དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་འཐུས་མི་ཚོགས་པ་རྒྱལ་སྤྱིའི་མ་རྡུལ་ནུས་པའི་སྒྲིག་གཞིའི་ཚོགས་ཆེན་སྐབས69པར་ཞུགས་པ།

2025-09-17 15:29:56   |   38

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས15ཉིན། རྒྱལ་སྤྱིའི་མ་རྡུལ་ནུས་པའི་སྒྲིག་གཞི(IAEA)ཡི་ཚོགས་ཆེན་སྐབས69པ་ཨོ་སི་ཁྲུ་རི་ཡའི་ཝི་ཨེ་ན་རུ་འཚོགས། ཀྲུང་གོའི་རྒྱལ་ཁབ་་མ་རྡུལ་ནུས་པའི་སྒྲིག་གཞིའི་ཀྲུའུ་རེན་ཁྲན་ཀྲུང་ཏེས་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་མ་ཟད་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་གཏམ་བཤད་གནང་།

1.jpeg

པར་འདི་ནི་ཟླ9པའི་ཚེས15ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེ་ན་རུ་ཀྲུང་གོའི་རྒྱལ་ཁབ་མ་རྡུལ་ནུས་པའི་སྒྲིག་གཞིའི་ཀྲུའུ་རེན་ཁྲན་ཀྲུང་ཏེས་རྒྱལ་སྤྱིའི་རྒྱལ་སྤྱིའི་མ་རྡུལ་ནུས་པའི་སྒྲིག་གཞི(IAEA)ཡི་ཚོགས་ཆེན་སྐབས69པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་གཏམ་བཤད་གནང་བཞིན་པའི་ཚུལ་རེད།

ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་མགོ་ཁྲིད་པས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་བཞི་ཡིས་མིག་སྔའི་ཉིང་རྡུལ་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་དཀའ་ངལ་སེལ་བ་དང་རྡུལ་ཕྲན་ནུས་པའི་ལས་དོན་དང་ཞི་བདེ། བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།

ཀྲུང་གོ་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་ཉིང་རྡུལ་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཆབ་སྲིད་ཅན་དང་། དཔུང་ཁག་ཅན། འགྲན་རྒོལ་ཅན་སོགས་ཀྱི་འགྲན་སློང་མང་པོར་འཕྲད་བཞིན་ཡོད་མོད། འོན་ཀྱང་འཕེལ་རྒྱས་དང་མཉམ་ལས་ནི་སྔར་བཞིནIAEAཡི་བརྗོད་དོན་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིསIAEAདང་རྒྱལ་ཁབ་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཉིང་རྡུལ་ནུས་པའི་བཅོས་སྐྱོང་སྔར་ལས་གཞུང་དྲང་ལུགས་མཐུན་དང་། འཕེལ་རྒྱས་སྔར་ལས་ཀུན་ཕན་དང་ཁོངས་ཡངས། མཉམ་ལས་སྔར་ལས་སྒོ་འབྱེད་དང་གོ་རིམ་ལྡན་པ་བཅས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད། གཅིག་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་ལག་བསྟར་བྱས་ནས་ཉིང་རྡུལ་ཐོན་ལས་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མཉམ་དུ་གསོ་སྐྱོང་བྱེད་དགོས། འཕེལ་རྒྱས་སྔོན་ལ་གཏོང་བ་དང་། ཀུན་ཕན་ཁོངས་ཡངས། འགུལ་སྐྱོད་ཀྱི་ཁྲིད་སྟོན་བཅས་རྒྱུན་འཁྱོངས་བྱས་ཏེ། IAEAཡི་སྣ་འདྲེན་གྲོས་མགོ་དོན་འཁྱོལ་གཏིང་ཟབ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ། ཀགོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། འགུལ་ནུས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་བཅས་ལ་རོགས་རམ་བྱས་ཏེ། "མ་རྡུལ་གྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་བདེ་སྐྱིད་བསྐྲུན་པར"ཧུར་ཐག་གིས་སྐུལ་སྤེལ་བྱེད་དགོས། གཉིས་ནི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་ལག་བསྟར་བྱས་ནས་ཉིང་རྡུལ་བདེ་འཇགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས། ཚུལ་མཐུན་དང་མཐུན་སྦྱོར་མཉམ་སྤེལ་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དྲང་གཞག་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་པ་དང་། ཉིང་རྡུལ་ཁྱབ་མཆེད་མིན་པ་དང་ཞི་བདེ་ངང་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་འབྲེལ་བ་ཐག་གཅོད་བྱས་ཏེ། ཆབ་སྲིད་ཕྱི་འབྲེལ་བྱེད་ཐབས་ཀྱིས་ས་ཁུལ་ཀྱི་ཉིང་རྡུལ་གནད་དོན་ཞི་བདེའི་ངང་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་མགོ་ལག་བསྟར་བྱས་ནས་ཉིང་རྡུལ་ཚན་རྩལ་སྤེལ་རེས་ཀྱི་མེ་ཏོག་སྣ་འཛོགས་ཀྱི་ལྡུམ་ར་མཉམ་དུ་འཛུགས་དགོས། བཞི་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་མགོ་ལག་བསྟར་བྱས་ནས་ཉིང་རྡུལ་བཅོས་སྐྱོང་མ་ལག་གི་རྣམ་པ་གསར་པ་མཉམ་དུ་བསྐྲུན་དགོས། རྒྱལ་སྤྱིའི་ཉིང་རྡུལ་དང་ཁྱབ་མཆེད་མིན་པའི་མ་ལག་གི་ཆ་ཚང་རང་བཞིན་དང་ཟིལ་ཤུགས་རང་བཞིན་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། ཉིང་རྡུལ་ནུས་པའི་འཕེལ་རྒྱས་མཉམ་ལས་ཁྲོད་ཀྱི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། གཞན་ཕུད་རང་བཞིན། མཐོང་ཆུང་རང་བཞིན་བཅས་ཀྱི་བྱེད་སྟངས་ལ་ངོ་རྒོལ་བྱེད་དགོས།

2.jpeg

པར་འདི་ནི་ཟླ9པའི་ཚེས15ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེ་ན་རུ་ཀྲུང་གོའི་རྒྱལ་ཁབ་མ་རྡུལ་ནུས་པའི་སྒྲིག་གཞིའི་ཀྲུའུ་རེན་ཁྲན་ཀྲུང་ཏེས་རྒྱལ་སྤྱིའི་མ་རྡུལ་ནུས་པའི་སྒྲིག་གཞི(IAEA)ཡི་ཚོགས་ཆེན་སྐབས69པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་གཏམ་བཤད་གནང་བཞིན་པའི་ཚུལ་རེད།

ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཉེ་ཆར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་རྡུལ་ནུས་པའི་བཅའ་ཁྲིམས》ཁྲོད་རྒྱལ་ཁབ་ཀྱིས་ཞི་བདེའི་མ་རྡུལ་ནུས་པའི་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཞི་བདེའི་མ་རྡུལ་ནུས་པའི་བེད་སྤྱོད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་བཏང་སྟེ། མ་རྡུལ་ནུས་པ་མཉམ་སྤྱོད་དང་ཞི་བདེའི་ངང་བེད་སྤྱོད་བྱེད་པའི་བྱ་གཞག་གྲུབ་འབྲས་ལ་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད། དེ་ནི་ཀྲུང་གོས་སྤུས་ལེགས་བརྩོན་ལེན་ལག་བསྟར་བྱེད་པའི་འདུ་ཤེས་ཡིན་ཞིང་། རང་རྒྱལ་ཁབ་ཀྱི་མ་རྡུལ་ནུས་པའི་བྱ་གཞག་ལོ་ངོ70རིང་འཕེལ་རྒྱས་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་དང་གནད་བསྡུས་བྱས་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། "མ་རྡུལ་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་སྤྱོད་པའི"བརྗིད་ཉམས་ལྡན་པའི་དམ་བཅའ་ཞིག་ཀྱང་ཡིན། 


མཉམ་སྤྱོད།