དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་།

2023-02-20 13:56:39   |   238

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   གངས་ལྗོངས་འཕྲིན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


          ཟླ2པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་འཇུ་ལག་རྫོང་དུ་བསྐྱོད་ནས་ཡིག་ཆ་དང་པོ་སྒྲོག་འགྲེལ་དང་ཁེ་ལས་ལ་ཕན་ཡོན་སྐྱེལ་བའི“དཔྱིད་རླུང་འགུལ་སྐྱོད”སྤེལ་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ་བོད་ཀྱི་ལོ་སར་ལ་འཚམས་འདྲི་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཀྱི་ཀྲུའུ་རིན་གཞོན་པ་ཝང་ཞིན་ཧུའེ་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

        ཀྲང་ཧྲིང་ཡོན་སྔ་རྗེས་སུ་མཚོ་སྔོན་སྐྱེ་ཁམས་འབྱུང་ཡུལ་ཟོག་འགྲེམས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་དང་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། ཤུས་ཧུང་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་། ཧུའེ་ཐུང་ཞང་པའོ་ཁྱད་ལྡན་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཅས་སུ་ཕེབས་ནས་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་ར་རྒྱ་སྐྱེད། རྒྱུ་རྐྱེན་གཙོ་བོ་འགན་ལེན་སོགས་ཀྱི་གནས་ཚུལ་རྗེས་ལོན་བྱས་པར་མ་ཟད། ཁེ་ལས་ཀྱི་བསམ་འཆར་དང་གྲོས་གཞིར་ནན་ཏན་ངང་གསན་པ་དང་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བར་སྐུལ་ལྕག་གནང་། ཀྲང་ཧྲིང་ཡོན་གྱིས་སྲིད་ཇུས་དྲིལ་སྒྲོག་དང་སྒྲོག་འགྲེལ་ལག་བསྟར་བཅས་ཀྱི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་སྒྲུབ་སྟེ་ཁེ་ལས་ཀྱིས་སྲིད་ཇུས་བེད་སྐྱོད་ཤེས་པ་དང་བེད་སྤྱོད་ཐུབ་པ། བེད་སྤྱོད་གང་ལེགས་བྱ་རྒྱུ་བཅས་ལ་རོགས་རམ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། རང་འགུལ་ངང་མདུན་གྲལ་དུ་ཞབས་འདེགས་ཞུ་བ་དང་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་ཕན་ཡོན་སྐྱེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཁེ་ལས་ནང་ཞུགས་ནས་བརྟག་ཞིབ་དང་བཞུགས་མོལ་ཧུར་ཐག་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་ཆེད་མངགས་སྲིད་དོན་དང་དངུལ་ཁང་གི་ཁེ་ལས་སྦྲེལ་མཐུད་ཚོགས་འདུ་འཚོགས་ཏེ་སྲིད་ཇུས་དོན་འཁྱོལ་དང་ལས་གཞི་དོན་འཁྱོལ། རྒྱུ་རྐྱེན་གཙོ་བོ་འགན་ལེན། མ་དངུལ་བསྡུ་སྒྲིལ་དང་མི་སྣ་བཀོལ་སྤྱོད་བཅས་ཐད་ཀྱི་དཀའ་ངལ་ནུས་ལྡན་ངང་ཐག་གཅོད་བྱེད་དགོས། ཁེ་ལས་ཀྱི་དཀའ་སྡུག་གནད་འཁེལ་གྱིས་ཁོང་དུ་ཆུད་པར་བྱས་ནས་ཁེ་ལས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རོགས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལམ་ལུགས་དོན་འཁྱོལ། ཁེ་ལས་ལ་གཟིགས་སྐྱོང་སྲིད་ཇུས་སོ་སོ་རེ་ཞུའི་ཆ་རྐྱེན་དང་བརྒྱུད་རིམ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་སྲིད་ཇུས་དོན་འཁྱོལ་གྱི“མཇུག་མཐའི་སྤྱི་ལེ་གཅིག”སྒྲོལ་ཐུབ་པར་བྱས་ནས་ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་ནུས་ལྡན་ངང་སེལ་རོགས་བྱེད་དགོས་པ་ནན་གྱིས་བསྟན།

c.png

གཞི་རིམ་གྱི་འབྲེལ་གནས་ཞང་དང་གྲོང་རྡལ་དུ་ཀྲང་ཧྲིང་ཡོན་གྱིས་གྲོང་གསེབ་དར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཞང་དང་གྲོང་རྡལ་གྱི་འགན་འཁུར་བ་དང་བསམ་བློ་བརྗེ་རེས་ཀྱང་གནང་། ཀྲང་ཧྲིང་ཡོན་གྱིས་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཨང་དང་པོའི་དགོངས་དོན་རྒྱ་ཁྱབ་དང་གཏིང་ཟབ་ངང་དྲིལ་སྒྲོག་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་སོ་སོ་ཡག་པོ་སྒྲུབ་དགོས། སྒྲོག་འགྲེལ་དཔུང་ཁག་གིས་སྔོན་ལ་ཡིག་ཆའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་སྡེ་བ་སོ་སོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ། ལྷུ་ཚིགས་ཞན་སར་དམ་པོར་དམིགས་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱེད་རོགས་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱེད་དགོས། འཚོ་གཞིས་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱས་ནས་གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྒྲིག་བཅས་ལ་དམིགས་ཏེ་གྲོང་གསེབ་ཀྱི་གོང་འོག་འབྲེལ་མཐུད་ཡག་པོ་ཡོང་བར་བྱས་ནས་མང་ཚོགས་ཀྱི་དཀའ་གནད་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས། བྱ་བའི་སྒྲིག་ལམ་ནན་སྲུང་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱེད་པ་དང་། སྤྱོད་གཙང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པ། གཞི་རིམ་དང་མང་ཚོགས་ཀྱི་ཁུར་བོ་ཇེ་ལྕི་རུ་མི་གཏོང་བ། སྤྱོད་གཙང་དོན་གཉེར་གྱི་སྣང་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས། “བཅུ་ཡོད་བཟོ་སྐྲུན”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཞང་དང་གྲོང་རྡལ་གྱི་ལས་བྱེད་པའི་བྱ་བ་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། མི་འགུག་ཐུབ་པ་དང་སེམས་བསྡུ་ཐུབ་པའི་བྱ་བའི་ཁོར་ཡུག་བཟང་པོ་བསྐྲུན་ནས་གཞི་རིམ་ལས་བྱེད་པའི་གོང་བུ་སྒྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

d.jpg

རྫོང་ཆ་ཚང་སློབ་ཆུང་གཉིས་པར། ཀྲང་ཧྲིང་ཡོན་གྱིས་རྒྱ་ཆེའི་དགེ་རྒན་གྱིས་སློབ་གསོའི་བྱ་གཞག་ལ་ཕུལ་བའི་བྱས་རྗེས་ཁས་ལེན་གང་ལེགས་གནང་ནས། སློབ་གསོའི་བྱ་བའི་ཐད་ནས་ཚང་མའི་བསམ་འཆར་དང་གྲོས་གཞིར་ཉན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དགེ་རྒན་མཱ་སངས་རྒྱས་སྐྱབས་ལ་བོད་ཀྱི་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པར་མ་ཟད། དེ་དང་ཆབས་ཅིག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་རྩོམ་པའི་ལོ་འདིར་དམིགས་ཚད་ལ་དམིགས་པ་དང་སེམས་ཤུགས་སྒྲིམས་པ། ཕུ་ཐུང་བརྫེས་ནས་བྱ་བ་སྒྲུབ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཆེད་སླར་ཡང་བྱས་རྗེས་གསར་བ་འཇོག་རྒྱུར་སྐུལ་མ་གཏོང་དགོས་ཟེར།


མཉམ་སྤྱོད།