དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཚོང་འགུགས་རྟོག་ཞིབ་ཚོགས་པས་ཅི་ནན་དུ་ཚོང་འགུགས་གྲོས་མོལ་བྱས།

2025-09-05 11:24:14   |   839

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས2ཉིན་ནས3ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ལང་ཁྲའོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དང་། ལུའུ་ཧྲང་སྡེ་ཚོགས། ཧྲན་ཏུང་ཧྥུ་རུའེ་ཏ་སྐྱེ་དངོས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ས་ཞིང་འཕེལ་རྒྱས་སྡེ་ཚོགས། ཅི་ནན་ལན་ཅན་ཅུན་ཞིན་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་སུ་སོང་སྟེ་རྟོག་ཞིབ་བརྗེ་རེས་གནང་ཞིང་། ཁྱད་ལྡན་ཐོན་ལས་དང་ནུས་རྒྱུ་གཙང་མ། རིག་གནས་གནས་སྐོར་ཉམས་ཞིབ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས། ཧྲན་ཏུང་ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུ་ཀྲང་ལི་ཐའོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ལིག་ཡུས་པིན། ཁུལ་དཔོན་གཞོན་པ་ལི་ཞན་རུང་བཅས་སོ་སོར་ཞུགས།

1.png

ལང་ཁྲའོ་སྡེ་ཚོགས་སུ་ཀྲང་ཧྲིང་ཡོན་གྱིས་སྡེ་ཚོགས་ཀྱི་རྩིས་རྒྱག་སྒྲིག་ཆས་དང་མཉེན་ཆས། སྤྲིན་རྩིས་ཞབས་ཞུ། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཙིག་ཆིན་ཀྲུང་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་ལང་ཁྲའོ་སྡེ་ཚོགས་ཀྱིས་སྤྲིན་རྩིས་དང་གཞི་གྲངས་ཆེན་མོའི་ཁྱབ་ཁོངས་ཐད་ཀྱི་སྔོན་ཐོན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་གི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་ལས་གཞི་མ་འཇོག་གསར་སྤེལ་བྱས་ཏེ་ལྗང་མདོག་རྩིས་ནུས་ལྟེ་གནས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ་དང་། དེ་དང་ཆབས་ཅིག ལང་ཁྲའོ་སྡེ་ཚོགས་ཀྱི་ལས་སྟེགས་དང་ཐོན་ཁུངས་ཀྱི་རོགས་རམ་ལ་བརྟེན་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཁྱབ་གདལ་དུ་གཏོང་བ་དང་། འཛད་སྤྱོད་རོགས་སྐྱོར་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་མཚོ་བྱང་གི་སྤུས་ལེགས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་པར་རོགས་རམ་བྱེད་པ། གཞན་ཡང་། ཀྲང་ཧྲིང་ཡོན་གྱིས་སྡེ་ཚོགས་མཚོ་བྱང་དུ་སོང་སྟེ་གསར་བརྗེའི་ཉམས་ཞིབ་སྤེལ་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་ཤིང་།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་མྱོང་རོལ་གཏིང་ཟབ་བྱེད་པ་དང་། ཁེ་ལས་དང་མཚོ་བྱང་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལས་བྱེད་པ་གསོ་སྦྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་པར་བཤད། སྡེ་ཚོགས་ཀྱིས་ཆེད་དོན་མི་སྣ་མངགས་ནས་འབྲེལ་གཏུག་དང་འབྲེལ་མཐུད་བྱས་ནས་མཉམ་ལས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།

2.png

ལུའུ་ཧྲང་སྡེ་ཚོགས་དང་ཧྲན་ཏུང་ཧྥུའུ་རུའེ་ཏ་སྐྱེ་དངོས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དུ་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་སྐྱེ་དངོས་སྨན་རྫས་དང་ཁྱད་ལྡན་ཞིང་ཕྱུགས། རིག་གནས་གནས་སྐོར་སོགས་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་དུ་དམིགས་ནས་ལུའུ་ཧྲང་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝང་ཞུས་ཁྲའོ་དང་བཞུགས་མོལ་བརྗེ་རེས་བྱས་པར་མ་ཟད། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གན་རྒྱ་བཞག ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་བསམ་འདུན་གཞིར་བཟུང་། མཚོ་བྱང་ཁུལ་གྱིས་གཅིག་ནས་སྡེ་ཚོགས་ཀྱི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཐད་མཚོ་བྱང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། མཚོ་བྱང་གི་སྦྲང་རྩི་དང་ཟེའུ་རྡུལ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། སྲད་མ། དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་སྨན་རྒྱུའི་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་མཁོ་སྤྲོད་རྟེན་གཞི་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་རོགས་དང་། གཉིས་ནས་སྐྱེ་དངོས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་། ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ལེགས་ལས་སྣོན་ཞིབ་ཚགས་ཞིབ་བཟོ། བདེ་ཐང་རྒན་གསོ། བདེ་སྲུང་ཟས་རིགས།  མཛེས་འཆོས་བྱུག་རྫས་སོགས་ཁྱབ་ཁོངས་སུ་མཐུན་སྦྱོར་ཞིབ་འཇུག་གསར་སྤེལ་བྱས་ཏེ། མཚོ་བྱང་གི་ཐོན་ཁུངས་དང་སྡེ་ཚོགས་ཀྱི་ལག་རྩལ། ཁྲོམ་རའི་ལེགས་ཆ་བཅས་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། གསུམ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ལེགས་ལས་སྣོན་ཞིབ་ཚགས་ཞིབ་བཟོ་དང་ཆས་རྟགས་གཏོད་པ། ཐུམ་སྒྲིལ་ཚོང་གཉེར་སོགས་ཐད་མཉམ་ལས་ལ་ཤུགས་བསྣན་ཏེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཆས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། བཞི་ནས་སྡེ་ཚོགས་ཀྱི་ཚད་གཞི་དང་དངོས་ཡོད་དགོས་མཁོར་གཞིགས་ནས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་གི་གསལ་ཐོ་འཛུགས་པ་དང་། དེ་སྡེ་ཚོགས་ཀྱི་ཉོ་ཚོང་ལས་སྟེགས་ནང་བཅུག་ནས་འཛད་སྤྱོད་རོགས་སྐྱོར་ལ་གཞོགས་འདེགས་བྱེད་པ། ལྔ་ནས་ལུའུ་ཧྲང་སྡེ་ཚོགས་ཀྱི་ཚད་གཞི་བཟོ་བ་དང་ལས་སྟེགས་འཛུགས་སྐྲུན། གྲངས་འཛིན་ཅན་གྱི་དོ་དམ་བཅས་ཐད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་མཚོ་བྱང་གིས་ཆུ་ཚད་མཐོ་བའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་གཏོད་པ་དང་། དེང་རབས་ཅན་གྱི་ཉོ་ཚོང་ལས་སྟེགས་དང་དེའི་བརྒྱུད་རིམ་ཡོངས་ཀྱི་གྲངས་འཛིན་ཅན་གྱི་ཁུངས་འདེད་ཐུབ་པའི་མ་ལག་སྐྲུན་རྒྱུར་རོགས་འདེགས་བྱེད་པ། དྲུག་ནས་ལུའུ་ཧྲང་སྡེ་ཚོགས་ཀྱིས་དེའི་ཐོན་ལས་ཆགས་གཞིར་བརྟེན་ནས་མཚོ་བྱང་གི་རིག་གནས་གནས་སྐོར་ཐོན་ལས་འཆར་འགོད་ཇུས་འགོད་དང་གཉེར་སྐྱོང་དོ་དམ་ནང་ཞུགས་ཏེ། སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་སོགས་ལས་རྣམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རོགས་བྱེད་པའི་རེ་བ་ཡོད་པར་བཤད། སྤྱི་གཉེར་ཁང་གིས་ཆེད་དོན་མི་སྣ་དམིགས་འཛུགས་བྱས་ནས་རྗེས་མཐུད་སྦྲེལ་མཐུད་ཞབས་ཞུ་ཡག་པོར་བསྒྲུབ་སྟེ་མཉམ་ལས་ཀྱི་བསམ་འདུན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།

3.png

ཧྲན་ཏུང་ས་ཞིང་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དུ་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ལི་པོ་སོགས་དང་ས་ཞིང་ལེགས་སྒྲིག་དང་སྐྱེ་ཁམས་སླར་གསོ། དེང་རབས་ཞིང་ལས། གྲངས་འཛིན་ཅན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། ཧྲན་ཏུང་ས་ཞིང་འཕེལ་རྒྱས་སྡེ་ཚོགས་ཀྱིས་ས་ཞིང་ཕྱོགས་བསྡུས་གསར་སྤེལ་ཁྱབ་ཁོངས་ཀྱི་སྟོབས་ཤུགས་ཆེན་པོ་དང་སྔོན་ཐོན་ཉམས་མྱོང་ལ་བརྟེན་ནས་གཤམ་གསལ་ཕྱོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་སྡེ་ཚོགས་ཀྱི"8+1"གི་ཐོན་ལས་བཀོད་སྒྲིག་ལ་བརྟེན་ནས་མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་གི་ཐོན་ལས་བཀོད་སྒྲིག་ལེགས་བསྒྱུར་ཡོང་བར་རོགས་རམ་བྱེད་པ། གཉིས་ནས་སྡེ་ཚོགས་ཀྱིས་ས་ཞིང་གྲབས་གསོག་དང་དུས་མགོའི་ལེགས་སྒྲིག ལེགས་བསྡུས་བེད་སྤྱོད་སོགས་ཀྱི་ཐད་མཚོ་བྱང་ལ་ཆེད་ལས་ཀྱི་ཉམས་མྱོང་མཛུབ་ཁྲིད་དང་ལག་རྩལ་བློ་འདྲི་མཁོ་འདོན་བྱས་ཏེ་མཚོ་བྱང་གི་ས་ཞིང་ཐོན་ཁུངས་དོ་དམ་ཚད་ལྡན་ཅན་དང་ཕན་འབྲས་མཐོན་པོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གསུམ་ནས་ཚད་གཞི་མཐོ་བའི་ཞིང་སའི་འཆར་འགོད་འཛུགས་སྐྲུན་ཐད་སྡེ་ཚོགས་ཀྱིས་སྔོན་ཐོན་གྱི་འཛུགས་སྐྲུན་ཚད་གཞི་དང་གཉེར་སྐྱོང་བྱེད་སྟངས་ནང་འདྲེན་བྱས་ཏེ་གྲོང་གསེབ་དར་སྤེལ་འགྲོ་རྒྱུར་རོགས་རམ་བྱེད་པ། བཞི་ནས་སྡེ་ཚོགས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོབ་ཉམས་གསོ་དང་གཏེར་རིའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཐད་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་དང་བ་ཚྭ་ཅན་གྱི་ས་ཞིང་དང་བྱེ་འགྱུར་ས་ཆའི་མ་ལག་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རོགས། ལྔ་ནས་རྒྱལ་ཁོངས་བར་སྟོང་གྲངས་འཛིན་ཅན་གྱི་བཅོས་སྐྱོང་དང་། ཐཱན་འདུས་ལས་གཞི་གསར་སྤེལ། ཐཱན་གཉིས་ལག་རྩལ་བེད་སྤྱོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རོགས། དྲུག་ནས་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཐད་མཉམ་ལས་བྱེད་དགོས་པར་བསྟན། སྡེ་ཚོགས་ཀྱིས་མཚོ་བྱང་འདི་ཉིད་གཙོ་གནད་དུ་དོ་ཁུར་བྱེད་པའི་ས་ཁོངས་སུ་བརྩི་རྒྱུ་ཡིན་ལ། ཉེ་དུས་ཆེད་ལས་ཚོགས་པ་མངགས་ནས་ཡུལ་དངོས་སུ་རྟོག་ཞིབ་དང་བརྟག་ཞིབ་བྱེད་པའི་འཆར་གཞི་བཀོད་དེ་མཉམ་ལས་ཀྱི་ནང་དོན་སྔར་ལས་ཞིབ་ཕྲ་བཟོས་ཏེ་ཕྱོགས་གཉིས་ཀྱི་ངོས་འཛིན་གཅིག་མཐུན་སྔ་མོ་ནས་ཞིབ་ཕྲའི་མཉམ་ལས་ཀྱི་ལས་གཞིར་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།

ལན་ཅན་ཅུན་ཞིན་སྤྱི་གཉེར་ཁང་དུ་བཞུགས་མོལ་གནང་སྐབས། ཀྲང་ཧྲིང་ཡོན་གྱིས་སྤྱི་གཉེར་ཁང་གིས་མིག་སྔའི་ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་འགག་ཤུན་སོགས་ཀྱི་གནད་དོན་ལེགས་སྒྲིག་ཧུར་ཐག་བྱས་ཏེ་རང་འགུལ་ངང་ཁུལ་ལས་དོན་ཆེད་སྒྲུབ་ཚན་ཆུང་དང་འབྲེལ་གཏུག་བྱས་ནས་གསལ་ཐོ་བཀོད་པ་དང་། དུས་བཀག་དང་འགན་ཁུར་ལས་ཁུངས། འགན་ཁུར་མི་སྣ་བཅས་ཁ་གསལ་བཟོས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པར་བཤད།

ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་འཕྲིན་ཅུ། ཁུལ་ཞིང་ཕྱུགས་ཅུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་དང་། དེ་བཞིན་མཚོ་བྱང་ཁུལ་གྱི་ཧྲན་ཏུང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།


མཉམ་སྤྱོད།