དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་སོགས་མཱ་ཕྱག་དགོན་པར་སོང་ནས་བོད་ཀྱི་ལོ་སར་སྔུན་གྱི་འཚམ་འདྲིའི་བྱེད་སྒོ་སྤེལ།

2023-02-20 12:23:30   |   326

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


        བོད་ཀྱི་ལོ་སར་ཐོན་ལ་ཉེ་སྐབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སོགས་མཱ་ཕྱག་དགོན་པར་སོང་ནས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་། དགོན་སྡེའི་གྲྭ་པ། དགོན་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་བཅས་ལ་འཚམས་འདྲི་གནང་དང་། ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྨོན་འདུན་སྐྱེལ་བ་རེད།

a.jpg

       དགོན་པ་རུ། ཤ་བོ་སྐྱབས་གྱིས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་བཞུགས་མོལ་བྱས་ཏེ། དཔེ་ཆ་ཀློག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ། འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད། ཆོས་ལུགས་ལས་རིགས་མི་སྣས་དུས་ཡུན་རིང་པོའི་ནང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྡོམ་འཛིན། མཐུན་སྒྲིལ་ཡར་ཐོན། རྒྱལ་སྐྱོང་དམངས་ཕན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་དར་སྤེལ་བཏང་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་སྲུང་སྐྱོང་ཧུར་ཐག་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་སྡེབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན།

b.jpg

       ཤ་བོ་སྐྱབས་ཀྱིས་མཐོན་པོ་སྐྱེས་རིའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་སྤེལ་བྱེད་པའི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ། དགེ་འདུན་པ་ཚོར་བོད་ཀྱི་གསོ་རིག་དང་བོད་སྤོས་སོགས་ཀྱི་རྩལ་ནུས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། བསང་གཏོང་བའི་ཐོན་སྐྱེད་བཟོ་རྩལ་སྲ་བརྟན་དང་རྒྱུན་འཛིན་ཡག་པོ་བྱེད་པ། “དགོན་པར་བརྟེན་ནས་དགོན་པ་གསོ་བའི”ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་པ་དང་། དགོན་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། དགོན་སྡེ་དོ་དམ་གྱི་སྣ་སོ་སོའི་ལས་དོན་ཡག་པོ་སྒྲུབ་པ། རྒྱ་ཆེའི་དགེ་འདུན་པ་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རིག་གནས་རྨང་གཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུང་བོ་གཅིག་གི་འདུ་ཤེས་བརྟན་པོར་གཏོང་དགོས།  དཔེ་མཛོད་ཁང་སྔར་བས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། དགེ་འདུན་པ་ཚོར་ཆོས་ལུགས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(སྐད་གཉིས་ཀྱི་པར་གཞི)། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལ་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རིགས་དང་རྣམ་པ་བསྐྱར་སྒྲིག་སྒོས་དཔེ་མཛོད་(ཆོས་དཔེ་ཁང་)ལ་ཉར་ཚགས་དང་བཀོད་སྒྲིག་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི“བསམ་བློ་ཕྱུག་པོ་དང་མི་སེམས་གཅིག་ཏུ་སྒྲིལ་བའི”ལས་སྟེགས་བསྐྲུན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྔོན་ལ་ཇུས་འགོད་དང་སྔ་སྣུར་དུ་ལྗང་མདོག་དགོན་པ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། དགོན་སྡེའི་འདེབས་འཛུགས་དང་འཚམ་ཞིང་གསོན་སླ་བའི་རྩྭ་དང་རྩི་ཤིང་བཏབས་ཏེ་ལྗང་མདོག་དགོན་སྡེ་དང་སྐྱེད་ཚལ་རྣམ་པའི་དགོན་སྡེ་འཛུགས་སྐྲུན་སྒོས་ཁུལ་ཡོངས་ཀྱི་ཆོས་ལུགས་དགོན་སྡེའི་ལྗང་མདོག་གི་དཔེ་མཚོན་ཞིག་ཏུ་འགྱུར་གང་ཐུབ་བྱེད་དགོས་ཞེས་བསྟན།

       ཁུལ་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་།  ཁུལ་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་མཉམ་དུ་འཚམས་འདྲི་གནང་བ།


མཉམ་སྤྱོད།