དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི“ཇ་ཡུན”གསར་འགྱུར།

2023-02-17 14:42:04   |   149

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

  • ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས1ནས་ཚེས་14ཉིན་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང36གི་གཙོ་གནད་ཚོང་ལས་ཁུལ་དུ་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི9.6ཟིན་པ་དེ། ན་ནིང་གི་དུས་མཚུངས་ལས42.3%འཕར་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རང་རྒྱལ་གྱི་འོད་ཤུགས་ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་ཁག་གི་ཐོན་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི1.4ལས་བརྒལ་ཡོད་པ་རེད།

  • ཚེས17ཉིན། ཀྲུང་གོའི་དཔང་འཛིན་ལྟ་སྐུལ་དོ་དམ་གྱིས་བསྒྲགས་པ་ལྟར་ན། མ་རྐང་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་ཀྱི་འབྲེལ་ཡོད་ལམ་ལུགས་སྒྲིག་སྲོལ་དང་།  ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་པའི་ཐོ་འགོད་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་བཅས་འབྲེལ་ཡོད་སྒྲིག་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།

  • ཉེ་ཆར། རུ་འཁྱུར་དམག་མིའི་ལས་དོན་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམས་བྱས་ཏེ། ལས་ཞུགས་དཀའ་ངལ་ཡོད་པའི་རུ་འཁྱུར་དམག་མིར་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

  • ཉེ་ཆར། རང་བྱུང་ཐོན་ཁུངས་པུས་ཁྱབ་བསྒྲགས་བྱས་པའི《ཡོངས་བསྒྲགས་ས་བཀྲའི་ནང་དོན་མཚོན་པའི་ཚད་གཞི》ཞེས་པ་དེས། ཀྲུང་གོའི་རི་མོ་ཧྲིལ་པོ་དང་ཐའེ་ཝན་ཞིང་ཆེན་གྱི་ས་བཀྲའི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད།

  • ཀྲུང་གོ་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རྡོ་སྣུམ་བཙོ་སྦྱང་གི་སྤྱིའི་ཐོན་འབབ་ལོ་རེར་ཏུན་དུང་ཕྱུར9.2ཟིན་ནས་འཛམ་གླིང་གི་རྡོ་སྣུམ་བཙོ་སྦྱང་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད་པ་རེད།

  • པོ་ཨོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི2023ལོའི་ལོ་ཚོགས་དེ་ཟླ3པའི་ཚེས28ནས་ཚེས31ཉིན་བར་འཚོག་རྒྱུ་རེད།

    a.jpg


  • ཚེས17ཉིན། ལྷ་གྲུ་ཨང་བཅུ་བཞི་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་དང་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ་པེ་ཅིང་འཇིག་རྟེན་འཕུར་སྐྱོད་གླིང་དུ་འཚོགས་ཤིང་། འདི་ཡང་འཇིག་རྟེན་འཕུར་སྐྱོད་པ་མི3བར་སྣང་ནས་ཕྱིར་ལོག་རྗེས།  ཐེངས་དང་པོར་དངོས་སུ་ཡོངས་བསྒྲགས་ངང་གསར་འགོད་པར་ཐུགས་འཕྲད་བྱས་པ་རེད།

b.jpg


  • ཚེས17ཉིན། ཐུར་ཁེར་རྒྱལ་སྤྱིའི་རོགས་སྐྱོབ་བྱེད་པར་བསྐྱོད་མཁན་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་བདེ་འཇགས་ངང་རྒྱལ་ནང་དུ་ལོག་པ་རེད།

  • སྙན་ཞུ་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་འདིའི་ཚེས13ཉིན། སའི་གོ་ལའི་ལྷོ་སྣེའི་མཚོ་འཁྱགས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི191བར་ཉུང་དུ་ཕྱིན་པ་དེ1979ལོར་ཟིན་ཐོ་བཀོད་ཚུན་གྱི་ཆུ་ཚད་དམའ་ཤོས་ཡིན་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ཧྭ་པེའི་ས་ཆ་མང་ཆེ་བ་དང་། ཧྥུན་ཝེ་བདེ་ཐང་། བྱང་ཤར་ས་ཁུལ་གྱི་ལྷོ་རྒྱུད་སོགས་ས་ཁུལ་གྱི་རླུང་ཁམས་ཆེ་མོ་ཁྱབ་པའི་ཆ་རྐྱེན་ཅུང་ཞན་པ་དང་། སྨུག་རྡུལ་འབྲིང་བ་ནས་སྨུག་རྡུལ་ཚབས་ཆེན་བཟོ་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར།  ལོ་འདིའི་ནང་ཀྲུང་དབྱང་གི་འཁྱགས་ཕག་ཤ་ཁག་དང་པོ་གསོག་འཇོག་བྱེད་པའི་ལས་དོན་སྤེལ་རྩིས་ཡོད་པ་རེད།

  • ཉེ་ཆར། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དངུལ་རྩའི་སྒྲིག་གཞི5ཡི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་པ་དང་།  དངུལ་ཆད་སྒོར་དུང་ཕྱུར3.8ལས་བརྒལ་ཡོད་པ་རེད།

  • དམངས་སྲིད་པུས་བརྡ་ཐོ་བཏང་ནས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་གྲོན་དངུལ་གང་བྱུང་དུ་བསྡུ་བའི་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་རྒྱུར་རོགས་རམ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཚེས17ཉིན།  རང་རྒྱལ་གྱི“ནུབ་ཀྱི་རྡོ་སོལ་ཤར་དུ་འདྲེན་པའི་”འཕར་རྩ་ཆེན་པོ་ཏ་ཆིན་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར80ལས་བརྒལ་ཡོད་པ་རེད།

  • ཚེས17ཉིན།  ཧྥུའུ་ཅན་ཀྲང་ཀྲོའུ་རུ་གནས་པའི་“ཧྭ་ལུང་ཨང་དང་པོའི”གྲངས་འབོར་ཅན་གྱི་འཕྲུལ་འཁོར་ཁག་དང་པོའི་ཕྱི་རོལ་གྱི་དཔྱང་སྒྲིག་ལེགས་གྲུབ་བྱུང་ཡོད།

  • ཀོང་ཤིས་པེ་ཧེ་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་རྒྱན་འཛུགས་ཚོགས་པ་ཞིག་མེད་པ་བཟོས་ནས་ཉེས་གསོག་དོགས་ཅན8བཟུང་བ་དང། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི4000ལྷག་ཙམ་ཟིན་ཡོད་པ་རེད།

  • ཧྲན་ཞི་ཞི་ཨན་གྱིས་མི་མང་པོས་ཆང་བུམ་བཟུང་ནས་ཕན་ཚུན་རྡུང་རེས་བྱས་པའི་གྱོད་གཞི་བརྡ་ཁྱབ་བཏང་བ་དང་། ཝང་ཆེ་གེ་མོ་དང་ཡེ་ཆེ་གེ་མོ་སོགས་མི་བཞི་ཉེས་དོན་བཀག་ཉར་བྱས།

c.png


  • ཀོང་ཏུང་མོ་མེན་གྱི་ལོ10ལ་སླེབས་པའི་བྱིས་པ་ཞིག་རླངས་འཁོར་གྱི་དོན་རྐྱེན་གྱིས་རླངས་འཁོར་གྱི་ཞབས་སུ་མནན་པ་དང་། ཉེ་འཁོར་གྱི་གྲོང་མིས་མྱུར་དུ་རླངས་འཁོར་ཡར་བཀྱགས་ནས་བྱིས་པ་དེ་བསྐྱབས།

སྲིད་ཇུས།

  • ཧྲང་ཧའེ་ཡིས་སྤྱི་པའི་རླངས་འཁོར་འཇོག་གནས(སྒྱུར་བཀོད་དང་རྒྱ་སྐྱེད་)གསར་དུ་བསྐྲུན་ནས་གློག་གསོག་ནུས་པ་ལྡན་པའི་རླངས་འཁོར་འཇོག་གནས་དེས་སྤྱིའི་རླངས་འཁོར་འཇོག་གནས་ཀྱི་བརྒྱ་ཆ10%ལས་མི་ཉུང་བ་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།

  • ཉིང་ཞ་ཡིས་བརྡ་ཐོ་བཏང་ནས་ལས་ཞུགས་ནུས་པ་ལྡན་པའི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་ཁོངས་མི་ལས་ཞུགས་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བཏང་ནས།  ལས་ཞུགས་ལས་གཏོད་ལེགས་གྲུབ་བྱུང་རྗེས།  དུས་ཡུན་རིང་ཤོས་ཟླ18ཀྱི་མ་མཐའི་འཚོ་བའི་འགན་ལེན་རིམ་བཞིན་ཕྱིར་འཐེན་བྱེད་པའི་དུས་ཡུན་གཏན་ཁེལ་བྱས་ཡོད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་བརྡ་ཐོ་བཏང་ནས་སློབ་གྲྭས་སྟབས་བསྟུན་ལས་ཞུགས་དང་ལས་ཀ་གྲོལ་རྒྱུར་སྐུལ་ལྕག་བཏང་ནས། དགེ་རྒན་གྱི་ལས་ཀ་དང་ངལ་གསོའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཅི་ལིན་ཤར་རྒྱུད་དང་། ལོ་ཉིང་། ཀན་སུའུ་ཡི་རྨ་ནུབ་། ཉིང་ཞ། ཧྲན་ཞིའི་དབུས་བྱང་རྒྱུད། པེ་ཅིང་། ཧོ་པེའི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ་དང་། ཅང་ཧན་གྱི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་ཡོད།

    d.jpg


  • ཕྱི་སྐྱོད།  ཉིན་ཤས་གོང་ཀྲུང་གོ་དང་མར་ཏི་ཝེའི་དབར་གྱི་ཐོངས་མཆན་མི་དགོས་པའི་གྲོས་ཆོད་དངོས་སུ་གོ་ཆོད་པ་རེད།

  •  ཧྲན་ཤིས།  མཐོ་རིམ་སློབ་གསོའི་རང་སྦྱོང་ཡིག་རྒྱུགས་ཚེས21ཉིན་གྱི་ཆུ་ཚོད་8པ་ནས་བཟུང་མིང་ཐོ་འགོད་མགོ་ཚུགས་རྒྱུ་རེད།


མཉམ་སྤྱོད།