དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-19 09:19:39   |   256

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན

  • ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་སྐབས་སོ་དྲུག་པར་གློག་འཕྲིན་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ཉེ་དུས་དབུས་ཤར་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཆར་ཆུ་ཐེངས་གཉིས་བབས་ནས་ས་རྒྱུའི་བཞའ་ཚན་དང་ཆུ་མཛོད་ཀྱི་ཆུ་གསོག་ནུས་ལྡན་ངང་ཁ་གསབ་བྱས་པས། དཔྱིད་ཆུ་དཔྱིད་རྨོད་ལ་ཕན་ཐོགས་ཡོད།

  • དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོར་རང་རྒྱལ་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམས་ནད་མ་ཐོན་གོང་གི་བཅུ་ཆ་བདུན་ལྷག་ཙམ་བར་སླར་གསོ་བྱུང་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་གི་ཟླ1པོ་ནས11པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་བསླུ་བྲིད་ཉེས་གསོག་པ་མི་ཁྲི2.4ལྷག་ཙམ་ཁྲིམས་སྦྱོར་བྱས་ཡོད།

    a.png


  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པ་ལྟར་ན།  ཟླ2པ་ནས་བཟུང་རྒྱལ་ཡོངས་ཀྱི་ཉིན་རེའི་ཆ་སྙོམས་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར3.3ལས་བརྒལ་ཡོད་པ་རེད།

b.png


  • ཟླ1པོར།  ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས1410བཏང་བ་དང་། དངོས་ཟོག་ཚད་ལྡན་སྒམ་ཁྲི14.7སྐྱེལ་འདྲེན་བྱས། དེ་དུས་མཚུངས་ལས6%དང13%སོ་སོར་འཕར་ཡོད།

  • ཉེ་ཆར།  ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག21པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞི་མཐོ་བའི་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་ཐོབ་འདུག

  • མིག་སྔའི་བར། ཀྲུང་གོས་རྒྱལ་ཁབ150དང་ཕན་ཚུན་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་ཡོད།

  • ཚེས18ཉིན་གྱི་ཕྱི་དྲོ་བར། ཐུར་ཁེའི་ལྷོ་རྒྱུད་ཀྱི་ས་ཡོམ་དྲག་པོས་ཐུར་ཁེ་དང་སི་རི་ཡ༙འི་རྐྱེན་ལམ་དུ་ཤོར་བའི་མི་གྲངས45000ལས་བརྒལ་ཡོད་པ་རེད།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་དེ་རིང་ནས་བཟུང་ལྷོ་ནུབ་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་རྒྱུད་བཅས་སུ་རིམ་རྩིས་བྱས་ན་དྲོད་ཚད་ཏུའུ8ནས12བར་མར་ཆག་རྒྱུ་རེད།

  • ཁག་བརྒྱད་པའི་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་སྡུད་འཚོལ་བསྡུ་མི་འགྱངས་བར་མགོ་ཚུགས་རྒྱུ་རེད། དེ་སྨན་སྣ་རིགས41དང་ཚད་ལྡན་སྨན་རྫས་181དང་འབྲེལ་བ་ཡོད་པ་རེད།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་གོ་མི་དམངས་དངུལ་ཁང་དང་མཉམ་དུ《ཚོང་ལས་དངུལ་ཁང་གི་མ་རྩ་དོ་དམ་བྱེད་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》བཟོས་ནས་ཚེས18ཉིན་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཉེན་བརྡ་བཏང་ནས་ཚེས19ཉིན་གྱི་ཆུ་ཚོད16ནས་ཚེས26ཉིན་གྱི་ཆུ་ཚོད16བར། པོ་ཧེ་མཚོ་འགག་དང་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་ནས་མཚོ་འགྲུལ་གཏན་འགོག་བྱེད་རྒྱུ་རེད།

  • པེ་ཅིང་གིས་རྟེན་མཛོད་ཁང་འཛུགས་སྐྲུན་གྱི་འཆར་གཞི་ཡོངས་བསྒྲགས་བྱས་ནས2035ལོར་སླེབས་སྐབས། མི་ཁྲི10རེར་རྟེན་མཛོད་ཁང2རེ་ཡོད་པ་མངོན་འགྱུར་བྱ་རྒྱུ་རེད།

  • ཧོ་ནན་(河南灵宝市)ལིང་པའོ་གྲོང་ཁྱེར་ཏུང་ཅ་ཧྲེ་རུ་དངུལ་གཏེར་ཆེ་གྲས་ཤིག་རྙེད་པ་དང་། གཏེར་རྡོའི་མི་མངོན་པའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར45ཙམ་ཟིན་ཡོད་པ་རེད།

c.png


  • ཚེས8ཉིན། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་གཙང་པོ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་རྣམ་པའི་གཤེར་འགྱུར་རང་བྱུང་སོལ་རླངས་གྲུ་གཟིངས“ཏ་ཕེང་སྲས་མོ”རྟགས་ཅན་དེ་ཀྲུང་གོ་གྲུ་གཟིངས་ཁྲང་ཤིན་གྲུ་གཟིངས་བཟོ་སྐྲུན་རྟེན་གཞིས་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་མགོ་བརྩམས། 

  • ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཡི་ཇུས་འགོད་བྱས་པའི་ཀུའེ་ནན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་འཇགས་རྣམ་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་ལོ་འདིའི་ནང་ཤར་གཏོང་ཐུབ་རྒྱུ་རེད།

d.gif


  • ཀོང་ཤིས་མྱུར་བགྲོད་གཞུང་ལམ་སྟེང་གི་རླངས་འཁོར་ཞིག་མེ་སྐྱོན་ཤོར་བ་དང་ལམ་བར་དུ་ཡོད་པའི་ཉེ་ལིང་དང་། ཝེ་ཆིའུ་ཤང་། མུའུ་ཀོང་ཝུའེ། ལིང་ཅེ་བཅས་ཀྱིས་འཕྲལ་མར་རླངས་འཁོར་བཞག་ནས་རོགས་སྐྱོབ་བྱས་ཏེ་ཁ་ལོ་བ་དུས་ཐོག་ཏུ་བསྐྱབས་པ་རེད།

སྲིད་ཇུས།

ཧྲན་ཤིས་(山西)ཀྱིས་རུ་འཁྱུར་དམག་མི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གདན་ཞུའི་ཡིག་རྒྱུགས་ནང་ཞུགས་པའི་ལོ་ཚད་ལོ་དེ་ལོ35བར་ལྷུག་ཏུ་བཏང་འདུག

ཧྲན་ཤིས་(陕西)ཀྱིས་ཁེ་ལས་གཉེར་བའི་ལས་སྒྲུབ་དུས་ཚོད་དེ་ཉུང་དུ་བཏང་ནས་ལས་ཀའི་ཉིན་གྲངས1ནང་འགྲུབ་དགོས་པའི་བླང་བྱ་བཏོན་ཡོད།

ཧུའུ་པེ་(湖北)ཡིས་སློབ་གྲྭ་འབྲིང་ཆུང་ནང་ཞུགས་པའི་འགྲན་བསྡུར་བྱེད་སྒོས་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བྱེད་པ་ལས། འགྲན་ཞུགས་སློབ་མ་དང་སློབ་གྲྭ་ནས་ཐད་ཀར་རམ་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་འགྲོ་གྲོན་བསྡུ་མི་ཆོག་པའི་བླང་བྱ་བཏོན་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཅི་ལིན་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་བྱང་རྒྱུད། མཚོ་སྔོན་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་པ་དང་། དེའི་ནང་ཅི་ལིན་ཤར་རྒྱུད་དང་ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁག་ཏུ་ཁངས་ཆེན་འབབ་རྒྱུ་རེད།  འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ཀུའེ་ཀྲོའུ། སི་ཁྲོན་གཤོང་སའི་ལྷོ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད། 

e.jpg


  • རྒྱུགས་སྤྲོད།  2022ལོའི་ལོ་སྨད་དུ(ཟླ12པ)རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་གྲུབ་འབྲས་འདྲི་རྩད་ཞབས་ཞུ་དེ་ཚེས21ཉིན་ཤར་གཏོང་ཐུབ་རྒྱུ་རེད།

  • ཧྲང་ཧེ། ནན་ཁྲང་།  ཚེས17ཉིན་ནས་བཟུང་ཧྲང་ཧེ་དང་ནན་ཁྲང་ལྕགས་ལམ་འགྲིམ་འགྲུལ་རླངས་འཁོར་གྱི་རྩ་གཉིས་ཨང་རྟགས་ཕན་ཚུན་སྦྲེལ་མཐུད་བྱེད་ཐུབ་ཡོད།



མཉམ་སྤྱོད།