དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལེགས་སྒྲིག་བྱས་པ།

2025-09-19 10:14:51   |   146

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཏང་འཛུགས་རྩོམ་ཕུད། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས12ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་ཕན་ཡུའེ་ཡི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་འཐེན་པ་དང་། ཁྲེན་རུའེ་ཧྥུང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས།

1.jpg

ཁྲེན་རུའེ་ཧྥེང་།

ཡོངས་བསྒྲགས་བྱས་པའི་དཔྱད་གཞི་ལས་མངོན་པ་ལྟར་ན། ཁྲེན་རུའེ་ཧྥེང་། ཕོ། རྒྱ་རིགས། 1966ལོའི་ཟླ5པར་འཁྲུངས། ཧྲན་ཏུང་ཆིང་ཏའོ་ནས་ཡིན། 1990ལོའི་ཟླ་དང་པོར་ལས་ཀར་ཞུགས། 1989ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིང་སློབ་ཆེན་ཆབ་སྲིད་རིག་པ་དང་སྲིད་འཛིན་དོ་དམ་ཚན་ཁག་གི་ཀྲུང་གུང་ཏང་གི་ལོ་རྒྱུས་ཆེད་ལས་ཡིན། ཞིབ་འཇུག་སློབ་མའི་བསླབ་གནས་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་ཡིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ཡིན། ཁྲེན་རུའེ་ཧྥུང་གིས་དེ་སྔ་ཀྲུང་དབྱང་དྲིལ་སྒྲོག་པུ་དྲིལ་སྒྲོག་སློབ་གསོ་ཅུའི་ཅུ་ཀྲང་དང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་སུའེ་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུ་ཀྲང་། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ། ཟི་ལིང་གྲོང་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས་མྱོང་། 2023ལོའི་ཟླ3པར་ཁྲེན་རུའེ་ཧྥུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་གཞོན་པ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའི་ཅུ་ཀྲང་ལ་བསྐོ་གཞག་བྱས་ཤིང་། ཉེ་དུས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས།


མཉམ་སྤྱོད།