དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི248ལ་སླེབས་འདུག

2023-02-19 10:46:50   |   115

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


       གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྡོམ་རྩིས་ཅུའུ་ནས་ཤེས་གསལ་ལྟར་ན།   2022ལོའི་མི་གྲངས་འགྱུར་ལྡོག་བྱུང་བར་གཞིགས་ཏེ་དཔེ་ལེན་བརྟག་དཔྱད་མཇུག་འབྲས་ལ་འདེད་རྩིས་བྱས་པར་གཞིགས་ན།    2022ལོའི་ལོ་མཇུག་བར་ཟི་ལིང་གྲོང་ཁྱེར་དུ་རྒྱུན་སྡོད་མི་གྲངས་ཁྲི240ལ་སླེབས་པ་དང་། 2021ལོའི་ལོ་མཇུག་བར་དང་བསྡུར་ན་མི་ཁྲི0.44ཇེ་མང་དུ་སོང་ཡོད་ལ། 0.18%ཡར་འཕར་ཡོད་པ་རེད།  

555.jpg       

2022ལོའི་མི་གྲངས་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ཏེ་དཔེ་འཐེན་བརྟག་དཔྱད་མཇུག་འབྲས་ལ་འདེད་རྩིས་བྱས་པ་ལྟར། 2022ལོའི་ལོ་མཇུག་བར་ཟི་ལིང་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི198.08ཟིན་པ་དང་། 2021ལོའི་ལོ་མཇུག་བར་དང་བསྡུར་ན་མི་ཁྲི1.69ཇེ་མང་དུ་སོང་ཡོད་པ་དང0.86%ཡར་འཕར་ཡོད་པ་རེད། སྡོམ་རྩིས་སྡེ་ཁག་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གཏོང་བའི་ལས་དོན་བརྟན་བརླིང་ངང་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པས། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད79.87%ཟིན་པ་དང་། 2021ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་ཚེག0.54ཇེ་མཐོར་སོང་ཡོད།


མཉམ་སྤྱོད།