དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་འཚོགས།

2025-09-11 08:55:23   |   43

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས9ཉིན། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སློབ་སྦྱོང་སློབ་གསོ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

微信图片_2025-09-11_084929_795.jpg

ཁུལ་ཨུའི་ཧྲུའ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་ཡིག་ཆ་བརྒྱུད་སྒྲོག་བྱས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་ནན་མོ་ལྡན་པའི་བླང་བྱ་ལྟར་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་ཞིང་། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྐུལ་འདེད་བཏང་ལ། འཛེམས་མེད་དམར་འདོན་གྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། ལྷག་པར་དུ་དཔལ་འབྱོར་འཁོར་བསྐྱོད་བརྟན་ལྷིང་ཁྲོད་ཇེ་ལེགས་སུ་ཕྱིན་པ་དང་། ཡང་བསྐྱར་ཚོང་འགུགས་མ་འདྲེན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅིང་། སྐྱེ་ཁམས་ཀྱི་རྨང་གཞི་སྔར་ལས་མཛེས་སྡུག་ལྡན་པ། རིག་གནས་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་སྒོས་ཇེ་མཐོར་འགྲོ་བཞིན་ཡོད་པ། གསར་བརྗེའི་ཉམས་ཞིབ་ཀྱི་སྤུས་འབྲས་ཇེ་ལེགས་སུ་སོང་སྟེ“དམངས་ཕན་འགུལ་སྐྱོད་ཁག་བདུན”གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁུལ་ཡོངས་གོང་འོག་ཚང་མས་བསམ་བློའི་རྨང་གཞི་སྔར་ལས་བརྟན་ཞིང་སྲོལ་གསར་སྤྱོད་བཟང་གིས་ཁེངས་ལ། ལས་བྱེད་པའི་སྤྱོད་ཚུལ་ལེགས་བཅོས་ནུས་ལྡན་བྱས་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་བ་དང་གྲུབ་འབྲས་གསར་བ་དངོས་སུ་ཚོར་ཡོད་ཟེར།

微信图片_2025-09-11_084934_950.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོའི་ལག་ལེན་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། རྩད་གཅོད་མཐའ་གསལ་དང་བཅོས་སྒྱུར་ངོ་མ་བྱེད་པ། དམངས་ཀྱི་འདོད་བློར་ཉན་པ་དང་འཛེམ་མེད་དམར་འདོན་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་ཐད་ཚུགས་གནས་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་སྦྱོར་གཅིག་མཐུན་གྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་པའི་ཐད་རྒྱུན་མཐུད་སྒོས་ནུས་ཤུགས་ཆེ་རུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག” ཏང་གི་བརྗོད་དོན་ཉིན་མོ་སོགས་གཞི་རྟེན་བེད་སྤྱོད་ཡག་པོ་བྱས་ཏེ་ཆབ་སྲིད་ལ་བློ་དཀར་བའི་ལྷག་བསམ་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། གནད་དོན་བཅོས་སྒྲིག་དམ་འཛིན་བྱེད་པའི་ཐད་རྒྱུན་མཐུད་སྒོས་ཡང་བསྐྱར་བྱས་རྗེས་ངོ་མ་འཇོག་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། རང་འགན་གཞན་དཀྲི་སོགས་མངོན་གཤིས་གནད་དོན་དང་བག་མེད་ལོངས་སྤྱོད་སོགས་མངོན་མེད་ཕྱོགས་སྒྱུར་གནད་དོན་ཞིབ་བཤེར་བཅོས་སྒྲིག་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལམ་ལུགས་དང་ལམ་སྲོལ་གྱི་བྱ་ཐབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་ལེའུ་གསར་བ་རྩོམ་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། “སྤྱི་གླིང་གཉིས་དང་བཙན་ས་གཅིག”དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གཏོད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་བྱེད་ཐབས་སྔར་ལས་ཆེ་རུ་བཏང་སྟེ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། མཐོ་གནོན་ཟིལ་གནོན་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་སྒོས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

微信图片_2025-09-11_084940_060.jpg

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་། ཀྲང་ཐའོ། ཚོ་ཅི་ཆང་། ལི་ཞུ་ཀྲིན། ཁྲང་ལིན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།