དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཁྱུང་གིས་རྐང་ཚ་རྫོང་དུ་གནས་སྦྲེལ་སྒྲོག་འགྲེལ་བྱེད་སྒོ་སྤེལ།

2023-02-18 09:41:39   |   1336

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།   མཚོ་བྱང་སྲིད་དོན།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས17ཉིན།  ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་རྐང་ཚ་རྫོང་དུ་གནས་སྦྲེལ་སྒྲོག་འགྲེལ་དང་འཚམ་འདྲིའི་བྱེད་སྒོ་སྤེལ་ནས་ཀྲུང་དབྱང་དང་ཞིང་ཆེན་། ཁུལ་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

3.jpg

གནས་སྦྲེལ་བྱ་ཡུལ་གྱི་དབྱི་དཀར་འོམ་ལུང་ཡུལ་ཚོ་རུ་ཨ་ཁྱུང་དང་རྫོང་གི་གྲོང་གསེབ་ལས་བྱེད་པ་བྱམས་བརྩེའི་ཁ་བརྡ་བྱས།  སྔར་བས་ལེགས་པོའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་ཆེད། ཁོང་ཚོས་ཕན་ཚུན་ལ་བསམ་བློ་གླེང་བ་དང་ལས་དོན་གླེང་རེས་བྱས།  ཨ་ཁྱུང་གིས་བསྟན་དོན། གཞི་རིམ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ནན་པོ་བློ་ལ་བརྟན་པོར་ངེས་ནས་ལས་བྱེད་པའི་ཚད་གཞི་བརྟན་སྲུང་དང་། བློ་དཀར་དང་གཞུང་དྲང་། སྤྱོད་གཙང་གི་ལས་སྲོལ་རྒྱུན་འཛིན་བྱེད་པ། “སྤྱོད་ཚུལ་སྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི”སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་ཀའི་སྤྱོད་ཚུལ་སྲོང་བོར་འཛིན་པ་དང་།  བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སེམས་ཤུགས་ཡོད་ཚད་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པའི་རླབས་ཆེན་བྱ་གཞག་ཁྲོད་ཧུར་ཐག་གིས་བྱས་རྗེས་སྐྲུན་དགོས་པ་བསྟན།

4.jpg

གཉའ་གོང་མ་གྲོང་ཚོའི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་རུ་ཨ་ཁྱུང་གིས་རྟེན་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་ཡུལ་དངོས་ནས་ལྟ་སྦྱོང་བྱས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ། ཕྱུག་འགྱུར་སྣེ་ཁྲིད་པ། འབྲོག་པའི་འཐུས་མི་བཅས་དང་བཞུགས་མོལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།  ཁོང་གིས་བསྟན་དོན། ཏང་གིས་“ཞིང་གསུམ”ལས་དོན་ལ་མགོ་ཁྲིད་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། རྫོང་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་བཟོ་བ། དེ་དང་མཉམ་དུ་རིམ་པ་སོ་སོའི་གྲོང་ཚོ་རུ་སྡོད་པའི་ལས་བྱེད་དང་གྲོང་ཚོའི་འཇོན་མིའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་པ་དང་། སྣ་སོ་སོའི་ཞིང་ཕན་སྲིད་ཇུས་བེད་སྤྱོད་ཡག་པོ་བཏང་ནས་ཁྱོན་ཡོངས་ནས་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་སྤེལ་ལྔ”ལ་སྐུལ་འདེད་གཏོང་དགོས། 

5.jpg

འོམ་ཆུ་གྲོང་རྡལ་གྱི་རྐང་ཚ་དགོན་ཆུང་དུ་། ཨ་ཁྱུང་གིས་འཚམ་འདྲིའི་བྱེད་སྒོ་སྤེལ་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་མི་སྣ་དང་དགོན་སྡེའི་དགེ་འདུན་པ་དང་བཞུགས་མོལ་བྱས།  ཁོང་གིས་དགོན་སྡེ་ནི་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་གཙོ་གནད་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་ཇི་མ་ཇི་བཞིན་ལག་བསྟར་ཡག་པོ་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་གྱི“ཕྱོགས་གསུམ་གཞི་གཅིག”གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དད་ལྡན་སེར་སྐྱ་མང་ཚོགས་ལ་ཏང་གཅེས་དང་རྒྱལ་གཅེས། ཆོས་གཅེས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་།  དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོར་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན། 

6.jpg

རྫོང་མཁར་གྱི་དགོན་གོང་མ་ཁྲོམ་རའི་ནང་སྔོ་ཚལ་ཚོང་ཁང་དུ། ཨ་ཁྱུང་་གིས་ཚོང་ཁང་གཉེར་སྐྱོང་དང་སྔོ་ཚལ་ཕྱིར་ཚོང་བྱས་ཚུལ་སྐོར་ཞིབ་འདྲི་གནང་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་པའི་ཕན་འབྲས་ལ་རྒྱུས་ལོན་བྱས།  ཁོང་གིས་ཞིང་ལས་ཐོན་ཟོག་ཁྲོམ་ར་དང་སྔོ་ཚལ་ཚོང་ཁང་ནི་སྲིད་གཞུང་གིས“ཤ་ཚལ་སྒོང་གསུམ”བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་མཐའ་སྣེ་དང་མཇུག་སྣེ་ཡིན་ལ། མང་ཚོགས་ཀྱིས་སྔོ་ཚལ་དང་འབྲས་སོགས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པས། ཞབས་འདེགས་ཧུར་ཐག་ཞུ་བ་དང་།  ཁྲོམ་རའི་བྱེད་པོ་དེ་རིགས་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བསྟན། 

འཚམ་འདྲི་བྱེད་རིང་། ཨ་ཁྱུང་གིས་ད་དུང་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”རིང་དང་དེ་བཞིན་སྔ་རྗེས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་བདེ་འཇགས་ཐོན་སྐྱེད་དང་། རིམས་ནད་སྔོན་འགོག་ཚོད་འཛིན། ཁྲོམ་རའི་མཁོ་སྤྲོད་འགན་ལེན། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།


མཉམ་སྤྱོད།