དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས41པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ།

2025-09-10 09:38:46   |   101

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ9པའི་ཚེས9ཉིན། དགེ་རྒན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་བྱང་ཁུལ་གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གོམས་གཤིས་གླིང་དུ་ཁ་དོག་སྣ་ལྔའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་དགེ་སློབ་རྣམས་མཉམ་དུ་འཛོམས་ནས“སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ཀྱིས་དགེ་རྒན་སྟོབས་ཆེར་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལེའུ་རྩོམ་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་བྱང་ཁུལ་གྱི་དགེ་རྒན་དུས་ཆེན་ཐེངས41པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་གར་སྤེལ་ཞིང་། ཁུལ་ཡོངས་ཀྱི་ས་གནས་ཁག་གི་སློབ་གསོའི་ལས་དོན་པ་དང་དགེ་སློབ་ཀྱི་འཐུས་མི་མཉམ་འཛོམས་བྱས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས།

2~2.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲེང་། དེ་བཞིན་ཁྱིམ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་བྱེད་སྒོར་ཞུགས།

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་བ་དང་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུ་ཀྲང་ཀྲང་ཐའོ་ཡིས་གཙོ་སྐྱོང་གནང་།

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་སྐབས་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ཁོང་ཚོས་སློབ་གསོའི་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ།“མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི”དམིགས་ཚད་ལ་དམ་པོར་དམིགས་ཏེ་སློབ་གསོའི་གཏོང་སྒོ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ། མི་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་དག་གི་རྒྱབ་ཏུ་སློབ་གསོའི་ལས་དོན་པ་ཚང་མའི་སྒེར་སེམས་མེད་པའི་ལེགས་སྐྱེས་དང་རྔུལ་ཆུ་འདུས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མུ་མཐུད་བརྟན་དུ་བཏང་ནས་སྲིད་ཇུས་ཐད་གཟིགས་སྐྱོང་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འགན་ལེན་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་བློ་བདེ་པོ་དང་སེམས་རྩ་འཁོལ་པོས་སློབ་ཁྲིད་བྱེད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་དང་ལག་གདང་སྦྲེལ་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཐུན་མོང་ཐོག་བཏོད་དེ། དགེ་རྒན་དེ་སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་ཆེ་ཤོས་ཐོབ་ས་དང་མི་རྣམས་ཀྱིས་ཡིད་སྨོན་བྱེད་འོས་པའི་ལས་རིགས་ཤིག་ཏུ་འགྱུར་བ་བྱེད་དགོས། རྒྱ་ཆེའི་དགེ་རྒན་ཚོས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་བྱ་གཞག་ལ་བརྩེ་སེམས་ཟབ་མོ་བཅངས་ནས་དཔེ་ཁྲིད་མི་སྐྱོང་གི་ལམ་བུའི་ཐོག་ལས་རིགས་ཀྱི་བདེ་སྐྱིད་ཚོར་སེམས་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། ཚང་མས་གཟུགས་པོར་གཅེས་སྐྱོང་དང་ངལ་རྩོལ་ངལ་གསོ་ཟུང་འབྲེལ་བྱས་ཏེ་སློབ་གསོའི་བྱ་གཞག་ནང་ཞུགས་རྒྱུའི་རེ་བ་ཡོད།

བྱེད་སྒོའི་ཁྲོད། ཁུལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དགེ་སློབ་ཚོས་མཉམ་དུ་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་པ་དང་། གླུ་སྒྲ་དང་ཞབས་བྲོ། གྱེར་འདོན། གཏམ་བརྗོད་ཟློས་གར་སོགས་ཀྱི་རྣམ་པ་བརྒྱུད་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས། དགེ་རྒན་དང་སློབ་མའི་འཐུས་མིས་ད་དུང་སློབ་གསོའི་འཐབ་ས་དང་པོའི་གཏམ་རྒྱུད་དང་། དེ་བཞིན་སློབ་གསོ་དང་སློབ་སྦྱོང་བྱེད་རིང་ཁོང་ཚོའི་མྱོང་ཚོར་དང་གྲུབ་འབྲས་བརྗོད་པ་དང་། མཚོ་བྱང་ཁུལ་གྱི་སློབ་གསོའི་ལས་དོན་པའི་ཉམས་འགྱུར་བཟང་པོ་དང་སློབ་མ་ཚོའི་ལང་ཚོའི་ཉམས་འགྱུར་མངོན།

གཞན་ཡང་གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གོམས་གཤིས་གླིང་གི་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་ཁུལ་དུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་ཚོས་སློབ་ཁྲིད་དུ་སྦྱངས་པའི་ཡོན་ཏན་དང་ས་གནས་ཀྱི་ཁྱད་ཆོས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཇུས་འགོད་ཞིབ་ཚགས་བྱས་པའི་འགྲེམས་རྫས་སྣ་ཚོགས་དང་། ཁྱད་ལྡན་ཞིམ་ཟས། དེ་བཞིན་སྨན་དོན་ཞབས་ཞུ་བཅས་ཡོད། འགྲེམས་སྟོན་ཁུལ་དེ“གྲུབ་འབྲས་སྐར་ཁུང”དུ་གྱུར་བར་མ་ཟད། དངོས་སྤྱོད་རིན་ཐང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྒྱུད་སྤྲོད་བྱེད་པའི་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཚང་མས་འགྲེམས་ཁུལ་གྱི་སྒྲིག་ཆས་ལ་ལྟ་བའམ་ཡང་ན་གྲུབ་འབྲས་འགྲེམས་སྟོན་ལ་ཡ་མཚན་སྐྱེ་བའི་རྣམ་པ་སྟོན་གྱིན་ཡོད་ལ། འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད་དུས་ཆེན་གྱི་སྤྲོ་སྣང་གིས་ཁེངས་ཡོད། དེ་ཡིས་བོད་ཁྱིམ་གྱི་ཁྱད་ཆོས་འཛོམས་ས་འདིར་སྔར་ལས་ལྷག་པའི་ལང་ཚོའི་གསོན་ཤུགས་འཕེལ་བར་བྱས་ཡོད།

ཁུལ་ཨུའི་སློབ་གསོའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་དྲུང་ཡིག་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་དང་། རྫོང་བཞིའི་སློབ་གསོ་ཅུའི་འགན་འཁུར་བ་གཙོ་བོ། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)གི་སློབ་གཙོ་དང་། དེ་བཞིན་ཁུལ་སློབ་གསོ་ཅུའི་ལས་བྱེད་ལས་བཟོ་ཡོངས་དང་ནུབ་མཚོ་གྲོང་རྡལ་ས་ཁུལ་གྱི་དགེ་སློབ་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད།


མཉམ་སྤྱོད།