དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-16 09:33:26   |   245

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས། རིན་ཆེན་ཚེ་རིང་།     ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར། 


གསར་འགྱུར་གལ་ཆེན།

  • ཚེས16ཉིན་པར་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ4པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོའི་ཟླ12པའི་ཚེས15ཉིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བའི་ཁྲོད་ཀྱི་ཁག་ཅིག་སྟེ《མིག་སྔའི་དཔལ་འབྱོར་ལས་དོན་གྱི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ་རྒྱུ་རེད།

  • ཉེ་ཆར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • 2023ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་ཚེས15ཉིན་མཇུག་འགྲིལ་བ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན40རིང་རྒྱལ་ཡོངས་སུ་འགྲུལ་པ་མི་ཐེངས་དུང་ཕྱུར15.95ཙམ་སྐྱེལ་འདྲེན་བྱས་ཡོད།

  • ཚེས15ཉིན། 2023ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། ས་གནས་ཁག་གི་ན་རན་གཞོན་ནུར་སྔ་རྗེས་སུ་གཟུགས་པོར་བརྟག་དཔྱད་བྱེད་མགོ་ཚུགས་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་། དེ་སྔའི་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ལས་བྱེད་པ100ལྷག་ཙམ་ལ་གཞུང་ཕྱོགས་ནས་ཁྲིམས་སྦྱོར་བྱས་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་མགོ་ཡག་པོ་ཚུགས་པ་དང་། རྒྱལ་མཚམས་སྒྲོལ་བའི་མ་དངུལ་འཁོར་རྒྱུག་བརྟན་པོ་ཡོད་པ། རྒྱལ་ཁབ་ཕྱི་ནང་གི་དངུལ་བརྗེས་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བཅས་རེད།

  • ཧན་གོས་ཀྲུང་གོའི་སྤྱི་དམངས་ཧན་གོར་སྐྱོད་པའི་དུས་ཐུང་ཐོངས་མཆན་སླར་གསོ་བྱས་པར་གཞིགས་ནས།  རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྡེ་ཁག་གིས་ཚེས18ཉིན་ནས་བཟུང་། ཧན་གོའི་སྤྱི་དམངས་ལ་འགག་སྒོའི་ཐོངས་མཆན་སྤྲོད་རྒྱུ་སླར་གསོ་བྱས་ནས་ཆུ་ཚོད་72/144ཡི་རྒྱལ་མཚམས་སྒྲོལ་ནས་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སླར་གསོ་བྱེད་རྒྱུ་རེད། 

    r1.jpg


  • ཚེས15ཉིན།  ཕྱི་འབྲེལ་པུས་ཀྲུང་གོའི་བདག་དབང་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཨ་རིའི་དངོས་ཚན་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཀྱི་ཚེས15ཉིན། ཀྲུང་གོ་སྲིད་གཞུང་གིས་སི་རི་ཡའི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་གནམ་གྲུ་དེ་སི་རི་ཡའི་ཏ་མ་ཧྲི་ཀེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་འདུག

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། རེས་སྐོར་འདིའི་དྲོད་ཚད་གཟའ་མཇུག་བར་རྒྱུན་མཐུད་བྱེད་པ་དང་། ས་ཆ་མང་པོར་རིམ་རྩིས་བྱས་ན་དྲོད་ཚད10℃ལས་བརྒལ་བ་དང་ས་ཁུལ་ཁ་ཤས་སུ15℃ཟིན་རྒྱུ་རེད།

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོ་ནས་བཟུང་རྒྱལ་ཡོངས་སུ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་མི་མི་ཁྲི1037གསར་དུ་འཕེལ་རྒྱས་སོང་ཡོད།

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་རྟེན་གཞི35བསྐྲུན་ཡོད་པ་རེད། 

  • ཀྲུང་གོའི་མི་སྡོད་མཁའ་གྲུ་བཟོ་སྐྲུན་གཞུང་ལས་ཁང་གིས་ཉེ་ཆར་སྤྱི་བསྒྲགས་སྤེལ་ནས། སྤྱི་ཚོགས་ལ་ཕྱོགས་ནས2023ལོའི་ལོ་འཁོར་གྱི་མི་སྡོད་མཁའ་གྲུ་འཕུར་སྐྱོད་ལས་འགན་གྱི་མཚོན་རྟགས་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་རྒྱུ་རེད། 

  • ཟླ1པོར།  ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས88.9ཡིན་ལ། དེ་ན་ནིང་གི་ཟླ12པ་ལས་སླར་གསོ1འཕར་ཡོད།

  • སློབ་གསོ་པུས་ཉིན་ཤས་གོང“ཡེ་ཧྲེང་ཐའོ་བུམ་པའི”ཕྱི་ཁོངས་ཀྲུང་གོ་བ་གཞོན་ནུ་ལོ་ཆུང་གི་རྩོམ་ཡིག་འགྲན་བསྡུར་ཆེ་མོ་དེ་སྒྲིག་འགལ་འགྲན་བསྡུར་རུ་གསལ་འདེབས་བྱས་འདུག

  • ཉེ་ཆར།  ཀོང་ཏུང་ཀྲན་ཅང་འགག་སྒོས་མཚོ་ཐོག་ཐོན་རྫས་ལྐོག་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར14.2ཟིན་ཡོད།

    r2.jpg


  • ཚེས15ཉིན་རྒྱལ་ནང་གིས་རང་བརྟེན་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་གྲུབ་ཆའི་ཆེ་ཆུང་གི་ཚད་གཞི་ཆེ་ཤོས་ཀྱི་ཆུ་འདྲེན་སྒྲིག་གཞི་སྟེ། ཀེ་ཀྲོའུ་ཆུ་རགས་ཀྱི་ཀྲའོ་ཝ170ཡི་ཆུ་གློག་འཕྲུལ་ཚན་སྒྱུར་བཀོད་འཕྲུལ་འཁོར་ཨང2པ་སི་ཁྲོན་ཏེ་དབྱང་དུ་ལེགས་འགྲུབ་བྱུང་བ་རེད། 

    r3.gif


  • ཧུའུ་ནན་ཧེང་དབྱང་གི་བུ་མོ་ཞིག་ཆུ་བོའི་ནང་དུ་ལྷུང་བ་དང་། ས་གནས་དེ་གའི་གྲོང་མི་ལུང་ཀྲིན་ལེང་དང་ཧོང་ཀོང་ཏུང་གཉིས་མྱུར་དུ་ཆུར་མཆོང་ནས་བུ་མོ་དེ་སྐྱོབ་ཐབས་བྱས།

སྲིད་ཇུས།

  • པེ་ཅིང་གིས་འཆར་འགོད་ཁྱབ་བསྒྲགས་བྱས་ནས།  གྲོང་ཁྱེར་ཡོངས་ཀྱི་ཚོང་ལས་ཀྱི་ཕྱི་རོལ་བརྡ་ཁྱབ་སྒྲིག་བཀོད་བཀོད་སྒྲིག་བྱེད་མི་ཆོག་པའི་ས་ཁོངས་དང་། བཀོད་སྒྲིག་ཚོད་འཛིན་ས་ཁོངས། བཀོད་སྒྲིག་བྱེད་ཆོག་པའི་ས་ཁོངས་བཅས་དབྱེ་རྒྱུ་རེད།

  • ཧྲེན་ཀྲེན་གྱིས་སྐར་བསགས་དུད་ཚང་དུ་འཇུག་པའི་བྱ་ཐབས་གསར་ཤོས་ཁྱབ་བསྒྲགས་བྱས་ནས། གྲོང་ཁྱེར་རིམ་པ་ཡན་གྱི(གྲོང་ཁྱེར་རིམ་པ་ཚུད་པ)“བདེན་པའི་རྒྱབ་ལངས་”ཀྱི་གཟེངས་བསྟོད་ཐོབ་རིགས་ལ་སྐར་མ30བསྣན་ཆོག་པ་རེད། 

  • ཀོང་ཀྲོའུ་ཡིས་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་འགྱངས་བྱེད་པའི་གསབ་འཇལ་དུས་བཀག་རིང་དུ་བཏང་ནས། འགན་བཅོལ་ནང་ཞུགས་མཁན་ཚན་པས2023ལོའི་ཟླ12པའི་ཚེས31ཉིན་གོང་དུ་དུས་བགོས་སམ་ཡང་ན་ཟླ་རེ་བཞིན་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གསབ་འཇལ་བྱ་རྒྱུའི་རེ་ཞུ་བྱེད་ཆོག

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཤི ན་ཅང་གི་བྱང་རྒྱུད། ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་སའི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད། 

    r4.jpg


  • ཚུར་བསྡུ།  ཟླ2པའི་ཚེས20ཉིན་ནས་བཟུང་། ཡིས་ཆིས་ཏ་ཀྲུང་རླངས་འཁོར་ཚད་ཡོད་ཀུང་སིས་ཐོན་སྐྱེད་དུས་ཚོད2021ལོའི་ཟླ3པའི་ཚེས31ཉིན་ནས2022ལོའི་ཟླ6པའི་ཚེས1ཉིན་བར་གྱི་ནང་འདྲེན་རླངས་འཁོར་ཨའོ་ཏིA6 Allroadདང་། A6 Avant   A7   RS6    RS6    RS7   S6   S7བཅས་ཁག་ཅིག་ཚུར་བསྡུ་བྱེད་རྒྱུ་རེད། 

  • ཀོང་ཏུང་། ཀོང་ཏུང་མཱ་གདོད་འགོག་རང་འཇལ་དང་། རྒན་གཞོན་གྱི་ཞིབ་བཤེར། བདེ་ཐང་རེ་ཞུ་སོགས་ཀྱི་བྱེད་ནུས་དེ་ཟླ2པའི་ཚེས16ཉིན་གྱི་ཆུ་ཚོད11ནས་བཟུང་ཞབས་ཞུ་བྱེད་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།