དེ་རིང་ནི2025ལོའི་ཟླ09པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས།

2025-09-12 11:27:17   |   20

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས10ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས71པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས65པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་འབྲེལ་ཡོད་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

1.png

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུའི་དགོངས་དོན། དེ་བཞིན《འབྲེལ་ཡོད་ཞིང་ཆེན་ཡོངས་ཀྱི་སྒྲིག་འགལ་ངང་ལག་སྐྱེས་དང་འབུལ་རྟེན་ལེན་པའི་གནད་དོན་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

2.png

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་ཚུལ་བརྟན་པོར་བཙུགས་ནས་མཚོ་བྱང་གི་ཐོན་ཁུངས་ཀྱི་ལེགས་ཆ་དང་དོན་དངོས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ཏེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཧུར་ཐག་སྒོས་མཉམ་འདྲེས་བྱེད་དགོས། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།“5+8+N”དེང་རབས་ཞིང་ཕྱུགས་ཐོན་ལས་མ་ལག་སྣེ་ཁྲིད་དུ་བྱས་ཏེ་ཐོན་སྐྱེད་ནས་འཁོར་རྒྱུག་བར་ཁྱབ་པའི་བརྒྱུད་རིམ་ཡོངས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་གཏིང་ཟབ་བྱེད་པའི་རིགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་སྟེགས་བུ་འཛུགས་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པོ་དང་ལེགས་ཆ་གསབ་རེས་བྱེད་པའི་ཐོན་ལས་སྐྱེ་ཁམས་འཛུགས་དགོས། འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཚོང་འགུག་མ་འདྲེན་གྱི་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་བ་དང་སྲིད་གཞུང་གི་ཉོ་སྒྲུབ་ཀྱི་དྲང་གཞག་འགྲན་རྩོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མ་འཇོག་བསྡུ་ལེན་དང་འོས་སྐུལ་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་མ་འཇོག་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་རྒྱ་སྐྱེད་གཏོང་བའི་ཉོ་ཚོང་རྨང་གཞི་སྲ་བརྟན་དུ་གཏོང་བ། ཁྲོམ་རའི་བྱེད་པོ་སྣ་ཚོགས་དྲང་གཞག་ངང་འགྲན་རྩོད་ནང་ཞུགས་པའི་འགན་ལེན་བྱེད་དགོས་ཟེར།

3.png

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱེད་པ་དང་ལོ་འཁོར་མོའི་དམིགས་ཚད་ལས་འགན་སོ་སོར་དམ་པོར་དམིགས་ནས་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་དམ་འཛིན་བྱས་ཏེ། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་ཁ་གཏད་རང་བཞིན་སྔར་ལས་ཆེ་བའི་བྱ་ཐབས་སྤྱད་དེ་སྟོང་ཆ་སྐོང་བ་དང་ཞན་ཆ་གསབ་པ། ལྷག་པར་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དང་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་གཙོ་གནད་དཔལ་འབྱོར་དམིགས་ཚད་ལ་གཞིགས་ནས་སྐུལ་འདེད་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་སོ་སོ་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས། གཞུང་ལམ་འགྲིམ་འགྲུལ་དང་འབྲུབ་འགོག་གནོད་འགོག གཏེར་རི་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། གཙོ་གནད་རླངས་འཁོར་དང་ལམ་དུམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བཅས་བྱེད་དགོས། ཚད་གཞི་མཐོན་པོའི་སྒོ་ནས"ལྔ་བཅོ་ལྔའི"འཆར་འགོད་སྒྲིག་བཟོར་སྐུལ་འདེད་གཏོང་དགོས། སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་འཆར་འགོད་དང་སྦྲེལ་མཐུད་དམ་ཟབ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་རུ་གཏོང་དགོས། རིགས་སོ་སོའི་བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྐོར་གཟིགས་དང་རྩིས་བཤེར་ཚུར་ལན་གནད་དོན་བཅོས་སྒྲིག་ཇུས་གཞི་དང་བསྡུར་ནས་ལས་ཡུན་ལྡོག་སྒྲིག་བྱས་ཏེ། འགུལ་རྣམ་རྗེས་འདེད་དང་ཕན་འབྲས་འདྲི་རྩད་བྱས་ནས་ཐབས་མང་མཉམ་སྤྱོད་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། དུས་ཐོག་དང་སྤུས་ཚད་མཐོ་བའི་སྒོ་ནས་བཅོས་སྒྲིག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། སྒྲིག་འགལ་ངང་ལག་སྐྱེས་དང་འབུལ་རྟེན་ལེན་པའི་གནད་དོན་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། འགག་རྩའི་ལས་གནས་དང་འགག་རྩའི་མི་སྣར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་འགན་འཁྲིའི་གནོན་ཤུགས་བརྒྱུད་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་དང་རང་བཤེར་རང་བཅོས་གཏིང་ཟབ་བྱས་ཏེ། ལྟ་སྐུལ་འགན་འཁྲི་རྩད་གཅོད་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱས་ཏེ"རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི"འགན་འཁྲི་གདུབ་ཟུམ་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཆེད་དོན་བཅོས་སྒྲིག་ལ་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཟེར།

4.png

ཚོགས་འདུའི་ཐོག 《མཚོ་བྱང་ཁུལ་གྱི་དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག(ཞིབ་བཤེར་མ་ཟིན)》སོགས་ལ་་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་།


མཉམ་སྤྱོད།