དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་འཚོགས།

2023-02-16 21:35:47   |   131

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཤ་བོ་སྐྱབས་ཀྱིས་ཁུལ་རིག་རྩལ་འཐུས་མིའི་ཚོགས་ཆེན་ཐོག་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་མཚོ་བྱང་གི་རིག་རྩལ་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དབུལ་དགོས་པ་ནན་གྱིས་བསྟན།

3.jpg

ཟླ2པའི་ཚེས16ཉིན། ཤ་བོ་སྐྱབས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིད་བརྟན་པོར་བཅངས་ནས་དེ་བས་སྙིང་སྟོབས་འཕེལ་བ་དང་དེ་བས་དགའ་དགའ་སྐྱིད་སྐྱིད་ཀྱི་སྤྲོ་སེམས་ཐོག་ནས་མཚོ་བྱང་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་དང་གསར་གཏོད་སྟོབས་ཤུགས། འཕེལ་རྒྱས་གྲུབ་འབྲས་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་གཏོད་ཆེད་ལེགས་སྐྱེས་གསར་བ་དེ་བས་ཆེ་བ་དབུལ་དགོས་པ་ནན་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་དབྱང་ཧའེ་ལུང་། གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། དབྱིན་མའོ་ཝུན་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་མ་ཅིན་པེའོ་དང་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚང་ཧའེ་ཕིང་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་།

4.jpg

5.jpg

ཤ་བོ་སྐྱབས་ཀྱིས་རིག་རྩལ་ནི་མི་རིགས་སྙིང་སྟོབས་ཀྱི་དཔལ་འབར་ལྟ་བུ་ཞིག་དང་རིག་རྩལ་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཁུལ་རིག་རྩལ་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཚུན། ཁུལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་དུས་རབས་ཀྱི་འཕར་རྩ་སྟངས་འཛིན་འཕྱུགས་མེད་བྱས་ནས་རང་འགུལ་ངང་དུས་རབས་ཀྱི་རེ་འབོད་ལ་ལན་སློག་པ་དང་། འཚོ་བར་གཏིང་ཟབ་ཞུགས་པ། མི་དམངས་ཁྲོད་གཞི་ཚུགས་པ། རིག་རྩལ་གསར་རྩོམ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ། རིག་རྩལ་དམངས་ཕན་གྱི་ཕན་འབྲས་མངོན་གསལ་དོད་པ། རིག་རྩལ་དཔུང་ཁག་བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་བསམ་པའི་བཙན་ས་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་དབུལ་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིག་རྩལ་ལས་རིགས་དང་རིག་རྩལ་ལས་སྒྲུབ་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མགོ་འཛུགས་ས་གསར་བའི་ཐོག་སྔར་ལས་ཡངས་པའི་མིག་རྒྱང་ཐོག་ནས་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་ཡར་ཐོན་ལ་སྣེ་ཁྲིད་བྱེད་དགོས་པ་སྟེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་མཚོ་བྱང་གི་སྙིང་སྟོབས་འཕེལ་བར་བྱེད་དགོས། མཚོ་བྱང་གི་ལོ་རྒྱུས་རིང་བ་དང་རིག་གནས་ཕུན་སུམ་ཚོགས་པ། རང་བྱུང་མཛེས་ལྗོངས་མཛེས་པ། རིག་རྩལ་གསར་རྩོམ་གྱི་ནང་དོན་གཏིང་ཟབ་མོ་ཡོད་པ། ཁུལ་ཡོངས་ཀྱི་རིག་རྩལ་ལས་སྒྲུབ་པས་ནང་དོན་ལྡན་པ་དང་ཀུན་སྤྱོད་ལྡན་པ།  དྲོད་ཚད་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་ལས་མང་བ་གསར་རྩོམ་བྱས་ནས་ཏང་དང་མེས་རྒྱལ། མི་དམངས། དུས་རབས་གསར་བ་བཅས་ལ་བསྟོད་གླུ་བླངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་བྱང་གི་བསམ་པའི་བཙན་ས་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།  མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྲོད་བྱ་བའི་ཟུང་འབྲེལ་བྱེད་ས་འཕྱུགས་མེད་སྒོས་བཙལ་ཏེ་ཡུལ་དངོས་སུ་སྐྱོད་པ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས།  དམངས་ཀྱི་བསམ་འདུན་ཤེས་རྟོགས་བཅས་བྱས་ནས་མཚོ་བྱང་གི་ཁྱད་ལྡན་ལེགས་ཆ་སྔོག་འདོན་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ་དུས་རབས་ཀྱི་འབོད་སྒྲ་མཚོན་པ་དང་མི་དམངས་ཀྱི་འབད་འཐབ་མངོན་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ། བསམ་བློར་ཞུན་བརྡར་ཐེབས་པའི་ཕུལ་བྱུང་བརྩམས་ཆོས་དེ་ལས་མང་བ་སྤེལ་དགོས།  གཞུང་དྲང་ངང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།  རིག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་མངོན་པའི་རིག་རྩལ་ན་གཞོན་དང་རིག་རྩལ་རྐང་འཛིན་པ་ཚོར་འཆར་གཞི་ལྡན་པའི་སྒོ་ནས་སྔོག་འདོན་དང་གསོ་སྦྱོང་། རོགས་སྐྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལྷག་པར་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་དྲ་ཐོག་འཇོན་མི། གྲོང་གསེབ་ཀྱི་རིག་གནས་པ་བཅས་མཚོ་བྱང་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ནང་ཧུར་ཐག་སྒོས་ཞུགས་རྒྱུར་སྐུལ་མ་གཏོང་དགོས།   རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་། གསར་གཏོད་ཀྱི་འདུ་ཤེས་དང་སྤུས་དག་གི་འདུ་ཤེས་དེ་གསར་རྩོམ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ནས་རིག་རྩལ་བྱ་གཞག་གི་ཁོར་ཡུག་སགར་བ་རྒྱུན་ཆད་མེད་པར་གཏོད་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ལས་འགན་འཁུར་སེམས་མངོན་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་པའི་བཙན་ས་གཏོད་པ་དང་། “243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་ཚད་ཐོག་ནས་རིག་རྩལ་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་རིག་རྩལ་བྱ་བའི་ཁྲོད་ཐོན་པའི་གནད་དོན་གསར་བ་ཐག་གཅོད་བྱེད་རོགས་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་རིག་རྩལ་ལས་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འཕེལ་བར་བྱེད་དགོས།  རྩོམ་རིག་དུས་དེབ་མངོན་གསལ་དོད་པོས་ཡག་པོར་སྒྲུབ་པ་དང་སྐད་འཕྲིན་སྤྱི་སྟེགས་ཐོ་འགོད་བྱེད་པ།  དར་སྲོལ་གསར་བ་འཚོལ་བསྡུ་དང་དྲིལ་སྒྲོག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁྱུག་དབྱིངས་དང་མགྱོགས་འཕྲིན། བརྙན་སྟེགས་སོགས་སྨྱན་སྦྱོར་གསར་བའི་བརྒྱུད་སྒྲོག་གི་ལེགས་ཆར་བརྟེན་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དང་ཕུལ་བྱུང་ཤེས་ལྡན་མི་སྣ་འོས་སྦྱོར་དང་དྲིལ་སྒྲོག་ཡག་པོ་བྱས་ནས་མཚོ་བྱང་གི་དབྱར་མཚོ་རྒྱས་པ་ལྟ་བའི་རིག་རྩལ་བྱ་བའི་རྣམ་པ་དེ་ལས་ལེགས་པའི་སྒོ་ནས་མངོན་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།    


མཉམ་སྤྱོད།