དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-20 09:40:07   |   146

སྒྲིག་སྒྱུར། སངས་དོན།     ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

a.jpg


  • ཆར་ཆུ་འབབ་པའི་དུས་ཚིགས་དེར། རྒྱལ་ཡོངས་ས་གནས་ཁག་གིས་སྔ་ཙམ་དམ་འཛིན་བྱས་ཏེ། དཔྱིད་རྨོད་གྲ་སྒྲིག་ལ་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་བའི་འགན་ལེན་བྱས་པ་དང་ཞིང་ལས་ཀྱི་གཞི་རྩའི་འཆར་གཞི་བརྟན་པོ་ཡོང་བ་བྱས་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་དུ་ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཀྲའོ་སྟོང་(千兆用户)སྤྱོད་མཁན་ཁྲི9000ལས་བརྒལ་ཡོད་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲི་ཆུ་མཚོ་དོན་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་། འབྲི་ཆུའི་ཆུ་ཐོག་སྣེ་ཤན་ལྟེ་གནས་ཀྱིས་ཁྱོན་སྡོམ་རྒྱལ་སྤྱིའི་མཚོ་འགྲུལ་གྲུ་གཟིངས་ཐེངས་གྲངས4459ལ་སྣེ་ཤན་ཕྱོགས་སྟོན་བྱས། དེ་དུས་མཚུངས་ལས20.3%འཕར་ཡོད།

b.png


  • ཉེ་ཆར།  བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་མཁའ་སྐྱོད་དམག་དཔུང་པུའུ་ཞིག་གིས་པོ་ཧེ་མཚོ་ཁོངས་ཤིག་ཏུ་གྲང་ངར་ཆེ་བའི་ཆ་རྐྱེན་འོག་དངོས་འཐབ་ཅན་གྱི་འཁྱགས་མཚོ་འཚོལ་སྐྱོབ་ནང་སྦྱོང་བྱས་ཏེ།  ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཡུལ་སའི་འཚོལ་སྐྱོབ་ཁོར་ཡུག་ཉམས་མྱོང་བྱས་ནས་དཔུང་སྡེའི་མྱུར་བགྲོད་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་ཡོད།

  • ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ་བཅས་ཕྱོགས་གསུམ་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ནས། ཚེས20ནས་ཚེས27ཉིན་བར། རྒྱལ་ཁབ་གསུམ་གྱི་མཚོ་དམག་གིས་ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་ནས་ལི་ཁྲ་ཙི་མཚོ་ཁུག་ཏུ་ཤར་རྒྱ་མཚོའི་བར་སྣང་ཁྱབ་ཁོངས་སུ་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ཐེངས་གཉིས་པ་བྱ་རྒྱུ་རེད།

  • ཡུག་རེན་(乌克兰)དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཡུག་རེན་གྱིས་དམག་འཁྲུག་རྒྱག་ཡུན་རིང་དུ་བཏང་བས། རྒྱལ་ནང་གི་མི་སྣ་ཡུག་རེན་དུ་གནས་སྐབས་སུ་མི་འགྲོ་བ་དང་།  རྒྱལ་ཁབ་གཞན་པར་ཕྱིར་འཐེན་བྱས་པའི་མི་སྣ་གནས་སྐབས་ཡུག་རེན་དུ་ལོག་མི་རུང་ཞེས་དྲན་སྐུལ་བྱས་འདུག

    c.jpg


  • ཚེས18ཉིན། ཀྲུང་གོའི་བདམས་ཐོན་པ་དབྱིང་ཆིང་ལ་རྒྱལ་སྤྱིའི་གངས་འཁོར་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་བུམ་པའི་བུད་མེད་ཀྱི་མི་རྐྱང་པའི་གངས་འཁོར་རྣམ་གྲངས་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཐོབ། ཁོ་མོ་ནི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་བྱ་དགའ་ལེན་སའི་སྟེགས་བུར་སླེབས་པའི་ཀྲུང་གོའི་གངས་འཁོར་ལུས་རྩལ་པ་དང་པོར་གྱུར་པ་རེད།

སྤྱི་ཚོགས།

  • ཚེས20ནས་ཚེས22ཉིན་བར། མཁའ་རླུང་གྲང་མོ་མུ་མཐུད་དུ་ལྷོ་ཕྱོགས་སུ་བསྐྱོད་དེ་ཅང་ཧེ་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་སོགས་སུ་ཤུགས་རྐྱེན་ཐེབས་ནས4℃ནས6℃བར་དང་། ས་ཁུལ་ཁ་ཤས་སུ8℃ཡན་དྲོད་ཚད་ཆག་རྒྱུ་རེད།

  • འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་ཐོག་གི་ཐེངས་གཉིས་པའི་སློབ་མ་གཅིག་སྡུད་ཐོག་སློབ་གྲྭར་ལོག་པའི་འགྲུལ་རྒྱུན་བསུས་པ་དང་།  ཚེས17ནས19ཉིན་བར་སློབ་མ་མི་ཐེངས་ཁྲི40ཙམ་སྐྱེལ་འདྲེན་བྱས་ཡོད།

  • ཚེས19ཉིན། ཧྲེན་ཀྲེན་གྱི་མ་ལ་སུང་འགྲན་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པ་ཧོ་ཅེ་ཡིས་ལམ་ཐག་ཧྲིལ་པོའི་མ་ལ་སུང་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་འདུག

  • ཟླ1པོའི་ཚེས7ནས་ཟླ2པའི་ཚེས15ཉིན་བར། དཔྱིད་གསར་སྐྱེལ་འདྲེན་རིང་ཧེ་ཁོའུ་འགག་སྒོས་གླིང་ཕྲན་ནས་ཁྲལ་མི་དགོས་པར་དངོས་ཟོག་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར89.5ལ་ལྟ་སྐུལ་དོ་དམ་བྱས་པ་དང་། དཔྱ་ཁྲལ་རྩ་ཆག་བཏང་ནས་དངོས་ཟོག་ཉོ་མཁན་མི་ཐེངས་ཁྲི89.5ཟིན་ཡོད།

  • ཉེ་ཆར། ཀོང་ཏུང་ཕུ་ཉིང་(广东普宁)གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྲོས་བྱོལ་དུ་སོང་བའི་མི་སྣ200ལྷག་ལ་བྱ་དགའ་སྤྲོད་པའི་འཛིན་བཟུང་གི་བརྡ་ཁྱབ་ཡོངས་བསྒྲགས་བྱས་འདུག    དེ་དང་ལྷན་ཅིག་བྲོས་བྱོལ་དུ་སོང་བའི་མི་སྣར་རང་ཉེས་ངོས་ལེན་ཞུ་དགོས་པའི་སྐུལ་མ་བཏང་བ་རེད།

  • ཧྲན་ཏུང་ཙི་པོ་(山东淄博)ཉེན་རྟོག་ཕྱོགས་ཀྱིས་ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་གཡོ་ལེན་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2ལྷག་ཙམ་ཟིན་ཡོད་པ་དང་། དེ་རྒྱལ་ཁབ་ཀྱི་ཁྲལ་དངུལ་སྒོར་ཁྲི2000ལྷག་ཙམ་གཡོ་ལེན་བྱས་པ་དང་འབྲེལ་བ་ཡོད་པ་རེད།

    d.png


  • རང་རྒྱལ་གྱི་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་མ་བཅོས་རྡོ་སྣུམ་ཚོང་ལས་གསོག་འཇོག་མཛོད་ཀྱི་རྣམ་གྲངས་ཏེ།  ཏུང་ཡིང་(东营)མ་བཅོས་རྡོ་སྣུམ་ཚོང་ལས་གསོག་འཇོག་མཛོད་རྣམ་གྲངས་ཀྱི་སྣུམ་གཏོང་ལེགས་གྲུབ་བྱུང་ཡོད།

    e.jpg


  • ཉེ་ཆར།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་བྱ་བསེ་རུ་ཀོང་ཤིས་ཅིང་ཤིས་(广西靖西)སུ་མངོན་ཡོད།

    f.gif


  • ཧོ་ནན་ཞིན་ཞང་གི་(河南新乡)རླངས་འཁོར་གཉིས་གདོང་ཐུག་བརྒྱབ་པ་དང་། རླངས་འཁོར་གྱི་ཁ་ལོ་བ་འགུལ་མུ་ཐུབ་པར་གྱུར་པས། ལམ་བར་དུ་ཡོད་པའི་ཕོ་གཞོན་ཅ་ཧོ་རླངས་འཁོར་གྱི་འགྲམ་དུ་རྒྱུགས་ནས་རོགས་པ་དང་མཉམ་དུ་རྨས་སྐྱོན་ཕོག་པའི་ཁ་ལོ་བ་བསྐྱབས་པ་རེད།

སྲིད་ཇུས།

  • ཀོང་ཤིས(广西)་ཀྱིས་གཏན་འབེབས་གསར་པ་བཏོན་ནས་གསར་དུ་བཙུགས་པའི་འབྲིང་རིམ་ལས་རིགས་སློབ་གྲྭར་ཆེད་ལས་ཐོག་མར་བཀོད་སྒྲིག་བྱེད་སྐབས། སྤྱིར་བཏང་དུ་ཆེད་ལས་4ལས་བརྒལ་མི་ཆོག

  • ཧྲེན་དབྱང་(沈阳)གིས་བཟའ་ཟླ་ཕྱོགས་གཉིས་པོས་ཁྲིམས་ལྟར་བུ་ཕྲུག་གསུམ་སྐྱེ་པའི་ས་གནས་དེ་གའི་ཐེམ་ཐོའི་ཁྱིམ་ཚང་ལ། ཟླ་རེར་ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་སྒོར500སྤྲད་དེ་ཕྲུ་གུ་ལོ་གསུམ་ལ་མ་སླེབས་བར་སྤྲོད་རྒྱུའི་ཁ་གསལ་བཏོན་ཡོད།

  • ཟླ5པའི་ཚེས1ཉིན་ནས་བཟུང་། ཧྲི་ཅ་ཀྲོང་གིས་ས་ཁང་བདག་ཁོངས་ཐོན་འབྱེད་ཁེ་ལས་ཀྱིས་ཚོང་ཟོག་ཁང་པའི་ཉོ་འཚོང་གན་རྒྱ་འཇོག་སྐབས། ངེས་པར་དུ་“ཚོང་ཟོག་ཁང་པའི་ཉོ་འཚོང་གན་རྒྱའི་དྲ་ཐོག་མིང་རྟགས་མ་ལག”བརྒྱུད་ནས་གློག་རྡུལ་གན་རྒྱའི་མིང་རྟགས་འགོད་དགོས།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཤིན་ཅང་ནན་ཅང་གི་ལྷོ་རྒྱུད། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཀན་སུའུ་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲན་ཤིས་ཀྱི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ནང་ཤིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དུ་ཁངས་འབྲིང་ཙམ་ནས་ཆེ་བ་འབབ་ཀྱི་རེད།

    h.jpg


  • པེ་ཅིང་། ཟླ5པའི་ཚེས1ཉིན་ནས་བཟུང་རླངས་འཁོར་གཏོང་བའི་དོ་དམ་ལས་སྒོ་རྒྱུན་རྣམ་ཅན་དུ་གཉེར་རྒྱུ་སླར་གསོ་བྱས་ཡོད།

  • ཨན་ཧོས། 2023ལོའི་ཟླ4པར་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ3ཚེས2ནས་ཚེས6ཉིན་བར་ཡིན།


མཉམ་སྤྱོད།