དེ་རིང་ནི2025ལོའི་ཟླ09པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པའི་སྐོར་གླེང་བ།

2025-09-28 10:14:42   |   32

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས། བཤེར་འབེབས། རིན་ཆེན་ཚེ་རིང་།


1754531109129143.jpg

习近平论开创中国特色大国外交新局面

当前和今后一个时期,对外工作要以新时代中国特色社会主义思想特别是外交思想为指导,对标中国式现代化目标任务,坚持自信自立、开放包容、公道正义、合作共赢的方针原则,围绕推动构建人类命运共同体这条主线,与时俱进加强战略部署,深化完善外交布局,突出问题导向,运用系统思维,更加立体、综合地明确外交战略任务,以更加积极主动的历史担当、更加富有活力的创造精神,开创中国特色大国外交新局面。 

——习近平2023年12月27日在中央外事工作会议上的讲话

ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པའི་སྐོར་གླེང་བ།

མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་། ཕྱི་ཕྱོགས་ལས་དོན་ཐད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་རང་རྟོན་རང་ཚུགས་དང་། སྒོ་དབྱེ་བསྟུན་མཁས། དྲང་བདེན་དྲང་གཞག མཉམ་ལས་གཉིས་ཕན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གཙོ་རྐང་ལ་དམིགས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་ཐབས་ཇུས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་འབྲེལ་བཀོད་པ་འཐུས་ཚང་དང་གཏིང་ཟབ་ཏུ་གཏོང་བ། གནད་དོན་གྱིས་ཁྲིད་སྟོན་དང་མ་ལག་གི་བསམ་གཞིགས་བྱེད་སྟངས་བེད་སྤྱོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱི་འབྲེལ་ལས་འགན་ཁ་གསལ་བཟོ་བ་དང་། སྔར་ལས་ལྷག་པའི་རང་འགུལ་གྱིས་འགན་འཁྲི་འཁུར་སེམས་དང་གསར་གཏོད་གསོན་ཤུགས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་དགོས།

——ཞི་ཅིན་ཕིང་གིས2023ལོའི་ཟླ12པའི་ཚེས27ཉིན་ཀྲུང་དབྱང་གི་ཕྱི་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།


མཉམ་སྤྱོད།