དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་མདོ་ལ་རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

2023-02-17 14:33:43   |   918

རྩོམ་སྒྲིག  སངས་དོན།   འདོན་སྤྲོད།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 



 3.jpg

ཟླ2པའི་ཚེས16ཉིན། ཀྲུང་གུང་མདོ་ལ་རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། 2022ལོའི་རྫོང་ཡོངས་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ལ་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས2022ལོའི་ལས་དོན་ལ་སྙན་ཞུ་ཕུལ་བ་དང་། 2023ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་ཧོ་ཧྲེང་ཅེས2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་ཕྱོགས་སྡོམ་གནང་སྟེ། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། རྫོང་ཨུའི་རྒྱུན་ཨུ་ཡོན་ཡིའུ་ཁྲེང་དང་། ཀྲའོ་ཅིན། ལིའུ་ཀྲེན་ཁྲོན། ཀྲོའུ་ཡན་ཞང་། ཏུང་རུའེ་ཞང་། བསམ་འགྲུབ་ཚེ་རིང་། ལིའུ་ཡན་ལུང་། ཝང་ཡུས་མིང་། སྐལ་བཟང་བཅས་ཚོགས་འདུར་ཞུགས་པ་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཁྲང་ཧྲེང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེང་ཧུའེ་ཚོགས་འདུར་ཞུགས།

4.jpg

ཚོགས་འདུའི་ཐོག རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི2022ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། 2022ལོར་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཨུའི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”དང་། ཁུལ་ཨུའི“མཚོ་བྱང་ལྔ”། རྫོང་ཨུའི“འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བའི”འཛུགས་སྐྲུན་དམིགས་འབེན་བཅས་ལ་དམིགས་ནས། “རིམས་ནད་འགོག་སྡོམ་བྱེད་དགོས་པ་དང་། དཔལ་འབྱོར་བརྟན་བརླིང་འོང་དགོས་པ། འཕེལ་རྒྱས་ལ་བདེ་འཇགས་དགོས་པ”བཅས་ཀྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་དུ་བསྟར་ཞིང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་དེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་གོ་རིམ་ལྡན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། གྲོང་གསེབ་དར་རྒྱས་བརྟན་བརླིང་གོང་འཕེལ། དམངས་འཚོའི་བདེ་སྐྱིད་ལེགས་བཅོས་ནུས་ལྡན། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་བཅས་ལས་དོན་ཁག་སོ་སོར་འཕེལ་རྒྱས་གསར་བ་བྱུང་བ་དང་གྲུབ་འབྲས་གསར་བ་ཐོབ་ཡོད་པར་འདོད།

5.jpg

 ཚང་འཛོམས་གྲོས་ཚོགས་ཐོག2022ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས། རེས་སྐོར་གཉིས་ཀྱི་རིམས་ནད་གནོད་འཚེ་དང་། ལོ་རྒྱུས་ཐོག་མཐོང་དཀོན་པའི་འབྲུབ་ཆུའི་གནས་ཚུལ། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་དང་འགྲན་སློང་མང་བོ་བཅས་ཀྱི་མདུན་དུ་རྫོང་ཡོངས་ཀྱི་གོང་འོག་ཀུན་མཐུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས། ས་ཁོངས་ཧྲིལ་བོའི་སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་གྱི་འཆར་གཞི་ཆེན་པོ་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་བྱས་པ་དང་། ལེ་ལག་ཚང་བའི་ཐོན་ལས“ས་ཁུལ་བཞི”བཏོད་པ། གོ་རིམ་ཧྲིལ་བོར་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། སེམས་ཤུགས་ཡོད་རྒུས་དམངས་འཚོའི་བདེ་སྐྱིད་གོང་དུ་སྤེལ་བ་བཅས་བྱས་པས། རྫོང་ཡོངས་ཀྱི་དཔལ་འབྱོར་ཁེ་ལས་བརྟན་བརླིང་ལྡན་པའི་གནས་སྟངས་སླར་གསོ་བྱུང་ཡོད་པར་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལས་དོན་དེ་དག་ལ་གོང་འཕེལ་བྱུང་བ་དང་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་སྣེ་ཁྲིད་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་དེ་ཡིན་ལ། རྒྱབ་རྟེན་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་ཡིན་པར་མ་ཟད། རྫོང་ཨུའི་ཨུ་ཡོན་ཡོངས་དང་། འདིར་བཞུགས་བློ་མཐུན་རྣམ་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཏང་གི་དར་ཆའི་འོག་དྲིན་ཚོར་ཧུར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་རེད།

6.jpg

 ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་ལས་ཀའི་སྤྱིའི་བླང་བྱ་བཏོན་པ་འདི་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མངོན་འགྱུར་བྱེད་པ་བཅས་བྱས་ནས། ཀྲུང་དབྱང་དཔལ་འབྱོར་ལས་དོན་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུ། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་བཅས་ཀྱི་བཀོད་འདོམས་ལྟར་དུ། “དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”དང་། “མཚོ་བྱང་ལྔ”ཡི་འཛུགས་སྐྲུན་དམིགས་འབེན་ལ་དམིགས་ནས། བརྟན་ཐོག་འཕེལ་རྒྱས་ཀྱི་བྱ་བའི་སྤྱིའི་འདེགས་འཇོག་མཐའ་འཁྱོངས་བྱེད་པ་དང་། མ་ལག་ཅན་གྱི་བསམ་ཕྱོགས་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། འཐུས་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འདུ་ཤེས་གསར་བ་མཐའ་འཁྱོངས་བྱས་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་མཉམ་ཞུགས་བྱས་ཐོག སྔར་ལས་ལྷག་པར་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཉེན་ཁ་ཆེ་གྲས་ལ་སྔོན་འགོག་དང་གཙང་སེལ་ནུས་ལྡན་བྱེད་པ། རྫོང་ཨུའི“༡༢༣༤”འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་གསར་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བཅས་ཕྱོགས་གསུམ་ནས་ཁུལ་ཡོངས་ཀྱི་མདུན་གྲལ་དུ་བསྙེག་པར་འབད་དེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་པའི་རབ་བྱེད་གསར་བ་འབད་འབུངས་ཀྱིས་རྩོམ་དགོས།

7.jpg

 ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ད་ལོའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས་ན། ཕྱོགས་བདུན་གཙོ་གནད་དུ་དམ་འཛིན་བྱས་ནས་ལས་དོན་སྤེལ་དགོས། གཅིག་ནས“འགྲན་གནས”དམ་འཛིན་སྒོས་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་ཐད་མྱུར་ཚད་གསར་བ་གཏོད་དགོས། ཐོན་ལས་ཀྱི་བཀོད་པ་དང་མ་དངུལ་གཏོང་ཕྱོགས་ཇེ་ལེགས་སུ་བཏང་ནས་འགྲན་རྩོད་ནུས་པ་ཆེ་བ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་པའི་ཁེ་ལས་རྩེ་གྲ་སྐྱེད་སྲིང་གང་མགྱོགས་བྱེད་དགོས། གངས་འཁྱག་དང་། མཚན་ཁྲོམ། ཐང་ཚོང་སོགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བ་དང་། “མྱུར་སྐྱེལ་སྡེ་བར་བསྐྱོད་པའི”བཟོ་སྐྲུན་ལག་བསྟར་བྱས་ཏེ། གྲོང་ཁྱེར་གྱི་ཐོན་རྫས་གཤམ་སྤེལ་དང་། རི་ཁུལ་གྱི་ཚོང་ཟོག་གྲོང་ཁྱེར་དུ་བསྐྱོད་པ། དྲ་ཚོང་སྡེ་བར་བསྐྱོད་པ་བཅས་ཀྱི་བགྲོད་ལམ་ཤར་གཏོང་བྱེད་དགོས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཡུག་འགན་གཙང་ལེན་གྱིས་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཆུ་དང་། གློག སྣུམ། སྐྱེལ་འདྲེན་སོགས་ཐོན་སྐྱེད་རྒྱུ་ཆ་གཙོ་བོར་ནུས་ཤུགས་ཡོད་རྒུས་འགན་སྲུང་ཡག་པོ་བྱེད་པ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། ཁེ་ལས་ཀྱི་རེ་ཞུ་བརྒྱུད་ལམ་ཤར་བགྲོད་ཐུབ་པ་བཅས་བྱེད་དགོས། གཉིས་ནས“འགག་གནད”བསལ་ཏེ་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བའི་ཐད་ཐོད་བརྒལ་གསར་བ་ཐོབ་པར་བྱེད་དགོས། ནོར་ནག་གྲངས་ཁྲི་དང་བོད་ལུག་གྲངས་ཁྲིའི་གསོ་ཚགས་རྟེན་གཞི་སོགས“གཅིག་ཚན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་དགོས། “འབྱུང་རྟེན་དྲ་རྒྱའི་དངོས་གསོག”གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། “འོད་ཤུགས+རྡོ་སོལ་སྔོག་འདོན་རྡིབ་ཁུལ”མཉམ་འདྲེས་འཕེལ་རྒྱས་བཏང་སྟེ། “ལྟེ་གནས་གཅིག་དང་གླིང་གསུམ། ལས་སྟེགས་གསུམ”གྱི་བཟོ་ལས་ཐོན་སྐྱེད་ཀྱི་རྣམ་པ་གཏོད་དགོས། ཁུལ་ཨུའི“123”Aརིམ་པའི་མཛེས་ལྗོངས་ཁུལ་ཧུར་ཐག་ངང་བཏོད་དེ། “ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་ཉིང་ལག་རུ་ཁག་གཡོན་པ་མདོ་ལར་བསྐྱོད་པའི”གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་དགོས། གསུམ་ནས“གཙོ་གནད”མངོན་གསལ་དོད་པར་བྱས་ཏེ་དཔལ་ཡོན་མཐོ་ས་གཏོད་རྒྱུའི་ཐད་ཚད་ཤིང་གསར་བ་འཛུགས་དགོས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་ལྔའི་མཐོར་འདེགས་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། “སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་དང་ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནགས་ཁྲོད་དཔལ་འབྱོར་དང་ནགས་ལས་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས། ས་བེད་གྲོན་ཆུང་ལམ་ལུགས་བཅས་དོན་འཁྱོལ་ནན་པོ་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པའི་འགན་འཛིན་དུས་ཡུན་གྱི་སྐྱེ་ཁམས་ཕན་འབྲས་འགན་འཁྲིའི་ལམ་ལུགས་དང་། ལས་བྲལ་རྩིས་བཤེར་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་དགོས། བཞི་ནས“འདེགས་གནས”མ་འཆུག་པར་བཙལ་ནས་སྤུས་ཚད་དང་ཕན་ནུས་མཐོར་འདེགས་ཐད་ལེགས་ཆ་གསར་བ་གཏོད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་འདུ་གནས་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། “འཆར་མང་གཅིག་སྒྲིལ”གྱི་དངོས་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་མགྱོགས་མྱུར་ངང་སྒྲིག་བཟོ་བྱེད་དགོས། “དག་གཙང་མདོ་ལ། དཔྱིད་རླུང་བྱ་སྤྱོད”དང“མཐོར་འདེགས་བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་བྱ་སྤྱོད་གསར་གཏོད་གསར་སྤེལ་བྱེད་དགོས། བསྐྱར་དབུལ་ཉེན་བརྡ་དང་རྗེས་མཐུད་རོགས་སྐྱོར་སོགས་ཀྱི་ཡུན་ཕན་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་དར་སྤེལ་གྱི“བྱ་སྤྱོད་ཆེན་པོ་བརྒྱད”དང་། གྲོང་གསེབ་འཕེལ་རྒྱས། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི“གྲོང་གསུམ་བཟོ་སྐྲུན”ལག་བསྟར་བྱེད་དགོས། ལྔ་ནས“དཀའ་གནད”འགག་སྒྲོལ་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་འདོན་སྤེལ་བྱེད་པའི་ཐད་གསོན་ཤུགས་གསར་བ་འཕེལ་བར་བྱེད་དགོས། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་དང་གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བདག་གིར་བཟུང་བའི་སྡོད་ཁང་འཛུགས་སྐྲུན་གྱི་ཚོད་ལྟའི་རྟེན་གཞི་བསྒྱུར་བཅོས་ལས་འགན“སྣ་གཉིས”ཏན་ཏིག་ངང་ཡག་པོར་བསྒྲུབས་ནས། ཧྲན་ཏུང་པིན་ཀྲོའུ་དང་ཀྲུང་གོ་ཝོའུ་ཁོང་སོགས་དབར་ཕྱོགས་ཡོངས་དང་། རིམ་པ་དུ་མ། ཁྱབ་ཁོངས་ཡངས་པོ་བཅས་ཀྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཚོང་འགུག་མ་འདྲེན་གྱི་ལམ་སྲོལ་གསར་གཏོད་དང་། ཚོང་འགུག་མ་འདྲེན་གྱི་ལས་འགན་ཞིབ་ཚགས་སུ་བཏང་ནས་ཚོང་འགུག་ལས་གཞི་དོན་འཁྱོལ་བྱེད་པའི“མགྱོགས་མྱུར་བགྲོད་ལམ”དང་གནད་དོན་ཐག་གཅོད་བྱེད་པའི་“ལྗང་མདོག་བགྲོད་ལམ”འཛུགས་དགོས། “ལས་གཞི་འགག་སྒྲོལ་ལོའི”བྱ་སྤྱོད་དེ་འགག་གནད་སྒྲོལ་སར་བྱས་ཏེ་བེད་ཆོད་ཆེ་བ་དང་། ལྗང་མདོག་འདུས་ཚད་མང་བ། འདུས་ཚད་མཐོ་བ་བཅས་ཀྱི་ལས་གཞི་ཁག་ཅིག་ནང་འདྲེན་བྱེད་དགོས། དྲུག་ནས“ཚ་གནད”ལ་དམིགས་ནས་དམངས་འཚོའི་བདེ་སྐྱིད་གོང་དུ་སྤེལ་བའི་ཐོག་ནས་འཚོ་བ་གསར་བ་གཏོད་དགོས། ལས་ཞུགས་ཞབས་ཞུ་མཐོར་འདེགས་བཟོ་སྐྲུན་དང་ལས་རིགས་རྩལ་ནུས་མཐོར་འདེགས་བྱ་སྤྱོད་སྤེལ་བ་དང་། ནད་ཆེན་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གླ་ཆ་འགྱངས་ཆད་རྩ་བཅོས་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཏན་ཏིག་ངང་སྤེལ་བ་བཅས་བྱེད་དགོས། ཁུལ་ཨུའི་དམངས་དགེ་སློབ་ཕན་གྱི“བྱ་ཐབས་ཁག་བཅུ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “1+N”སྣ་མང་ཅན་གྱི་ཕུལ་བྱུང་སློབ་གསོའི་དམངས་ཕན་སྲིད་ཇུས་ཞིབ་བཟོ་གཏན་འབེབས་བྱེད་དགོས། རིམས་ནད་འགོག་སྡོམ་གྱི“རིགས་ཁ་པའི་དོ་དམ”བྱེད་ཐབས་དོན་འཁྱོལ་བྱས་ནས་རིམ་དབྱེའི་སྨན་བཅོས་ནུས་པ་དང་། རྒན་ཞན་ནད་སྐྱོན་དང་བྱིས་པ། སྦྲུམ་མ། དེ་བཞིན་རྨང་གཞིའི་རང་བཞིན་གྱི་ནད་གཞི་ཕོག་པ་སོགས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བདུན་ནས“ཁྱད་ཆོས”ཁོང་དུ་ཆུད་པར་བྱས་ནས་ཉེན་ཁ་སྔོན་འགོག་དང་གཙང་སེལ་ཐད་གྲུབ་འབྲས་གསར་བ་མཉམ་སྤྱོད་བྱེད་དགོས། ཆེད་དོན་བུན་འཛིན་དོ་དམ་ལམ་སྲོལ་དང་ལས་གཞི་གལ་ཆེན་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩ་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི“དོན་ཚན་བཅོ་ལྔའི”བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “365”གཞི་རིམ་བཅོས་སྐྱོང་བྱེད་སྟངས་ཀྱི་པར་གཞི2.0ཕྱོགས་ཡོངས་ནས་སྤྱོད་མགོ་རྩོམ་པ་དང་། ཞུ་གཏུག་དང་འགལ་རྩོད་འདུམ་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་སྤེལ་བ་བཅས་བྱེད་དགོས།

8.jpg

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། རིམ་པ་ཁག་གི་ཏང་ཙུའུ(ཏང་ཨུ)ཡིས་བསམ་བློའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “གྲོས་གཞི་ཨང་དང་པོ”སློབ་སྦྱོང་གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཤིང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དམའ་རིམ་དུ་བསྐྱོད་ནས་ཡུལ་གྲོང་ཏང་ཨུའི“ཧྲུའུ་ཅི་ཨང་དང་པོ”འཁུར་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི“སྦྱོང་བརྡར་བྱེད་སྒོ་”སྤེལ་ནས་ཡུལ་གྲོང་ལས་ཁུངས་དང་སྡེ་ཚན་ཐམས་ཅད་ནས་ཉུང་མཐར་ཡང་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས1གཏོད་རྒྱུ་བརྩོན་ལེན་བྱས་ཏེ། གཞི་རིམ་གྱི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“དབྱངས་རྟ་གཙོ་བོ”སྔར་བས་གསལ་བར་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གསོ་སྐྱོང་དང་། དབྱེ་འབྱེད། འདེམས་སྒྲུག ལྟ་སྐུལ། སྐུལ་ལྕག་བཅས་ཀྱི“མ་ལག་ཆེན་པོ་ལྔ”འཐུས་སྒོ་ཇེ་ཚང་དུ་བཏང་ཐོག མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་འཁུར་ནུས་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་བསྐྲུན་དགོས།

9.jpg

ཚང་འཛོམས་གྲོས་ཚོགས་ཐོག ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས“དོན་འཁྱོལ་བྱེད་ཤེས་པའི”ནུས་ཤུགས་ཆེ་རུ་གཏོང་བ་དང་། “དོན་འཁྱོལ་བྱེད་ཕོད་པའི”སྙིང་སྟོབས་དར་སྤེལ་གཏོང་བ། “དོན་འཁྱོལ་བྱེད་ཐུབ་པའི”སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྣམ་པ་གསལ་བོར་ངེས་ཐོག་བསམ་བློ་གཅིག་གྱུར་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་རང་རྟོགས་ངང་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། བསམ་བློའི་ཟབ་ས་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཏན་ཏིག་བྱེད་དགོས། གཙོ་གནད་འགག་སྒྲོལ་གྱི་དཀའ་གནད་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང“མཐའ་འཁྱོངས་དྲུག”གི་ལས་ཀའི་བླང་བྱ་དང་ད་ལོར་གཙོ་གནད་དུ་སྤེལ་བའི“ཕྱོགས་བདུན”གྱི་ལས་དོན་ལ་དམིགས་ནས། “ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི”ཁྲོད་མིག་དཔེ་སྟོན་པ་དང་། “མདོ་ལ་རིང་མོའི་ལྷོ་འདབས་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི”ཁྲོད་མཐོ་སར་འགྲེངས་ཏེ་འགན་འཁྲི་འཁུར་ཕོད་པ། “རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས”ལ་སྐུལ་འདེད་གཏོང་བའི་ཁྲོད་ཕྱོགས་བསྒྱུར་ལ་སྐུལ་འདེད་དང་འགུལ་ནུས་འཕར་སྣོན། “རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ”མཉམ་སྐྲུན་བྱེད་པའི་ཁྲོད་སྤུས་རྟགས་གསལ་བར་མངོན་ནས་སྣང་བརྙན་མཐོར་འདེགས་བྱེད་པ། ལག་ལེན་དངོས་ཀྱི་ཐོག་ནས་གཙོ་གནད་ཁྱབ་ཁོངས་སུ“ཕུ་གཅིག་བཏབ”པས་རྫོང་ཡོངས་ཀྱི་འཕེལ་རྒྱས་ལ་སྤྱི་ཡོངས་ནས“གསོན་ཤུགས་རྒྱས་པར”བྱེད་དགོས། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། འགན་འཁྲི་ཤུགས་དྲག དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས། “སྤྱོད་ཚུལ་འགྱུར་ལྡོག་དྲག་པོ་དང་ནུས་ཤུགས་མཐོར་འདེགས་ཆེན་པོའི”བྱེད་སྒོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་འཕྲལ་མར་བསྒྲུབ་པའི་ཏན་ཏིག་གི་སྤྱོད་ཚུལ་དར་སྤེལ་གཏོང་བ། ལས་སྒྲུབ་ལས་གཏོད་དང་སློབ་སྦྱོང་བསྙེགས་བརྒལ་གྱི་རྣམ་པ་གསར་བ་གོང་དུ་འཕེལ་བ་བཅས་བྱས་ཏེ། རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱིས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་དོན་ལྡན་བྱེད་དགོས་ཞེས་བླང་བྱ་བཏོན། །

ཚང་འཛོམས་གྲོས་ཚོགས་ཐོག་ད་དུང་ཡུལ་གྲོང་ཁག་དང་སྡེ་ཚན་ཁག ལས་ཁུངས་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། 2022ལོའི་ལོ་འཁོར་གྱི་ཡུལ་གྲོང་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ལས་ཀའི་ཕན་འབྲས་ལ་གདེང་འཇོག་བྱས། 2022ལོའི་ལོ་འཁོར་གྱི་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ལས་དོན་དང་ལོ་འདིའི་ནང་གསར་དུ་འདེམས་བསྐོ་བྱས་པའི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་མོལ་བྱས།

ཚང་འཛོམས་གྲོས་ཚོགས་ཐོག་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་མང་ཚོགས་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་ཀྱི་སྒོ་ནས་ལག་གི“བཟོ་སྐྲུན་དཔེ་རིས”དེ་མདོ་ལའི་ས་གཞི་ཆེ་པོའི“མཛེས་ལྗོངས་དངོས་བྲིས”སུ་བསྒྱུར་ཏེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བའི་རབ་བྱེད་གསར་བ་ཧུར་ཐག་གིས་རྩོམ་ཕྱིར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་འབོད་སྐུལ་བཏང་།

རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ལྷན་ཞུགས་བྱས། རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི་དང་། རྫོང་སྒྲིག་ཨུའི་རྒྱུན་ཨུ་དང་རྫོང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་ཨུའི་ལས་ཁུངས་ཁག་དང་རྫོང་ཐད་གཏོགས་ལས་ཁུངས་སྡེ་ཚན་ཁག མང་ཚོགས་ཚོགས་པ་ཁག ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཡུལ་གྲོང་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ(གྲོང)དཔོན། ཞིང་ཆེན་དང་ཁུལ་རྫོང་གི་ཏང་འཐུས་ཚོགས་འདུའི་འཐུས་ཚབ་བློ་མཐུན་ཁག་ཅིག་ཚོགས་འདུར་ཟུར་ཞུགས་བྱས།

མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།


མཉམ་སྤྱོད།