དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱི་རྒྱལ་གྱི་གཙོ་བདག་དང་སྲིད་གཞུང་གི་མགོ་གཙོ26དགུ་གསུམ་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་རེད།

2025-08-28 10:54:18   |   174

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས། ཀྲུང་གོ་གསར་འགྱུར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཕྱི་རྒྱལ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་མགོ་གཙོ26ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་རེད། ཁོང་ཚོ་ནི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིང་ཆང་། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར། སོག་པོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ། པ་ཀི་སི་ཐན་ཙུང་ལི་ཞ་པ་ཚི། བལ་བོའི་ཙུང་ལི་ཨོ་ལི། མར་ཏི་ཝེ་ཙུང་ཐུང་མུའུ་ཡུས་ཚི།  ཧ་སག་སི་ཐན་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་ཙུང་ཐུང་མུས་ཨར་ཆི་ཡར་ཧྥུའུ། ཐ་ཇིག་སི་ཐན་ཙུང་ཐུང་ལ་ཧུ་མན།  ཁེར་གྷི་སི་ཐན་ཙུང་ཐུང་ཀྲ་པོ་ལོ་ཧྥུའུ། ཏུར་མེན་སི་ཐན་གྱི་ཙུང་ཐུང་ཤེར་ཏར་·པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ། ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཁོང་ཀོ(པུའུ)ཙུང་ཐུང་སཱ་སུའུ། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ། སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི། སི་ལོ་ཝ་ཁེ་ཙུང་འི་ཧྥེ་ཙོ། ཁུ་པ་གུང་ཁྲན་ཏང་གི་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏེ་ཡ་སི་ཁ་ལེ་ཨར། འབར་མའི་ཙུང་ཐུང་ཚབ་མ་མེ་ཨང་ལར་བཅས་རེད། 

ཀྲུང་གོ་སྲིད་གཞུང་གི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་གྲོས་དཔོན་དང་། སྲིད་གཞུང་གི་ཙུང་ལི་གཞོན་པ། རིམ་པ་མཐོ་བའི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་སྔའི་སྲིད་དོན་མི་སྣ་ག་ཁག་གཅིག་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་རེད།


མཉམ་སྤྱོད།