དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་ལ་འཚམས་འདྲི་གནང་།

2023-02-18 14:53:15   |   215

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཟི་ལིང་དུ་ཕེབས་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དུ་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཡ་ཝུའེ་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ཧོང་ཧུའུ་སོགས་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་།

1.jpg

བཞུགས་མོལ་ཁྲོད་ཤ་བོ་སྐྱབས་ཀྱིས་ཐོག་མར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར། དྲིལ་སྒྲོག་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་གསུང་དོན། དུས་ཡུན་རིང་པོའི་ནང་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གསར་འགོད་པ་མཚོ་བྱང་དུ་བསྐྱོད་དེ་མཚོ་བྱང་གི་གནས་ཚུལ་ཤེས་རྟོགས་བྱས་ལ། གཞི་རིམ་དུ་རྩ་བ་ཚུགས་པ་དང་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས། གསར་འགོད་པའི་འགན་འཁྲི་བརྟན་སྲུང་གིས་ཕྱོགས་ཡོངས་དང་ཟུར་མང་པོ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་མཚོ་བྱང་དྲིལ་སྒྲོག་ཤུགས་ཆེན་དང་མཚོ་བྱང་འོས་སྦྱོར། མཚོ་བྱང་གི་མཚན་སྙན་བརྒྱུད་སྒྲོག་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བརྗོད་པ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བསྒྲགས་པ་དང་ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རིག་གནས་ཡུལ་སྐོར། གསར་བརྗེའི་སློབ་གསོ་སོགས་ཕྱོགས་སོ་སོའི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་སྤེལ་ནས་མཚོ་བྱང་གི་སྣང་བརྙན་གསར་སྐྲུན་དང་། དྲང་ནུས་གཅིག་སྒྲིལ། མཚོ་བྱང་གི་སྙན་པ་དང་ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཟེར།

3.jpg

དེའི་རྗེས་ཤ་བོ་སྐྱབས་ཀྱིས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ནང་རང་འགུལ་ངང་ཞུགས་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་སྐུལ་འདེད་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་གཏོད་པའི་ཞིབ་ཕྲའི་བྱེད་ཐབས་དང་ཕན་འབྲས་སོགས་ཀྱི་བྱ་བའི་བཀྲག་མདངས་འཚེར་ས་གཙོ་དམིགས་ནས་གཏོད་པའི་མཚོ་བྱང་གི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་གཙོ་གནད་སོ་སོ་ངོ་སྤྲོད་གནང་།

4.jpg

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྨྱན་སྦྱོར་གྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་མཚོ་བྱང་གི་དྲིལ་སྒྲོག་འཕྲིན་སྤེལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཏེ་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་མཚོ་བྱང་གི་མཚན་སྙན། མཚོ་བྱང་གི་ངོ་མཚར་བའི་གཏམ་རྒྱུད་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པར་བྱེད་པ་དང་། ལྷག་པར་དུ་མཚོ་བྱང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས“243”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དྲིལ་སྒྲོག་བྱ་རྒྱུར་དམིགས་པ་དང་། ཐོན་ལས་ཀྱི“གནས་བཞི”བསྐྲུན་རྒྱུར་གཏན་འཁེལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུའི་དམིགས་ཚད་ལ་དམིགས་པ། གཉིས་གཉིས་གཅིག་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། མཐོན་པོ་སྒང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་སྤེལ་བྱེད་པ། མཚོ་བྱང་གི་བསམ་པའི་བཙན་ས་གཏོད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱི་སྲིད་གཞུང་བཙུགས་ནས་ལོ70འཁོར་བའི་དྲིལ་སྒྲོག་གནས་ཚུལ་སྤེལ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70སོང་བའི་རིང་བྱུང་བའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དྲིལ་སྒྲོག་དང་ངོ་སྤྲོད་ཧུར་ཐག་བྱེད་པའི་རེ་བ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་ཁུལ་གྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཏང་གི་མི་རིགས་སྲིད་ཇུས་ལ་བསྔགས་བརྗོད་བྱེད་པ། མཚོ་བྱང་གི་སྙན་པ་ཆེ་རུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་མཚོ་བྱང་གསར་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་སྙིང་སྟོབས་འཕེལ་བར་བྱེད་དགོས་ཟེར།

5.jpg

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་སུ་ལི་ཡ་ཝུའེ་ཡིས་ཉེ་བའི་ལོ་ཤས་རིང་གི་བྱ་བ་སྤེལ་ཚུལ་ངོ་སྤྲོད་བྱས་ཤིང་། ཁོས་སྔར་བཞིན་མཚོ་བྱང་ལ་རྒྱབ་སྐྱོར་དང་མཚོ་བྱང་དྲིལ་སྒྲོག མཚོ་བྱང་འོས་སྦྱོར་བཅས་དང་ལྷག་པར་དུ་དུས་ཆེན་ཆེ་གྲས་དང་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ། དངོས་མཚོན་བརྙན་རིས་པར་ལེན་སྒྲིག་བཟོ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་མཚོ་བྱང་དྲིལ་སྒྲོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་ཡིན་ཞེས་བཤད་།

6.jpg

ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དུ་ཧོང་ཧུའུ་ཡིས་མ་འོངས་པར་མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། གསར་བརྗེའི་རིག་གནས་རྒྱུན་འཛིན་སོགས་ལ་རོགས་རམ་བྱས་ནས་མཚོ་བྱང་ལ་སྔར་བཞིན་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་། 

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་བཞུགས་མོལ་བརྗེ་རེས་ཚོགས་འདུའི་ནང་ཞུགས། 


མཉམ་སྤྱོད།