིབ་བསྡུར་བྱས་ཏེ། ཕན་ཚུན་སྙིང་གཏམ་ཤོད་རེས་དང་གླེང་མོལ་ཁ་བརྡ། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། འབུར་ཐོན་གནད་དོན་ཁྱོན་ཡོངས་ནས་འཚོལ་ཞིབ་དང་། ནན་ཏན་གྱིས་ལྟ་སྡུར་ཞིབ་བཤེར་ཡིག་ཆ་འབྲི་བ་བཅས་བྱས་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་ཆེད་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱས།

c.jpg

ཚོགས་འདུའི་ཐོག   ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་2022ལོར་འཚོགས་པའི་འབྲེལ་ཡོད་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་དང་བསམ་འཆར་བསྡུ་ལེན་བྱས་ཚུལ་བརྡ་ཁྱབ་བཏང་།

     ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི་ཚབ་བྱས་ཏེ་ལྟ་སྡུར་ཞིབ་བཤེར་བྱས། གཙོ་བོ་ཕྱོགས8ཀྱི་ཐད་ནས་གནད་དོན་དང་མི་འདང་ས་འཚོལ་ཞིབ་དང་། རྒྱུ་རྐྱེན་དབྱེ་ཞིབ། རྗེས་ཕྱོགས་ཀྱི་འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱེད་ཐབས་ཁ་གསལ་བཅས་བྱས། དེ་རྗེས། ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་བྱས་ནས་རང་འགུལ་ངང་སྐྱོན་བརྗོད་དང་ལེན་བྱས་ཤིང་། རྒྱུན་ཨུ་བློ་མཐུན་གྱིས་བརྗོད་བྱ་གཙོ་བོར་དམིགས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་དང་འབྲེལ་བསམ་ཚུལ་སྟོན་པའི་གཏམ་བཤད་ཀྱང་གནང་།  ཚང་མས་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་་ཏང་ཨུའི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། གནད་དོན་སྲོང་བོར་བརྗོད་པ་གནད་ལ་ཁེལ་ཞིང་དབྱེ་ཞིབ་གཏིང་ཟབ་པ།  ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་སྐྱོན་བརྗོད་ བྱེད་པ། དག་ཐེར་ཁ་ཕྱོགས་ཁ་གསལ་དང་ཞིབ་ཕྲ་ཡིན་པ། བསམ་བློའི་གདོང་གཏུག་ཁྲོད་གནད་དོན་ཡང་དག་འཚོལ་བ། ཕན་ཚུན་རོགས་རམ་དང་སྐུལ་ལྕག་བྱེད་པའི་ཁྲོད་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཚན་ཁག་གི་ཁོངས་མིར་ཡོད་དགོས་པའི་ཆབ་སྲིད་ཀྱི་གོ་རྟོགས་དང་། བསམ་བློའི་འཁྱེར་སོ། འགན་འཁྲི་འཁུར་སེམས་བཅས་གང་ལེགས་སྒོས་མཚོན་ཡོད་ལ། རྒྱུན་ཨུ་ཚན་ཁག་གི་མཐུན་སྒྲིལ་ཡར་བརྩོན་གྱི་ལས་རྣམ་ཚུར་མངོན་བྱས་ཡོད།

d.jpg

བློ་མཐུན་ཆིན་ཝུན་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུར་གདེང་འཇོག་ཆེན་པོ་དང་ཁས་ལེན་གང་ལེགས་གནང་ལ། ཁོང་གིས་དཔྱད་བརྗོད་ནང་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གྲ་སྒྲིག་ལས་དོན་ཞིབ་ཚགས་དང་ཏན་ཏིག  དངོས་འབྲས་ཆེ་ཞིང་གྲུབ་འབྲས་ཕུན་སུམ་ཚོགས་པ། གནད་དོན་འཚོལ་བཤེར་བྱེད་ཕོད་པ། རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ་པ། དག་ཐེར་བྱེད་ཐབས་ཁ་གསལ་ཡིན་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཟབ་ནན་དང་།  ཚོགས་འདུའི་རྣམ་འགྱུར་ལེགས་ཤིང་སྤུས་ཚད་མཐོ་ལ། རྣམ་པ་གསར་པ་བཏོད་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་ཅེས་བསྟན། ཁོང་གིས་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པའི་གྲོས་མགོ་ཞིག་བཏོན་པ་མ་ཟད། དག་ཐེར་ལས་དོན་དམ་འཛིན་དང་སྲིད་ཇུས་ལམ་ལུགས་དོན་འཁྱོལ། ཏང་ནང་ཁུལ་གྱི་འཚོ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཚོགས་འདུ་གྲོལ་རྗེས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

ཤ་བོ་སྐྱབས་ཀྱིས་སྤྱི་སྡོམ་བྱས་ཏེ་བསྟན་དོན། རྒྱུན་ཨུ་ཚན་ཁག་གི་ཁོངས་མིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བསམ་བློ་གླེང་བ་དང་ངོས་འཛིན་གླེང་བ། གནད་དོན་གླེང་བ། བྱེད་ཐབས་གླེང་བ་བཅས་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་པོ་དང་། མི་དང་དོན་དག  བསམ་བློ་བཅས་གཅིག་ཐོག་འབབ་པར་བྱས་ཤིང་། ཏང་ནང་འཚོ་བའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་མངོན་པར་བྱས་ཏེ། གདོང་མདོག་དམར་པོ་ཆགས་པ་དང་རྔུལ་ཆུ་བཞུར་བའི་ཕན་འབྲས་ཐོན་ཡོད་པ་མ་ཟད།  ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མཐུན་སྒྲིལ་ཇེ་ཟབ། ལྷན་ཅིག་ཡར་རྒྱས་གཏོང་བ་བཅས་ཀྱི་དམིགས་ཡུལ་ཡང་འགྲུབ་ཡོད་ཅེས་གསུངས།  གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ནས་གནད་དོན་གྱི་གསལ་ཐོ་བཟོ་རྒྱུ་དམ་འཛིན་དང་། དག་ཐེར་ཡོ་བསྲང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དག་ཐེར་ཡོ་བསྲང་གི་འགན་འཁྲི་ཁ་གསལ་བཟོ་བ། “མིག་སྔར་ལེགས་བཅོས་”དང་“ཡུན་རིང་འཛུགས་རྒྱུ་”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རྩ་བ་དང་ཡུན་ཕུགས་ལ་ཕན་པའི་ལམ་ལུགས་ཀྱི་གྲུབ་འབྲས་ཆགས་པར་སྐུལ་འདེད་གཏོང་བ་དང་། དམངས་གཙོ་འཚོ་བའི་ཚོགས་འདུའི་“ལས་དོན་ཕྱེད་ཀ”དེ་ལས་སྒྲུབ་འདང་ངེས་དང་ལས་སྒྲུབ་ཏན་ཏིག   ལས་སྒྲུབ་གནད་ལ་ཁེལ་དགོས་པའི་བླང་བྱ་བཏོན།  ཁོང་གིས་ནན་གྱིས་བསྟན་དོན། སྣེ་ཁྲིད་དེ་སློབ་སྦྱོང་ལ་དམ་འཛིན་བྱེད་པ།  ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། སྣེ་ཁྲིད་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བྱ་སྤྱོད་ཞིབ་ཕྲའི་ཐོག་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོ་བྱེད་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྟན་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་ཞིབ་ཕྲ་དང་སྤྱོད་གོ་ཆོད་པའི་བྱ་ཐབས་སུ་བསྒྱུར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པ་བྱེད་དགོས།  སྣེ་ཁྲིད་དེ་སྤྱོད་ཚུལ་ལ་བཅོས་བསྒྱུར་བྱེད་པ། ཚོགས་འདུའི་གྲུབ་འབྲས་གང་ལེགས་སྒོས་སྤྱོད་པ་དང་། མུ་མཐུད་དུ་བསམ་བློ་ཇེ་སྒྲིམ་དུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་དང་“བྱ་སྤྱོད་བཞི”ཡོ་བསྲང་བྱེད་པ། སྣེ་ཁྲིད་དེ་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོ་བཏོན་ནས་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་ལག་བསྟར་ཞིབ་སྲོལ་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། སྣེ་ཁྲིད་དེ་དོན་དངོས་དང་གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་མི་དམངས་ཀྱི་འདོད་བློ་ཁོང་དུ་ཆུད་པ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་བསལ་དགོས། སྣེ་ཁྲིད་དེ་དག་ཐེར་ཡོ་བསྲང་དམ་འཛིན་བྱེད་པ། དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་འཕྲལ་བཤེར་འཕྲལ་བཅོས། ཤེས་མ་ཐག་ཡོ་བསྲང་བཅས་མཐའ་འཁྱོངས་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་བཙན་འཐབ་མཐའ་འཁྱོངས་བྱེད་པ། ཚད་གཞི་ཞིབ་བསྡུར་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བཅས་བྱས་ཏེ། དག་ཐེར་ཡོ་བསྲང་དོན་འཁྱོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ཐད་ཤུགས་རྒྱག་དགོས།  གྲུབ་འབྲས་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཧུར་ཐག་གིས“ལས་འགན་གསལ་ཐོ་”དེ་“དོན་འཁྱོལ་གསལ་ཐོ་”དང“ཡིད་ཚིམ་གསལ་ཐོ་”ལ་བསྒྱུར་གང་ཐུབ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། བསམ་པའི་སྒོ་མོ་ཕྱེ་ནས་དག་ཐེར་ཡོ་བསྲང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་གཅིག་ཡོ་བསྲང་དང་ཕན་འབྲས་གཅིག་ཐོན་པར་འགན་ལེན་དང་། དག་ཐེར་ཡོ་བསྲང་གི་ཕན་འབྲས་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་འདེད་གཏོང་བའི་ཐོག་དངོས་སུ་མཚོན་པར་བྱེད་དགོས། སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།  ཁུལ་ཨུ་རྒྱུན་ཨུ་ཚན་ཁག་གིས་ཡུན་ཕུགས་མནོ་བསམ་གཏོང་བ་དང་རྨང་གཞི་འདིང་བ། དོན་འཁྱོལ་གྱི་འཇོན་ནུས་དང་འགན་འཁྲིའི་འདུ་ཤེས་དམ་འཛིན་བྱེད་པ།  རྒྱུན་ཨུ་ཚང་མས་མཚོ་བྱང་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་ཞུགས་པ། མི་སྒེར་གྱི་ལས་བགོས་དང་ཐུན་མོང་མགོ་ཁྲིད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་དེ་ཐུན་མོང་ཐོག་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ། ཡུལ་ཕྱོགས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་མ་ཟད། ཁྱོན་ཡོངས་ལ་དགེ་མཚན་སྐྲུན་ནས་“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།