དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་རྫོང་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་ཆེན་བསྡུས།

2023-02-16 21:46:41   |   175

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འདེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས15ཉིན། རྐང་ཚ་རྫོང་གིས་སློབ་གསོ་བྱ་བའི་ཚོགས་ཆེན་བསྡུས། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷས་སྙན་ཞུ་ཕུལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཇམ་དབྱངས་དོན་ལྡན་གྱིས་གཟེངས་བསྟོད་ཀྱི་ཆོད་དོན་སྒྲོག་འདོན་བྱས་པར་མ་ཟད་གྲོས་ཚོགས་ལ་མགོ་འཛིན་བྱས། ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕན་ཚའེ་ཞ་གྲོས་ཚོགས་ལ་ཞུགས་ཏེ་མཛུབ་སྟོན་བྱས་པ་དང་། རྫོང་དཔོན་གཞོན་པ་མ་ཧྲེང་ལེན་གྱིས་གྲོས་ཚོགས་སྟེང་བཏོན་པའི“1+2”ཡིག་ཆ་འཆར་ཟིན་དུ་བཀོད་པར་གསལ་བཤད་བྱས། གྲོས་ཚོགས་སྟེང་རྫོང་ཡོངས་ཀྱི་སློབ་གསོ་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ལས་གཉེར་པར་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ཁ་ཤས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

3.jpg

4.jpg

5.png

ཀྲུའུ་ཁྲིན་ཆིང་གིས་གཏམ་བཤད་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པའི་ཁར། རྒྱ་ཆེའི་དགེ་རྒན་དང་སློབ་གསོ་ལས་གཉེར་པ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་འོག་རྫོང་ཡོངས་ཀྱི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། དགེ་རྒན་རྣམས་ཀྱི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་ལ། སློབ་ཁྲིད་ཀྱི་བྱང་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་ཡོད།

6.png

ཀྲུའུ་ཁྲིན་ཆིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་པ་སྔར་བས་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས་ཞེས་བཏོན་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན་ཡོད། དེས་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་དང་སློབ་གསོ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་བཞག་ཡོད་པ་གང་ལེགས་ཀྱིས་མཚོན་ཡོད་ལ། ང་ཚོར་སློབ་གསོ་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཤིང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་བསྟན་ཡོད། གནས་བབ་གསར་པའི་འོག་ཏུ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སློབ་གསོ་བྱ་བའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། སློབ་གསོའི་འཕེལ་རྒྱས་ལ་སྔར་བས་ཤུགས་ཆེན་པོས་རམ་འདེགས་བྱེད་པ། སློབ་གསོའི་བཅོས་བསྒྱུར་ལ་སྔར་བས་ཆོད་སེམས་བརྟན་པོས་སྐུལ་འདེད་གཏོང་བ། སྔར་བས་གོ་ཆོད་ཀྱི་བྱེད་ཐབས་སྤྱད་ནས་སློབ་གསོའི་དཔུང་སྡེ་ལ་གཅེས་སྐྱོང་བྱེད་པ་བཅས་ཀྱིས་རྐང་ཚ་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསྙེག་པར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གསོའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དེ་རྨང་གཞིའི་བཟོ་འགོད་དུ་བརྩིས་ཏེ། དགེ་རྒན་གྱི་ནུས་པ་སྐྱེད་སྲིང་ལ་དོ་སྣང་དང་དགེ་རྒན་བརྩི་ཞིང་སློབ་གསོ་གཙོ་བའི་སྣང་ཚུལ་བསྐྲུན་པ། དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་མཐོར་འདེགས་བྱེད་པ་བཅས་ཀྱི་ལམ་ནས། ཕུགས་བསམ་དང་ཡིད་ཆེས་བརྟན་ཞིང་སྤྱོད་པ་བཟང་ལ་བརྩེ་བ་ཡོད་པ། ཡོན་ཏན་གྱིས་ཕྱུག་པ། བསམ་པ་བཟང་བ་བཅས་ཀྱི་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་སྡེ་ཞིག་བསྐྲུན་དགོས། ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ལེགས་པའི་སློབ་མ་སྐྱེད་སྲིང་བྱེད་པ་དང་། རྩ་བའི་ལས་འགན་ལ་དམིགས་ནས་ཐབས་ཇུས་འཚོལ་བ་དང་བྱེད་ཐབས་གོ་ཆོད་འདོན་པ། “ལེགས་སྒྲུབ་དང་དངོས་སྒྲུབ། བཟང་སྒྲུབ”ལ་དམིགས་ནས་ཡོངས་ཀྱིས་མི་སྐྱོང་བ་དང་གོ་རིམ་ཧྲིལ་པོར་མི་སྐྱོང་བ། ཕྱོགས་ཡོངས་ནས་མི་སྐྱོང་བ་བཅས་ཀྱི་རྣམ་པ་ཆགས་སུ་འཇུག་དགོས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།སློབ་སྔོན་སློབ་གསོ་ཁྱབ་གདལ་དུ་འགྲོ་བ་དང་ཀུན་ལ་ཕན་པའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་བ། སློབ་གསོར་དོ་དམ་བྱེད་སྟངས་བཅོས་བསྒྱུར་གཏིང་ཟབ་བྱེད་པ། སློབ་གླིང་གི་བདེ་འཇགས་ལ་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ་བཅས་ཀྱིས་རྫོང་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་རམ་འདེགས་ལ་སྔར་བས་ནུས་ཤུགས་ལྡན་དུ་འཇུག་པ་དང་། དགེ་རྒན་གྱི་དཔུང་སྡེ་སྔར་བས་སྤུས་ལེགས་སུ་གཏོང་བ། མི་སྐྱོང་སྟངས་སྔར་བས་ཚན་རིག་དང་མཐུན་དུ་འཇུག་པ། སློབ་གྲྭའི་དོ་དམ་ཆུ་ཚད་མཐོར་འདེགས་མངོན་གསལ་འབྱུང་དུ་འཇུག་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་བརླིང་ངང་མཐོར་འདེགས་འབྱུང་དུ་འཇུག་པ། སློབ་གསོ་ཧྲིལ་པོའི་ཆུ་ཚད་སྔར་བས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འབྱུང་དུ་འཇུག་དགོས། སློབ་གསོ་དམིགས་བསལ་དུ་འཕེལ་རྒྱས་གཏོང་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་ཁ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱོད་བཟང་སྤེལ་ཞིང་མི་སྐྱོང་བའི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་པ་བཅས་ཀྱིས་རྐང་ཚའི་བྱིས་པ་རྣམས་ལ་རང་ཁྱིམ་གྱི་སྒོ་ཁར་སྤུས་ལེགས་པའི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་དུ་འཇུག་པ་དང་། མི་དམངས་མང་ཚོགས་ལ་སློབ་གསོའི་སྐྱིད་སྣང་སྔར་བས་མང་པོ་ཐོབ་ཏུ་འཇུག་དགོས་པ་བཅས་ཀྱི་བླང་བྱ་བཏོན།

7.png

སྟག་ལྷས་སྙན་ཞུ་ཕུལ་བའི་ཁྲོད་དུ་ཉེ་བའི་ལོ་འགའི་རིང་གི་སློབ་གསོ་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔར་གྱི་རྫོང་ཡོངས་ཀྱི་སློབ་གསོའི་བྱ་བར་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྐང་ཚའི་སློབ་གསོའི་འཕེལ་རྒྱས་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་གནས་བྱ་བ་དང་དམ་པོར་སྦྲེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་བླང་བྱ་ལྟར། ཏང་གི་སློབ་གསོའི་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་བཟང་སྤེལ་ཞིང་མི་སྐྱོང་བའི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ། དུས་ཚོད་བཀོད་སྒྲིག་རེའུ་མིག་འབྲི་བ་དང་ལམ་ཐིག་རི་མོ་གཏན་འབེབས་བྱེད་པ། ལས་འགན་ཡི་གེ་འགོད་པ་བཅས་ཀྱིས་སློབ་གསོའི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་དང་། སློབ་གསོ་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞང་དང་གྲོང་རྡལ། ལས་ཁུངས་སོ་སོས་སློབ་གསོའི་འགན་འཁྲི་ལག་བསྟར་བྱེད་པ་དང་། སློབ་གསོ་དར་ཞིང་འཇོན་མི་སྐྱོང་བ་སྲིད་སྐྱོང་གི་ཐོག་མར་བརྩི་བ། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། འགན་ནུས་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། སློབ་སྒྲུབ་ཀྱི་སེམས་ཁུར་སེལ་བ་དང་སློབ་གསོར་ཕན་པའི་བྱ་བ་མང་པོ་སྒྲུབ་པ། མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་ལས་དམ་ཟབ་བྱེད་པ་བཅས་ཀྱིས་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

8.png

ཕན་ཚའེ་ཞ་ཡིས་གཏམ་བཤད་ཁྲོད་ནས་རྐང་ཚ་རྫོང་གིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་སློབ་གསོའི་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས། རྐང་ཚ་རྫོང་གིས་སྤྱོད་བཟང་སྤེལ་ཞིང་མི་སྐྱོང་བའི་རྩ་བའི་ལས་འགན་བསྟུད་མར་ཡོངས་འགྲུབ་བྱེད་རྒྱུ་དང་། སློབ་གསོ་འཕེལ་རྒྱས་གཏོང་བའི་དམིགས་བསལ་འཐབ་ཇུས་མཐུད་མུར་དངོས་འབེབས་བྱེད་རྒྱུ། སློབ་སྔོན་སློབ་གསོའི“ཁྱབ་གདལ་ཀུན་ཕན་རྫོང”གསར་སྐྲུན་བྱེད་པའི་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་རྒྱུ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་སྐྲུན་རང་བཞིན་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ། རྐང་ཚ་རྫོང་གི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་བཏོན།

རྫོང་དུ་ཡོད་པའི་རྫོང་རིམ་པའི་མགོ་ཁྲིད་པ་དང་། ཞང་དང་གྲོང་རྡལ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ། རྫོང་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར། དགེ་རྒན་གྱི་འཐུས་མི་ཁ་ཤས་བཅས་ཚོགས་ཆེན་ལ་ཞུགས། །


མཉམ་སྤྱོད།