དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-21 10:12:04   |   247

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《གྲོང་ཁྱེར་གྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་ཆ་དེ།  ཉེ་ཆར།  ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • ཟླ1པོར། རྒྱལ་ཡོངས་ཀྱིས་ཕྱི་དངུལ་བེད་སྤྱོད་བྱས་ཚད་མི་དམངས་ཤོག་སྒོར་དུང་ཕྱུར1276.9ཟིན་པ་དེ།   དུས་མཚུངས་ལས14.5%འཕར་ཡོད།

  • ཉིན་ཤས་གོང་།  ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གསོ་སྦྱོང་གི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་གནས་སྐོར་སྒྲིག་འཛུགས་བྱས་པའི་དཔེ་མཚོན་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།

    a.jpg


  • ཚེས20ཉིན། མཚོ་དམག་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐེངས་དང་པོ་ས་གནས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ལོ་འདིའི་མཐར་ཕྱིན་སློབ་མའི་ནང་གྲུ་འདེགས་གནམ་གྲུའི་(舰载机)འཕུར་སྐྱོད་སློབ་མ་འདེམས་སྒྲུག་བྱེད་རྒྱུ་རེད།

  • ཉེ་ཆར། ནང་ལོགས་དང་ཨོ་མོན་དབར་ཁ་ལོ་བའི་ལག་ཁྱེར་ཕན་ཚུན་ཁས་ལེན་དང་བརྗེ་ལེན་གྱི་གྲོས་མཐུན་བཞག་པ་དང་། གྲོས་མཐུན་དེ་ཟླ5ཚེས16ཉིན་ནས་བཟུང་གོ་ཆོད་པ་རེད།

  • ཚེས20ཉིན་ནས་བཟུང་། ཡོར་ཀང་ཨོ་(粤港澳)ཁུག་ཆེན་ཁུལ་དུ་ལས་ཀ་བྱེད་མཁན་གྱི་ནང་ལོགས་ཀྱི་ཕུལ་བྱུང་ཤེས་ལྡན་པ་དང་ཚན་ཞིབ་ཤེས་ལྡན་པ་སོགས་ཤེས་ལྡན་པ་རིགས་དྲུག་གིས་ཤང་ཀང་དང་ཨོ་མོན་དུ་འགྲོ་འོང་བྱེད་པའི་ཤེས་ལྡན་མི་སྣའི་མཆན་འགོད་རེ་ཞུ་བྱེད་ཆོག

  • 《ཨ་རིའི་བཙན་དབང་དང་དེའི་གནོད་འཚེ》ཞེས་པའི་སྙན་ཞུ་དེ་ཚེས20ཉིན་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས20ཉིན།  ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་“མི་མེད་འཕུར་གྲུ་དང་འབྲེལ་བའི་དོན་རྐྱེན་གྱི་གྲོས་ཆོད”ཟེར་བར་གྲོས་འཆམ་བྱུང་བར་དམིགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་དེའི་ཐད་རྒོལ་ལན་གསལ་བསྒྲགས་སྤེལ་བ་རེད།

  • ཚེས19ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པར་རུ་འཚོགས་པའི་བྱ་སྒྲོའི་སྤོ་ལོའི་ཨེ་ཤེ་ཡའི་མཉམ་བསྲེས་ཚོགས་པའི་འགྲན་བསྡུར་གྱི་མཐའ་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས།

སྤྱི་ཚོགས།

  • ཉེ་ཆར།  རྨ་ཆུའི་ནང་སོག་དུམ་བུ་དེ་དར་ཁ་ཕྱེ་བའི་དུས་སུ་སླེབས།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་ཆགས་སྲེད་དངོས་རྫས་བརྒྱུད་སྤེལ་གྱི་ཉེས་དོན་གྱོད་གཞི2900ལྷག་ཙམ་རྩད་ཆོད་པ་རེད།

  • ཉེ་ཆར་ཧྲན་ཤིས་(陕西)ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་སྔའི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི། སྤྱི་ཁྱབ་ལས་འཛིན་པ་ཧྲེང་ཀོང་ཙུའུ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད།

  • ཚེས20ཉིན།  ནན་ཅིང་(南京)འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཀྲང་ཤིན་ཆུས་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲིམས་ཁྱབ་བསྒྲགས་བྱས་པ་དང་། ཀྲང་ཤིན་ཆུས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད།

  • ཀྲུང་གོ་གནས་སྐོར་ཞིབ་འཇུག་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། སྔོན་དཔག་བྱས་ན2023ལོ་ཧྲིལ་པོར་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་དུང་ཕྱུར45.5ཙམ་ཟིན་རྒྱུ་རེད།

  • ཁག་བརྒྱད་པའི་རྒྱལ་ཁབ་ཀྱི་སྨན་རྫས་ཉོ་བསྡུ་དེ་ཚེས20ཉིན་དངོས་སུ་བྱེད་མགོ་ཚུགས་པ་དང་། ཁྱོན་སྡོམ་སྨན་སྣ41དང་སྨན་རྫས181གཅིག་སྡུད་ཉོ་བསྡུ་བྱེད་རྒྱུ་རེད།

b.jpg


  • ཚེས20ཉིན། ཡུན་ནན་ཏེ་ཧུང་(云南德宏)མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་བརྡ་ཁྱབ་བཏང་ནས་དུག་ཚོང་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། འཁྱགས་དུག་སྤྱི་རྒྱ93གཞུང་བཞེས་བཏང་།  ཉེས་གསོག་དོགས་ཅན7འཛིན་བཟུང་བྱས་པ་རེད།

  • ཉེ་ཆར། ཧུའུ་པེའི་ཁྲི་པི་(湖北赤壁)རུ་ཏ་ཧོ་ཙེ(大湖咀)གནའ་ཤུལ་གསར་དུ་རྙེད།  དེ་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་ཆ་ཚང་ཤོས་ཀྱི་ཀྲོའུ་ནུབ་མའི་(西周)གྲོང་ཁྱེར་གནས་ཤུལ་ཞིག་ཡིན་པའི་ཚོད་དཔག་བྱས་པ་རེད།

    c.gif


  • ཅང་ཤིས་དབྱི་ཁྲུན་(江西宜春)གྱི་སྐྱེས་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་།  ཕ་ཡུལ་དུ་ལོག་ནས་གཉེན་ཉེར་ཐུག་འཕྲད་བྱེད་མཁན་དམག་མི་ཙེང་ཧྲེང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་མཆོངས་ནས་མཚོ་ངོགས་ཀྱི་མང་ཚོགས་དང་མཉམ་དུ་ཆུར་ལྷུང་བའི་སྐྱེས་པ་དེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་(北京)གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། ལག་རྩལ་མཐོ་བ་དང་གྲུབ་འབྲས་མངོན་གསལ་དོད་པའི་འཐབ་ས་དང་པོའི་ལས་བཟོ་བར། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་མཐོ་རིམ་ལས་མི་ཡན་གྱི་ལས་རིགས་རྩལ་ནུས་རིམ་པ་ཐད་ཀར་གཏན་འཁེལ་བྱས་ཆོག

  • ཧྲན་ཏུང་(山东)གིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས། དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་ནད་ཐོའི་ཟིན་ཐོ་དེ་སྒོ་བསྟེན་སྨན་ཁང་གི་གློག་རྡུལ་ནད་ཐོའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དོ་དམ་བྱེད་པ་དང་། ཉར་ཚགས་དུས་ཚོད་ལོ15ལས་མི་ཉུང་བ་བྱེད་དགོས།

  • ཁྲུང་ཆིང་(重庆)གིས་དོ་དམ་ཕྱོགས་སྟོན་པར་འགྲེམས་བྱས་ནས། གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། སློབ་གསོ་ཞིབ་འཇུག་སྒྲིག་གཞི་བཅས་ཀྱི་ལས་ཐོག་དགེ་རྒན་གདན་ཞུ་བྱས་མི་ཆོག

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད། ཧྲན་ཤིས་(陕西)ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་ཧན་(江汉)ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད།

    d.jpg


  •  གནམ་ལྟས(天象)་།  ཚེས22ཉིན་གྱི་ས་སྲོད་དུ་ནུབ་ལྷོ་ཕྱོགས་ཀྱི་མཁའ་དབྱིངས་སུ་བརྟན་སྐར་པ་སངས་(金星)དང་ཟླ་བའི་ཚེ་རིས་མཉམ་འཛོམས་ཀྱི་རྣམ་པ་མངོན་རྒྱུ་རེད།

  •  ཁྲིམས་འཛིན་རྒྱུགས་སྤྲོད། 2022ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ཀྱི་དུས་འགྱངས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་རྒྱུགས་ཁུལ་གྱི་དངོས་ཡོད་ཁ་བྱང་གི་ཡིག་རྒྱུགས་དེ་ཚེས25དང26ཉིན་ལེན་རྒྱུ་རེད།


མཉམ་སྤྱོད།