དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཕུལ་བྱུང་འཇོན་མི་དང་སློབ་ཁྲིད་གྲུབ་འབྲས་གཟེངས་བསྟོད་ཚོགས་ཆེན་བསྡུས།

2025-09-10 09:58:53   |   43

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པ་ཐོན་ལ་ཉེ་བའི་སྐབས་ཏེ། ཟླ9པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཕུལ་བྱུང་འཇོན་མི་དང་སློབ་ཁྲིད་གྲུབ་འབྲས་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་ཕུལ་བྱུང་འཐུས་ཚབ་པར་གཟེངས་བསྟོད་བྱས་ལ།  སློབ་གསོའི་ལས་དོན་པ་རྣམས་སློབ་གསོའི་སྟོབས་ལྡན་ཞིང་ཆེན་བསྐྲུན་པར་ཧུར་ཐག་གིས་ཞུགས་པར་སྐུལ་སློང་བྱས་ཤིང་། མི་དམངས་ཀྱི་འདོད་བློ་དང་མཐུན་པའི་སློབ་གསོ་ལེགས་པོར་སྒྲུབ་སྟེ། སྤུས་ཚད་མཐོ་བའི་སློབ་གསོ་ཡིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་འདོན་སྤྲོད་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཝང་ཏཱ་ནན་དང་ཀྲུའུ་ཞང་ཧྥེང་། དབྱང་ཧྥུན་ཁྲོན། དབྱང་ཀྲི་ཝུན། ཝང་ཀྲིན་ཁྲང་བཅས་ཚོགས་འདུར་ཞུགས། ཚོགས་ཞུགས་མགོ་ཁྲིད་དག་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་།

2.jpg

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་བླ་མེད་གུས་འདུད་ཞུས། ཁོང་གིས་མཚོ་སྔོན་ད་ལྟ་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩའི་དུས་རིམ་དུ་གནས་ཡོད་པས། སྔོན་གྱི་དུས་སྐབས་གང་ལས་ཀྱང་སྤུས་ལེགས་སློབ་གསོའི་འདེགས་སྐྱོར་ལྷག་པར་མཁོ། ཚང་མས“ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱེད་སྲིད་བྱེད་པའི”ཐོག་མའི་སེམས་འདུན་བརྟན་པོར་སྲུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན་བརྟན་པོ་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། སློབ་གསོའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཆབ་སྲིད་ཀྱི་འཇོན་ནུས་ལྡན་པའི་ཕུགས་འདུན་སྙེག་མཁན་ཞིག་བྱེད་དགོས་ལ། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་སྐྱེད་སྲིང་བྱེད་པ། བསམ་བློ་ཆབ་སྲིད་ལ་བརྟེན་ནས་མི་སྐྱོང་བར་ཤུགས་སྣོན་པ་དང་།  སློབ་མའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱས་ཏེ། འཚར་ལོངས་འཇོན་འགྱུར་གྱི་ལམ་སྟོན་པ་ཞིག་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་ལག་བསྟར་དང་དར་སྤེལ་བཏང་ནས། སློབ་གསོ་སློབ་ཁྲིད་ཀྱི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་ཕོད་པ་དང་། མཚོ་སྔོན་ལ་སྡོད་ཐུབ་ཅིང་བཀོལ་ཐུབ་པའི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ། སློབ་གསོ་བཅོས་སྒྱུར་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་དེ་མ་ལག་ལྡན་པའི་མཆོང་སྐྱོད་ཀྱི་མགྱོགས་མྱུར་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་པས། སློབ་གསོའི་སྟོབས་ལྡན་ཞིང་ཆེན་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ན། ཏང་གི་སློབ་གསོ་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སློབ་གསོའི་རོགས་སྐྱོར་གྱི་སྤུས་འདེགས་ནུས་སྤོར་ལ་སྐུལ་འདེད་གཏོང་བ། མ་ལག་ལྡན་པའི་སྒོ་ནས་རྨང་གཞི་སློབ་གསོའི་སྤུས་ལེགས་དོ་སྙོམས་ལ་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

3.jpg

ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་གིས་མཚན་སྙན་ཡིད་ལ་བཟུང་ནས་འབད་པ་བྱེད་དགོས་པའི་སྐུལ་ལྕག་བྱས་ཤིང་། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་གསོ་པའི་སྙིང་སྟོབས་ལག་ལེན་མཐར་ཕྱིན་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཐད་མིག་དཔེའི་ནུས་པ་འདོན་པ་དང་། ཆེད་ལས་ནུས་པ་སྦྱོང་བརྡར་ཐད་རྩེ་གྲར་སྙེག་ཅིང་། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ཁག་ཁུར་མངོན་དགོས་པའི་རེ་བ་བཏོན་ལ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སློབ་གསོའི་དཔུང་སྡེའི་རྨང་བརྟན་གསར་གཏོད་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། སློབ་གསོའི་སྟོབས་ལྡན་ཞིང་ཆེན་བསྐྲུན་པའི་ལེའུ་གསར་པ་ཧུར་ཐག་སྒོས་འབྲི་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་། དབྱང་ཀྲི་ཝུན་གྱིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། གཟེངས་བསྟོད་ཐོབ་པའི་འཐུས་མི་ཀྲང་ལུའུ་ལུའུ་དང་གཡུ་ཡག སྐལ་བཟང་ཉི་མ། ཧྲི་ཡོན་ཁྲོན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཉེ་སྔོན། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་དག་སོ་སོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཡིག་རིག་ནུས་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་དགེ་རྒན་དག་དང་། རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཐའེ་ཧྲིན་ལཱན། ཞིང་ཆེན་སྲིད་གཞུང་ལས་ཁུངས་བྱིས་སྙོར་ཁང་གི་དགེ་རྒན་མཱ་ཞའོ་ལི། མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་གི་ཀུན་ཧྲིན་ལི་རྒྱལ་ཡོངས་སློབ་གཙོ་གྲགས་ཅན་ལས་སྒྲུབ་ཁང་གི་དགེ་རྒན་ཚོགས་པ། འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཚོགས་པ། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་བཅས་ལ་འཚམས་འདྲི་བྱས།


མཉམ་སྤྱོད།