དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝང་ཧུའུ་ཉིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་གྲོས་དཔོན་ཁ་ལུའོ་ཉི་དང་མཇལ་འཛོམས་གནང་།

2025-08-28 08:55:51   |   321

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


0001.jpg

ཟླ8པའི་ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་གྲོས་དཔོན་ཁ་ལུའོ་ཉི་དང་མཇལ་འཛོམས་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་ཧྲེ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ8པའི་ཚེས27ཉིན་འབྱོར་བའི་གློག་འཕྲིན། ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་གྲོས་དཔོན་ཁ་ལུའོ་ཉི་དང་མཇལ་འཛོམས་གནང་བ་རེད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ75སོང་རིང་། ཀྲུང་གོ་དང་སུའེ་ཙེར་གྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་ཟླ་བཅས་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་སུའེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་པ་དང་།   ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་སུའེ་ཙེར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།

ཁ་ལུའོ་ཉི་ཡིས་སུའེ་ཙེར་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བའི་དམིགས་བསལ་གྱི་ལོ་འདིར། ཀྲུང་གོར་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོའི་གསར་གཏོད་ནུས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། སུའེ་ཙེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྲོས་མོལ་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཁང་གིས་ཀྲུང་གོར་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད།

ཝང་ཡུས་དང་ཝང་ཏུང་ཧྥེང་སོགས་མཇལ་འཛོམས་ལ་ཞུགས།


མཉམ་སྤྱོད།