དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-17 09:33:00   |   129

སྒྲིག་སྒྱུར།  སངས་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར། 


གསར་འགྱུར་གལ་ཆེན།

  • ཚེས16ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ+ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་”ཡི་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ》ཞེས་པའི་དབྱིན་ཡིག་པར་གཞི་དེ། ཉེ་ཆར། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱེད་རྒྱུ་རེད།

    a.png


  • ཕྱོགས་བསྡུས་ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། 2023ལོའི་དཔྱིད་གསར་སྐྱེལ་འདྲེན་ཉིན40ཡི་ནང་སྤྱི་ཚོགས་ཡོངས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར47.33ཙམ་སླེབས་ཡོད་པ་རེད།

  • ཀྲུང་དབྱང་སྒྲིག་ཨུའི་ཉིན་ཤས་གོང་བསམ་འཆར་པར་འགྲེམས་བྱས་ནས། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར《བྱིས་པའི་གློ་ཚད་ཡན་ལག་གློ་ཚད་སྨན་བཅོས་ཕྱོགས་སྟོན(2023ལོའི་པར་གཞི)》པར་འགྲེམས་བྱས།

  • བཟོ་འཕྲིན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་ཐོན་ལས་ཀྱི་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི1.2ཟིན་རྒྱུ་རེད།

  • ཚེས16ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་“ཀྲུང་གོས་ཨ་རིའི་མངའ་ཁོངས་ཀྱི་བར་སྣང་དུ་དབུགས་ལྒང་སྤྱད་པའི་གྲོས་ཆོད་ཟིན་ཐོ”ལ་གྲོས་འཆམ་བྱས་པར་དམིགས་ནས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་རྒོལ་གཏམ་དྲག་པོ་བཏང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཚེས16ཉིན།  ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཐའེ་ཝན་ས་ཁུལ་གྱི་དམག་དོན་ཚོང་ལས་ལ་ཞུགས་པའི་ལུའོ་ཁེ་ཤིས་ཏེ·མ་ཏིང་ཀུང་སི་དང་། ལེ་ཧྲེན་འཕུར་མདེལ། འགོག་སྲུང་ཀུང་སི་བཅས་བློས་འགེལ་མི་རུང་བའི་དངོས་གཞིའི་གསལ་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས18ནས20ཉིན་བར་མཁའ་རླུང་ཞན་པོ་དེས་རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ནས3~5℃དང་ས་ཁུལ་ཆ་ཤས་ཀྱི་དྲོད་ཚད6℃ཡན་དུ་ཆག་རྒྱུ་རེད།

  • ཚེས16ཉིན།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒན་རྒོན་དང་། བྱིས་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་འཛད་སྤྱོད་དངོས་རྫས་སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

  • ས་གནས་མང་པོས་ཉེ་དུས2023ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཐོག་མའི་རྒྱུགས་ལེན་གྲུབ་འབྲས་འདྲི་རྩད་དུས་ཚོད་སྔ་རྗེས་སུ་ཁྱབ་བསྒྲགས་བྱས།

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དང་རྒྱལ་ཁབ58བར་གྱི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་སླར་གསོ་བྱས་ཡོད།

  • ཚེས16ཉིན། རང་རྒྱལ་གྱི་ཁྲོན་བོད་ས་མཐོའི་དབུས་སུ་སྐྱོད་པའི་ཆེས་མཐོ་གནོན་ལས་གྲྭ་ཐོག་མ་དེ། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་རུ་ཆན་ཧྥུ+-800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སྐྲུན་མགོ་ཚུགས་པ་རེད།

    b.jpg


  • ཚེས15ཉིན། རྒྱལ་ཁབ་རིག་དངོས་ཅུ་ཡིས2023ལོའི“གནའ་རྫས་རྟོག་ཞིབ་ཀྲུང་གོའི་”ལས་གཞི་གལ་ཆེན་གྱི་འཕེལ་རིམ་གལ་ཆེན་ཁྱབ་བསྒྲགས་བྱས་ནས། ད་བར་དུ་ལོ་ངོ་ཁྲི་ལྷག་ཙམ་སོང་བའི་རྡོ་ཆས་གསར་པའི་དུས་རབས་ནས་སུང་ཡོན་དུས་སྐབས་བར་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་གསལ་སྟོན་བྱས།

c.jpg


  • ཉེ་ཆར། ཕྱི་རྒྱལ་དུ་བྲོས་ནས་ལོ་དགུ་ཙམ་སོང་བའི་“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ”ཝང་ཏུང་ཧྲེང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་རེད།

  • ཉིང་པོ་འགག་སྒོས་ཉེ་ཆར་ཀྲུང་གོ་གཅིག་གི་རྩ་དོན་ལས་འགལ་བའི་སློབ་དེབ་རིགས་ཀྱི་དཔེ་ཆ་ཁག་གཅིག་རྩད་ཆོད་པ་རེད།

    d.gif


  • སི་ཁྲོན་ཁྲེང་ཏུའུ་ཡི་ཡུལ་མིའི་སྡོད་ཁང་ཞིག་ལ་མེ་ཤོར་ཡང་ཁྱིམ་དུ་མི་མེད་པ་དང་།  ཉེ་འགྲམ་གྱི་རླངས་འཁོར་ཞིག་བཟོ་ཁང་གི་ཙེང་ཞའོ་ཆང་གིས་འཕྲལ་མར་དེ་གའི་སྒོ་བཙན་གྱིས་ཕྱེས་པ་དང་། མེ་གསོད་འཕྲུལ་ཆས་འཁྱེར་ནས་ཁང་པའི་ནང་འཛུལ། ཡུལ་དངོས་སུ་ཡོད་པའི་མང་ཚོགས་ཀྱིས་དུས་གཅིག་ཏུ་ཉེན་བརྡ་བཏང་ནས་མེ་གསོད་བྱས།

སྲིད་ཇུས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་བརྡ་ཐོ་བཏང་ནས། ཆ་རྐྱེན་དང་མཐུན་པའི་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་གིས་རང་མོས་ངང་སྒོ་བསྟེན་གྱི་སྤྱི་འདོམས་ཞབས་ཞུ་འཛུགས་རྒྱུའི་རེ་ཞུ་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་ལ་སྒོ་བསྟེན་སྨན་བཅོས་ཀྱི་སྤྱི་འདོམས་སྨན་བཅོས་འགན་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

  • ཀྲེ་ཅང་གིས་ད་ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་། ལོ་ལྟར་དངོས་གཞིའི་ཚན་ཁག་གི་སློབ་ཐོན་དཔྱད་རྩོམ(ཇུས་འགོད)ལ་འཐེན་བཤེར་བྱེད་པའི་བསྡུར་ཚད2%ལས་མི་དམའ་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ཉིང་ཞ་ཡིས2023ལོའི་འབྲིང་རྒྱུགས་ལུས་རྩལ་གྱི་ཡུལ་དངོས་ཚོད་ལྟའི་ནང་དོན་ལེགས་སྒྲིག་བྱས་ནས། སྐྱེས་པའི་སྨི1000དང་བུད་མེད་ཀྱི་སྨི800ཡི་རྒྱུགས་འགྲན་བྱེད་མི་དགོས་པ་དང་། སྐར་གྲངས་ཚང་མ་སྤྱིའི་གྲུབ་འབྲས་ནང་བརྩི་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་དབྱི་ལི་ལུང་གཞུང་དང་ལྷོ་ནུབ་ཀྱི་རི་ཁུལ། ནང་སོག་གི་བྱང་ཤར་རྒྱུད་དང་དབུས་རྒྱུད་ཀྱི་ལྷོ་ཕྱོགས། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཧྲན་ཞིས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ནང་ཤིན་ཅང་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ་དང་ཀན་སུའུ་ནུབ་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ལྷོ་ཕྱོགས་སོགས་ས་ཁུལ་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད།

e.jpg


  • ཁྲལ་སློག  2022ལོའི་ལོ་འཁོར་གྱི་མི་སྒེར་གྱི་ཁྲལ་འབབ་སྡོམ་རྩིས་དེ་ཟླ3པའི་ཚེས1ཉིན་ནས་མགོ་ཚུགས་རྒྱུ་ཡིན་པ་དང་། དེ་ནས་བཟུང་སྔ་སྣུར་དུ་ཁྲལ་སྒྲུབ་རྒྱུའི་ཁ་ཆད་བྱས་ཆོག

  • རྒྱུགས་སྤྲོད།  2023ལོར་དམག་དཔུང་གི་ཞི་དོན་མི་སྣའི་ཡོངས་བསྒྲགས་ཡིག་རྒྱུགས་དེ་ཚེས19ཉིན་སྤེལ་རྒྱུ་རེད།


མཉམ་སྤྱོད།