དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་གསུང་བཤད་བྱས།

2023-02-16 09:41:26   |   281

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། ཡོང་ཁུངས།  མཚོ་བྱང་སྲིད་དོན། 


ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་ལྟར།  ཟླ2པའི་ཚེས15ཉིན། ཁུལ་སྲིད་གཞུང་ཏང་ཙུའུ་ཡིས2022ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་པོ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་སྒོ་ནས་མཐུན་སྒྲིལ་ངང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བས་བཏོན་པའི་གལ་ཆེའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་ཆེན་པོ་ཆགས་སུ་འཇུག་པ་བརྗོད་སྙིང་དུ་བཟུང་ནས། ཁུལ་སྲིད་གཞུང་གི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་དང་། གནད་དོན་ལ་ལྟ་བཤེར་གང་ལེགས་སྤེལ་བ། ཏང་གཤིས་ཀྱི་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

a.jpg

ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གསུང་བཤད་བྱས།  ཁུལ་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཚོགས་འདུར་ཞུགས། ཁུལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་དང་། “ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི་། སྲིད་གྲོས་ཨུ་ཡོན”། སྡེ་ཁུལ་གྱི་འགན་འཁུར་བ། དེ་བཞིན་མང་ཚོགས་ཀྱི་འཐུས་མི་ཚོགས་འདུ་ལ་ལྟ་སྐུལ་བྱེད་པར་གདན་ཞུ་བྱས།

b.jpg

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཚོགས་འདུ་མ་འཚོགས་གོང་དུ། ཆེད་དུ་ཇུས་གཞི་བཟོས་ནས་རང་སྦྱོང་དང་སྙིང་གཏམ་ཤོད་རེས།  བསམ་འཆར་བསྡུ་ལེན་དང་། གནད་དོན་འཚོལ་ཞིབ། ལྟ་བསྡུར་ཞིབ་བཤེར་ཡིག་ཆ་འབྲི་བ་བཅས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོ་འཚོག་པར་རྨང་གཞི་བརྟན་པོ་བཏིང་ཡོད།  ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང2022ལོའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་བྱས་ཚུལ། བསམ་འཆར་དང་གྲོས་མགོ་བསྡུ་ལེན་བྱས་ཚུལ་བཅས་བརྡ་ཁྱབ་བཏང་། ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མིས་གཅིས་བསྡུས་ཀྱིས་སློབ་སྦྱོང་དང་ཞིབ་བསྡུར་བྱས། ཨ་ཁྱུང་གིས་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚབ་ཞུས་ནས་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་གཞན་དག་གིས་རིམ་པ་བཞིན་ཞིབ་བསྡུར་ཞིབ་བཤེར་དང་། རང་སྐྱོན་རང་བརྗོད་བྱས། ། ཚང་མས་ཞིབ་བསྡུར་ཞིབ་བཤེར་བྱས་པ་གཏིང་ཟབ་པ་དང་། ཕན་ཚུན་སྐྱོན་བརྗོད་བྱས་པ་སྲོང་བོ་ཡིན་པ། འབད་བརྩོན་ཁ་ཕྱོགས་གསལ་བོ་ཡིན་པས་བསམ་བློ་བརྗེ་རེས་དང་། གནད་དོན་ཞིབ་བཤེར། མཐུན་སྒྲིལ་དམ་ཟབ། ཐུན་མོང་ཡར་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་ཡོད། 

c.jpg

d.jpg

ཀྲང་ཧྲིང་ཡོན་གྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་མགོ་ཚུགས་ལོ་ཞིག་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱེད་པའི་མགོ་ཚུགས་ལོ་ཞིག་ཀྱང་ཡིན་ལ། རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དང་འཐབ་ཇུས་སྐར་ཁུང་གི་དུས་སྐབས་ཤིག་ཀྱང་རེད། ཁུལ་སྲིད་གཞུང་གི་ཏང་ཙུའི་བློ་མཐུན་ཚོས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་མགོ་འཛུགས་ས་གསར་པར་བརྩིས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་བརྟན་བརླིང་གི་མགོ་ཁྲིད་འོག   ལས་ཀའི་ཚད་གཞི་དེ་བས་མཐོ་བ་དང་། ལས་ཀའི་བླང་བྱ་དེ་བས་ནན་པ། ལས་ཀའི་བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་། འཐབ་འཛིང་ནུས་པ། ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མིག་དཔེ་ཡག་པོ་བྱེད་པ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཚེ་གང་བོར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ། སློབ་སྦྱོང་དང་གོ་རྟོགས་གཏིང་ཟབ་བྱེད་པའི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ལུགས་སློབ་སྦྱོང་གི་མཐིལ་རྟོགས་བྱེད་པའི་ཁྲོད་རིགས་གཞུང་གི་བྱང་ཚད་ལ་ཤུགས་སྣོན་བྱེད་པ། ལག་ལེན་བྱ་སྤྱོད་ཁྲོད་རྩ་བ་ནས་ཁོང་དུ་ཆུད་པར་བྱེད་པ། ཤེས་སྤྱོད་ཟུང་འབྲེལ་ཁྲོད་བྱ་བའི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་སློབ་སྦྱོང་མཐིལ་ཕྱིན་བྱེད་པ་དང་། ཏང་གི་གསར་གཏོད་རིགས་གཞུང་དེ་མཚོ་བྱང་འཛིན་མའི་ཁྱོན་ནས་རྩ་བ་འབུས་ཤིང་རྩེ་མོ་རྒྱས་བར་འགན་ལེན་བྱེད་དགོས། དམངས་ཆེད་འགན་འཁུར་གྱི་མིག་དཔེ་ཡག་པོ་བྱེད་པ། ཏང་གི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་དམངས་འཚོའི་གནད་དོན་དེ་སྲིད་གཞུང་གི་ལས་དོན་མཐའ་དག་གི་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས“མི་དམངས་གོང་དུ་སྤེལ་བའི”འདུ་ཤེས་འཛིན་པ་དང་། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དོན་དངོས་ལ་དམ་པོར་དམིགས་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཚ་གནད་གནད་དོན་ལ་དམིགས་པ། རྒྱ་ཁྱབ་ངང་ཐབས་འདྲི་ཇུས་འདྲི་དང་གཞིགས་པ་སྔོན་སོང་། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དམངས་ལ་ཁེ་ཕན་སྐྲུན་པ། དམངས་ཆེད་འགན་ནུས་ལག་བསྟར་བྱེད་པའི་དངོས་འབྲས་དེ་དམངས་ཀྱི་ཁྲོད་ནས་འཚོལ་བ། མུ་མཐུད་དུ་རྒྱ་ཆེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་བཟང་དུ་གཏོང་དགོས། ལས་སྒྲུབ་ལས་གཏོད་ཀྱི་མིག་དཔེ་ཡག་པོ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “243”འཕེལ་རྒྱས་ཀྱི་བཀོད་པ་དང“མཚོ་བྱང་ལྔ་འཛུགས་སྐྱོང”ལ་དམིགས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་དེར་དམ་པོར་དམིགས་པ་དང་། ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་མཚོ་བྱང་འཕེལ་རྒྱས་དེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ནང་མཉམ་འདྲེས་བྱེད་པ་དང་། ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་རིམ་པའི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་བྱང་དུ་སྔར་བས་དངོས་སར་འབྱོར་བར་བྱེད་དགོས། ཚན་ཁག་གི་ཁོངས་མིས་རང་རྟོགས་ངང་ཁུར་པོ་ལྕི་ཤོས་འཁུར་བ་དང་དཀའ་གནད་ཆེ་ཤོས་སེལ་བ་དང་། མདུན་དུ་བཀོད་འདོམས་དང་། དངོས་སུ་ཤུགས་རྒྱག་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་རྣམ་འགྱུར་དང་དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་མདུན་དུ་སྐྱོད་པའི་འཐབ་རྩོད་སྙིང་སྟོབས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཐོན་ལས་གཞན་སྒྱུར། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ཁག་ལ་རྣམ་པ་གསར་པ་གཏོད་དགོས། གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཡག་པོ་བྱེད་པ།ཏང་ཙུའུ་ཚན་ཁག་གི་ཁོངས་མི་ཁག་གིས་སྣེ་ཁྲིད་དེ་རང་སྐྱོན་རང་བརྟག་རང་སྐུལ་དང་། རང་ཞིབ་གཟབ་ནན། གྲོགས་ལ་གཟབ་ནན་བཅས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པ། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དཔེ་མཚོན་གྱོད་དཔེ་མེ་ལོང་དུ་བཟུང་ནས་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་བྱེད་པ། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའ་བླང་བྱ་བཏོན།


མཉམ་སྤྱོད།