དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་ཨུའི2023ལོའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་འཚོགས།

2023-02-16 20:00:19   |   668

རྩོམ་སྒྲིག  སངས་དོན།  འདོན་སྤྲོད། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས། རིན་ཆེན་ཚེ་རིང་།



        ཟླ2པའི་ཚེས15ཉིན། མདོ་ལ་རྫོང་ཨུའི2023ལོའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་རོང་འབྲོག་ཁུལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ན་ནིང་གི་ལས་དོན་ལ་ཕྱོགས་སྡོམ་ཕྱིར་དྲན་དང་། ད་ལོའི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བཀོད་འདོམས་བྱས།

七.jpg

         རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་གསུང་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།
         ཚོགས་འདུས་བསྟན་དོན། 2022ལོར་རྫོང་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་དང་ཆུ་འབྲུབ་པའི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ། རང་འགུལ་ངང“ཞིང་གསུམ”ལས་དོན་གྱི་ལྟེ་གནས་གཞན་འགྱུར་གྱི་དུས་བབ་གསར་བ་དང་བསྟུན་པ་དང་། གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ། རྨང་གཞིའི་ཆ་རྐྱེན་རྒྱུན་མཐུད་ལེགས་བསྒྱུར་བཅས་བྱས་ཏེ། ཞིང་ཕྱུགས་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་འཕར་སྣོན། ཐོན་ལས་བརྟན་ཐོག་ཡར་རྒྱས། སྤྱི་པའི་ཞབས་ཞུའི་ནུས་ཤུགས་བརྟན་ཐོག་འབྲས་སྨིན། གྲོང་གསེབ་བཅོས་སྐྱོང་བརྟན་འཇགས་གོ་རིམ་ལྡན་པ་བཅས་ཀྱི་ཐོག་ནས། རོང་འབྲོག་ཁུལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་གསར་བ་མངོན་འགྱུར་བྱུང་ཡོད། ཡིན་ནའང་དུས་བབ་གསར་བ་དང་བླང་བྱ་གསར་བར་བསྡུར་ཚེ། ལས་ཀ་ལ་ད་དུང་ཧེ་བག་ཡོད་པས་སྔར་བཞིན་དམིགས་ཚད་ལ་དམ་པོར་དམིགས་ནས་མཉམ་ཤུགས་འགག་སྒྲོལ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་ལས་ཀའི་རྣམ་པས་འགྲན་སློང་གསར་བ་བསུ་བ་དང་ལས་འགན་གསར་བ་དོན་འཁྱོལ་བྱེད་དགོས་པ་བསྟན།

        ཚོགས་འདུས་ནན་གྱིས་བསྟན་དོན། ད་ལོའི་རོང་འབྲོག་ཁུལ་གྱི་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གླེང་བརྗོད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རོང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བདེ་འཇགས་འགན་ལེན་ཁག་ཐེག གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་སྔོན་འགོག་བྱེད་པ་སོགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ཕྱུགས་ལས་ཀྱི་བརྟན་ཐོན་མཁོ་སྒྲུབ། རོང་འབྲོག་མང་ཚོགས་ཀྱི་བརྟན་ཐོག་འབབ་འཕར། རོང་འབྲོག་ཁུལ་གྱི་བརྟན་འཇགས་འཆམ་མཐུན་བཅས་ལ་ཁག་ཐེག་བྱས་ཏེ། ཐོན་ལས་དང་པོའི་འཕར་ཐང4.54%ཡན་རྒྱུན་འཁྱོངས་ཐུབ་པ་བྱས་ནས་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ7%ཡན་འཕར་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད་དགོས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་དམིགས་ནས་བརྟན་ཤུགས་དྲག་པོ་སྦྲེལ་མཐུད་ནུས་ལྡན་བྱེད་དགོས། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་ལས་ཀའི་མཐའ་ཚད་བརྟན་པོར་བསྲུང་རྒྱུ་མཐའ་འཁྱོངས་དང་། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་མཐའ་ཚད་ཡག་པོར་བསྲུང་བ། རྨོ་ཞིང་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་བཅས“མཐའ་ཚད་གསུམ་ག”གྲོང་གསེབ་དར་སྤེལ་གྱི་ལས་འགན་ཨང་དང་པོར་བརྩིས་ཤིང་ཕྲག་ཐོག་ཏུ་འཁུར་བ་དང་ལག་ལེན་དུ་བསྟར་ནས་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས། སྐྱེ་ལྡན་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་དམིགས་ནས་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་གལ་ཆེན་ཞིག་དང་གྲོང་གསེབ་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པས། ཐོན་སྐྱེད་གཉེར་སྐྱོང་མ་ལག་གསར་གཏོད་བྱེད་པའི་གོང་འོག་ཏུ“དཀའ་སྤྱད”དང་། སྤུས་རྟགས་ཀྱི་སྣང་བརྙན་ལེགས་བསྒྱུར་ཐད་ལ“རྩོལ་འདོན”། སྒྲོམ་གཞིའི་ཚོང་གཉེར་ཐབས་ཇུས་གསར་བའི་འོག་ཏུ“ཐབས་མཁས”། རོང་འབྲོག་ཁུལ་གྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་ལ“ཤེད་མོང”འདོན་དགོས། བདེ་སྡོད་ལས་བརྩོན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་གསོན་ཤུགས་སྣོན་དགོས། གྲོང་གསེབ་དར་སྤེལ་དེ་ཞིང་བའི་ཆེད་དུ་སྤེལ་བ་དང་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་བའི་ཆེད་དུ་བསྐྲུན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རི་ཆུ་ཞིང་ར་དང“མཛེས་སྡུག་ལྔ་ལྡན”གྱི་གྲོང་གསེབ་ཞིབ་ཚགས་ངང་བསྐྲུན་དགོས། གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་འཛུགས་སྐྲུན་ལ་དམིགས་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས། ཏང་འཛུགས་སྐྱོང་གི་ལྟེ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། “བཅོས་སྐྱོང་ལྔ”མཉམ་འདྲེས་ཟབ་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་མཐུད་དར་སྤེལ། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གསར་བསྐྲུན་ལ་བརྟེན་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཟབ་སྤེལ། གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་སྡེ་སྲོལ་དམངས་ཆིངས་ཀྱི“མཉེན་གཅུན”ནུས་པ་འདོན་སྤེལ་བཅས་བྱས་ཏེ་ལུགས་བཅོས་སྲོལ་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རོང་འབྲོག་ཁུལ་གྱི་ནག་འཇོམས་ངན་སེལ་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་ནས“བརྒྱད་ལྔ”ཁྲིམས་སྤེལ་གཏིང་ཟབ་ཏུ་གཏོང་བ་དང་། “365”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་བ་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”གི་མདོ་ལའི་རྣམ་པ་རྒྱ་ཆེར་གཏོང་བ། “རྣམ་གསལ་བཟོ་སྐྲུན”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འགལ་ཟླ་དང་རྩོད་གཞི་གཅིག་འཐུས་རྣམ་པ་དང་རྣམ་མང་ཅན་གྱི་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས། ཧུར་ཐག་ངང“དོན་དག་ཕྲན་ཚེགས་སྡེ་ཕྱིར་མི་བསྐྱོད་པ་དང་། ཆེ་གྲས་གྲོང་རྡལ་ལས་མི་འདའ་བ། རྩོད་གཞི་གོང་དུ་མི་གཏུག་པ”བཅས་མངོན་འགྱུར་བྱེད་དགོས། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་རྫོང་ཡོངས་སུ་མཐོང་ཚོར་སྣང་བརྙན་བཟོ་སྐྲུན་ཁག་ཅིག་གསར་གཏོད་འཛུགས་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་རྟགས་ཁག་ཅིག་སྐྱེད་སྲིང་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་དགོས།

八.jpg

      ཚོགས་འདུས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པར་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགག་རྩ་ཡིན་པས། ངེས་པར་དུ་ཏང་གིས་རོང་འབྲོག་ཁུལ་གྱི་ལས་དོན་ལ་མགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་། ལམ་ལུགས་མ་ལག ལས་ཀའི་ལམ་སྲོལ་བཅས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། དུས་རབས་གསར་བའི་ཏང་གིས་རོང་འབྲོག་ཁུལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཅིག་ནས་རིམ་པ་གསུམ་གྱི་ཧྲུའུ་ཅིས་མཉམ་དུ“ཞིང་གསུམ”དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཏང་ཀྲུང་དབྱང་ལ་འབོད་སྐུལ་ཡོད་ཚེ་མདོ་ལར་བྱ་སྤྱོད་ཡོད་པར་བྱེད་དགོས་ལ། རིམ་གསུམ་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཏང་གིས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས་པའི་འབོད་སྐུལ་བྱས་ཡོད། དཔུང་ཁག་ཆ་ཚང་ཞིང་སྟོབས་དང་ལྡན་པར་བྱས་ནས་ཞིང་འབྲེལ་ཕྱུགས་འབྲེལ་གྱི་ལས་བྱེད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུ་གུ”བེད་སྤྱོད་ཡག་པོ་བྱས་ཏེ། ཏང་སྲིད་མགོ་ཁྲིད་ཚན་པ་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དཔྱད་ཞིབ་ལམ་ལུགས་གཏན་འབེབས་བྱེད་པ་དང་། དཔྱད་ཞིབ་བྱས་འབྲས་ལ་བརྟེན་ནས་བྱ་དགའ་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཞིང་གསུམ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་བའི་ཏང་ཀྲི་པུའི“དམག་འཐབ་མཁར་རྫོང”གི་ནུས་པ་འདོན་སྤེལ་བྱས་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་གཅིག་མཚུངས་ཅན་དང་སྟོང་སོབ་ཅན་གྱི་གནད་དོན་ཐག་གཅོད་བྱས་ཏེ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི25ཡན་ཟིན་པའི་ཁུལ་རིམ་པའི་དམིགས་ཚད་ལེགས་བསྒྲུབ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་ཁག་ལ་སེམས་ཁུར་དང་དོ་ཁུར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་སྡོད་ལས་དོན་རུ་ཁག་གི་ཁོངས་མིའི་ལས་ཀ་དང་འཚོ་བར་རང་འགུལ་ངང་སེམས་ཁུར་དོ་ཁུར་དང་། སྡེ་སྡོད་ལས་དོན་རུ་ཁག་གི་ཁོངས་མིའི་བསམ་བློ་དང་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་དཀའ་ངལ་དང་གནད་དོན་རིགས་མཐུན་སྦྱོར་ཐག་གཅོད་བྱེད་དགོས། གསུམ་ནས་ནུས་པ་དང་སྤྱོད་ཚུལ་བཟང་བའི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ“ཞིང་གསུམ”འཐབ་ཕྱོགས་ཀྱི་ལས་བྱེད་པས་རང་འགུལ་ངང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་བླང་བྱ་གསར་བ་དང་འཚམས་པར་བྱས་ཏེ་གྲོང་གསེབ་དར་རྒྱས་དང“ཞིང་གསུམ”ལས་དོན་ལ་གོམས་བྱང་ཅན་ཞིག་ཏུ་འགྱུར་བ་བྱེད་དགོས། ཏང་འཛུགས་སྐྱོང་ལ་དམིགས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་དག་ཐེར་ཆེན་པོ་བྱེད་པ། ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་དམའ་རིམ་དུ་བསྐྱོད་ནས་ཡུལ་གྲོང་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་འཁུར་བའི་ལམ་སྲོལ་གསར་གཏོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“སྒྲོག་འགྲེལ་གཅིག་དང་བརྟན་པོ་གཉིས། སྐུལ་འདེད་གསུམ་དང་འགན་ལེན་བཞི”ཡི་བྱེད་སྒོའི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ། “འདམ་དྲི་རྩྭ་དྲི”མ་ཡལ་བར་དམངས་ཀྱི་གནས་ཚུལ་ལ་ཚད་འཇལ་བ་དང་།   “རྣ་བ་གསལ་མོས”དམངས་ཀྱི་བློ་གྲོས་བསྡུ་ལེན་དང་། “བློ་སེམས་དཀར་པོའི”ཐོག་ནས་དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་དགོས། རང་ས་རང་ཡུལ་གྱི་གསོ་སྐྱོང་དང་ཕྱི་ཕྱོགས་ནང་འདྲེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ཡུལ་གྱི་འཇོན་མིའི་སྐས་རིམ་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “གྲོང་གསེབ་ཤེས་ལྡན་རིག་མཛོད”གསར་གཏོད། ཤེས་ལྡན་མི་སྣས་ཕྱུག་འགྱུར་ལ་སྣེ་ཁྲིད་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་། ཕ་ཡུལ་དུ་ལོག་པའི་ཕུལ་བྱུང་འཐུས་མི། ཕུལ་བྱུང་ཁེ་ལས་པ་སོགས་ཤེས་ལྡན་མི་སྣ་བསྡུ་ལེན་བྱས་ཏེ་ཞིང་གསུམ་ལས་དོན་ཁྲོད་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན།
         རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆི་ཚེ་རིང་གིས2023ལོའི་རྫོང་ཡོངས་ཀྱི“ཞིང་གསུམ”གཙོ་གནད་ལས་དོན་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་། ཞིང་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ། ཁུལ་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་ཇུས་གཞིའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས། རྫོང་སྡོད་ཁང་འཛུགས་སྐྲུན་ཅུ་དང་། རྫ་དམར་ཡུལ་ཚོ། མཁར་དམར་གྲོང་རྡལ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་གནང་།
རྫོང་ཨུའི་རྒྱུན་ཨུ་ཁག་དང་། རྫོང་དམངས་ཆེན། རྫོང་སྲིད་གྲོས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྣམས་དང་། རྫོང་ཁྲིམས་ཁང་གི་ཡོན་ཀྲང་། རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་དང་། དེ་བཞིན་ཡུལ་གྲོང་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་ཨུའི་རོང་འབྲོག་ཁུལ་ལས་དོན། གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།