དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙང་གསུམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཅང་ཧུང་དང་བཅས་པར་སྤེལ་རེས་དང་བཞུགས་མོལ་གནང་བ།

2025-09-05 09:37:23   |   722

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙང་གསུམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཅང་ཧུང་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་།

1.jpg

ཤ་བོ་སྐྱབས་ཀྱིས་ཅང་ཧུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། གཙང་གསུམ་ཚོགས་པས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”དང“གླིང་གཉིས་དང་ས་ཆ་གཅིག”གཏོད་པ།“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་དམིགས་ཚད་བཅས་ལ་དམིགས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་འདུ་འགོད་ལག་ལེན་བསྟར་བས་ཞིང་ཕྱུགས་ནགས་ཉ་སྨན་སོགས་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཁ་དར་ཡོད། གཙང་གསུམ་ཚོགས་པ་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཞིང་ཕྱུགས་ཁེ་ལས་ཆེ་གྲས་གཅིག་པུ་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་ས་ཆའི་ཐོན་ཁུངས་དང་། ལག་རྩལ་བཟོ་པའི་དཔུང་ཁག་ཆེན་པོ། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཅས་ལྡན་པས་མཚོ་བྱང་དང་འཐབ་ཇུས་ཀྱི་ཁ་ཕྱོགས་དང་། ཐོན་ཁུངས་ཀྱི་སྤུས་ཚད། ཐོན་ལས་ཀྱི་གྲུབ་ཆ་སོགས་ཐད་ཕན་ཚུན་གསབ་རེས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེན་པོ་ལྡན། དེ་བས་ཕྱོགས་གཉིས་པོའི་མཉམ་ལས་བར་མཐོངས་རྒྱ་ཆེ་ལ་གབ་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་རྒྱ་སྐྱེད་དེ་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། གཅིག་ནས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་ཞིང་ཕྱུགས་ལས་ཐོན་ཁུངས་ལ་གཞི་ཚུགས་ཏེ། གཙང་གསུམ་ཚོགས་པའི་ས་ཆ་དང་། ལག་རྩལ། ཚན་ཞིབ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ནོར་ལུག་གི་ཤའི་ཞིབ་ཚགས་ལས་སྣོན་དང་། པད་ཁ་དང་ནས་ཀྱི་ཐོན་རྫས་ཞིབ་སྤེལ། སྐྱེ་ལྡན་ལུད་ཐོན་སྐྱེད་སོགས་ཀྱི་ཐད་མཉམ་ལས་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་། མཚོ་སྔོན་གྱི་གྱོ་རྒྱའི་རྟའི་རིགས་རྒྱུད་སྤེལ་བ། ལྗང་མདོག་སྐྱེ་ལྡན་སྤུས་རྟགས་ཁས་ལེན་བཅས་ལ་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཤུགས་ཆེན་བྱས་ཏེ། “མཚོ་བྱང་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་སྤུས་རྟགས་གཏོད་དགོས། གཉིས་ནས་གཙང་གསུམ་ཚོགས་པའི་འཁྱག་སྦྲེལ་ཟོག་འགྲེམས་ཐོན་ཁུངས་དང་ཁྲོམ་རའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཟོག་འགྲེམས་སྔོན་གྱི་མཛོད་ཁང་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་དགོས། གསུམ་ནས་མཚོ་སྐོར་མཐའ་འཁོར་གྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁེ་ལས་དང་ས་གནས་མཉམ་འབྲེལ་གྱིས་གནས་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྐོར་རིག་གནས་གནས་སྐོར་གྱི་མཛེས་ལྗོངས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། གཙང་གསུམ་ཚོགས་པས་མཚོ་བྱང་དུ་མ་འཇོག་ལས་གཏོད་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། མཉམ་ལས་ལ་སྔ་མོ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

2.jpg

ཅང་ཧུང་གིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་པོའི་ནང་གཙང་གསུམ་ཚོགས་པར་ཚད་མཐོའི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འཕེལ་རྒྱས་དར་སྤེལ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་དང་ས་ཁུལ་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་གབ་ཤུགས་སྔོག་འདོན་བྱེད་པ། ནས་དང་པད་ཁའི་ཐོན་ནུས་སྲ་བརྟན་དུ་གཏོང་བ་སོགས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་མཉམ་དུ་གཏོད་རྒྱུ་ཡིན། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་བྱང་དེ་ཁེ་ལས་ཀྱི་གསར་བརྗེ་སློབ་གསོའི་རྟེན་གཞིར་བརྩིས་ནས་ལས་བྱེད་ལས་བཟོ་སྒྲིག་འཛུགས་ཀྱིས་མཚོ་བྱང་དུ་ཏང་གཤིས་སློབ་གསོ་དང་ལས་བྱེད་པའི་གསོ་སྦྱོང་བྱ་བར་བཀོད་སྒྲིག་བྱ་རྒྱུ་ཡིན། མཚོ་བྱང་ཁུལ་གྱིས་གཙང་གསུམ་ཚོགས་པའི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་པོས་ཞིང་ལས་དང་རིག་གནས་གནས་སྐོར། ཚོང་ལས་བཅས་མཉམ་འདྲེས་དང་། སྐྱེ་ཁམས་བཅོས་སྐྱོང་། འཁྱག་སྦྲེལ་ཟོག་འགྲེམས་མ་ལག་འཛུགས་སྐྲུན། ཚན་རྩལ་གསར་གཏོད་དང་སྤུས་རྟགས་གཏོད་པ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། སྤྱོད་གོ་ཆོད་པའི་ལག་རྩལ་གྱི་ཐབས་ལམ་དང་འགག་རྩའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་ས་གནས་དང་ཁེ་ལས་མཉམ་ལས་ཀྱི་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཙང་གསུམ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

3.jpg

གཙང་གསུམ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཉིའུ་ཅན་ཝུའེ་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུས་ཧྲུའུ་ཞང་། ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིང་། ཚོ་ཅི་ཆང་། དེ་བཞིན་འཇུ་ལག་རྫོང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།