དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་འདེབས་ལས་འཕེལ་རྒྱས་ཀྱི་བྱ་བར་བརྟག་ཞིབ་གནང་།

2025-09-28 14:51:57   |   145

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ལ་དམིགས་ནས་ཞིང་ཕྱུགས་དང་ནགས་རྩྭ་འདེབས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ས་བོན་ནི་ཞིང་ཕྱུགས་ལས་ཀྱི"ཉིང་ལྷེབ"དང་ཞིང་ཕྱུགས་ལས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན་པས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་དམིགས་ཚད་ལ་གཞིགས་པ་དང་། འདེབས་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འདེབས་ལས་བཟོ་སྐྲུན་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

2.jpg

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་སློབ་ཆེན་ཕྱུགས་ལས་སྨན་བཅོས་ཚན་རིག་ཁང་གི་མཐོ་གྲང་གཟན་རྩྭའི་སོན་བཟང་གསོ་སྤེལ་མཚོ་བྱང་རྟེན་གཞི་རུ། གཟན་རྩྭ་གསོ་སྤེལ་ཚོད་ལྟ་བྱེད་བཞིན་པའི་འབུམ་རམས་པ4དང་བརྗེ་རེས་བྱས་ནས་མཐོ་གྲང་གཟན་རྩྭ་གསོ་སྤེལ་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་ཁུལ་ནགས་ཚལ་ཅུའི་སྡོང་ཕྲུག་ར་བར་ཐང་རག་དང་ལྕང་མ་སོགས་སྡོང་ཕྲུག་གསོ་སྤེལ་དང་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་བྲིན་ཚོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁུལ་ཞིང་ཕྱུགས་ཐོན་རྫས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་མ་ཕྱག་དགོན་པའི་ཚོད་ལྟའི་རྟེན་གཞི་རུ་འདེབས་ལས་དར་རྒྱས་གཏོང་བའི་བྱ་བར་བརྟག་ཞིབ་གནང་བ་དང་། ནས་དང་ལོག་དཀར་སོགས་སོན་བཟང་གསོ་སྤེལ་བྱས་ཚུལ་ལ་ལྟ་ཞིབ་གནང་སྟེ། ཡུལ་དངོས་ནས་ཁུལ་ཞིང་ཕྱུགས་དང་ནགས་རྩྭ་སོགས་སྡེ་ཁག་གི་འདེབས་ལས་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་གསན། "མདོ་ལའི་ལུག"རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཕྱུགས་རྒྱུད་ཐོན་ཁུངས་ཀྱི་མིང་ཐོའི་ནང་བཅུག་པ་དང"མདོ་ལའི་ནོར་གནག"རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཕྱུགས་རྒྱུད་ཐོན་ཁུངས་ཀྱི་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད་བོད་ལུག་ལོ་གཉིས་ལ་ཐེངས་གསུམ་བཙས་བ་དང་ནོར་གནག་ལོ་གཅིག་ལ་ཐེངས་གཅིག་བཙས་བའི་ལག་རྩལ་ཁྱབ་གདལ་བྱུང་ནས་འདེབས་ལས་གསར་གཏོད་བྱ་རྒྱུར་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་། ཡུག་པོ་དང་ལུག་རྩྭ། སྤང་རྒྱན། མཚོ་སྔོན་འཁྱགས་སའི་སྔ་སྨིན་རྩྭ་སོགས་སོན་མྱུག་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་པ་དང་། འབྲུ་སྣུམ་པེ་ཡིའུ་ཨང3པ་དང4པ། ནས་ནག་པེ་ཆིང་ཨང15པ་དང་ཁུ་ནུ་ཨང14པ་སོགས་སྣ་ཁ་གསར་བ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་སོགས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ལྷག་པར་དུ་ཆིང་ཡིའུ་ཨང21པ(པེ་ཡིའུ་ཨང3པ)དངོས་སུ་བསྡུས་པའི་ཐོན་ཚད་མཐོ་ཤོས་མུའུ་རེ་ནས་རྒྱ་མ380ཟིན་པ། པེ་ཆིང་ཨང16དངོས་སུ་བསྡུས་པའི་ཐོན་ཚད་མུའུ་རེ་ནས་རྒྱ་མ1127ཟིན་ནས་ཞིང་ཆེན་ཡོངས་ཀྱི་ནས་ནག་ཐོན་ཚད་ཀྱི་ཟིན་ཐོ་བཏོད་པའི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་གནང་།

3.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ལ་དམིགས་ནས། མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་དང་ནགས་རྩྭ་ཐོན་ལས་ལ་གཞི་ཚུགས་ཏེ། ནུས་ཤུགས་ཡོད་རྒུས“གསོ་སྐྱོང་དང་གསོ་སྤེལ། ཁྱབ་གདལ”གཞི་གཅིག་ཅན་གྱི་དེང་རབས་ཀྱི་སོན་ལས་མ་ལག་བསྐྲུན་ནས་རིགས་སྣ་གསར་བ་མུ་མཐུད་དུ་གསོ་སྐྱོང་དང་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། མཚོ་བྱང་གི་སོན་བཟང་འགྲེམས་སྟོན་ཁྱབ་གདལ་བཏང་སྟེ། ནོར་རྒྱུད་དང་ལུག་རྒྱུད། ནས། ལོག་དཀར་སོགས་སོན་རྒྱུད་བཟང་བོ་ཕྱི་ཕྱོགས་ལ་རྒྱ་ཆེར་སྤེལ་བ་དང་ཕྱིར་འཚོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་ནས་དང་ལོག་དཀར། བོད་ལུག་བཅས་ཀྱི་མཁོ་སྤྲོད་རྟེན་གཞི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།  “མཚོ་བྱང་རྟགས་ཅན”གྱི་སོན་ལས་ཆས་རྟགས་སྔར་ལས་དར་རྒྱས་སུ་གཏོང་དགོས། གཉིས་ནས་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཁུལ་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། རྩྭ་ཐང་ས་ཚིགས་སོགས་ཚན་ཞིབ་སྡེ་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་ཞིང་ལས་སློབ་ཆེན་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་སོགས་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང18ཀྱིས་བཙུགས་པའི་མཉམ་ལས་ལས་སྟེགས་ལ་བརྟེན་ནས་སོན་ལས་ལག་རྩལ་གྱི་འགག་གནད་སྒྲོལ་དགོས།  རང་ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་རིགས་སྣ་གསར་བརྗེ་བྱས་ནས་ཚད་གཞི་མཐོ་བའི་སོན་བཟང་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ལོག་དཀར་དང་ནས། བོད་ལུག ཐང་རག ཤུག་པ་སོགས་འདེབས་འཛུགས་རྫས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་ནགས་ཕྱུགས་རྩྭ་ཐོན་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་འགག་རྩའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། གསུམ་ནས་འདེབས་ལས་ཀྱི་ཁེ་ལས་གཞི་ཁྱོན་མི་འདང་བ་དང་གསར་གཏོད་འགག་སྒྲོལ་གྱི་ནུས་པ་མི་འདང་བ། ཁྲོམ་ར་བཟུང་ཚད་མི་མཐོ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། མཐོ་རིམ་འཇོན་མི་ནང་འདྲེན་ལ་ཤུགས་སྣོན་པ་དང་།  རང་ས་གནས་ཀྱི་འཇོན་མི་གསོ་སྐྱོང་དང་རོང་འབྲོག་པར་ཚན་རྩལ་གསོ་སྦྱོང་བྱས་ཏེ་རང་ས་གནས་ཀྱི་འདེབས་ལས་ཀྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱེད་དགོས། འཇུ་ལག་ཧུའེ་ཡོན་འདེབས་ལས་ཚད་ཡོད་སྤྱི་གཉེར་ཁང་དང་། མཚོ་སྔོན་ཏུང་ཞའོ་སྐྱེ་ཁམས་ཞིང་ལས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ། སོན་གསོ་གསར་གཏོད་དང་ཐོན་སྐྱེད་གཅིག་རྐྱང་རིམ་སྤོར་བྱས་ནས་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་། འདེབས་ལས་ཞབས་ཞུའི“ཞིང་གསུམ”གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་རོང་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས། བཞི་ནས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ནས་འདེབས་ལས་ཞབས་ཞུ་ལེགས་པོར་སྒྲུབ་དགོས།  ནགས་རྩྭ་སྡེ་ཁག་གིས་སྤེན་མ་དང་འུ་སུ། མཐོ་སྒང་མེ་ཏོག་དུང་ཤིང་སོགས་ཀྱི་སོན་མྱུག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་མཛེས་བཟོའི་བྱ་བར་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ཕྱུགས་སྡེ་ཁག་གིས་ཆུ་གྲང་ཉེའུ་དང་། ལུའོ་ཧྲི་ཀྲའོ་ཞ་སོགས་སྐྱེ་སྣ་གསར་བ་མུ་མཐུད་རྒྱ་ཆེར་གཏོང་དགོས།  མཐོ་སྒང་མཐོ་གྲང་ས་ཁུལ་གྱི་ལོག་དཀར་དང་ནས་ཀྱི་སོན་རིགས་འདེམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཞིང་ལས་ལོ་ཏོག་གི་ཕན་འབྲས་ཐོན་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད་མཁོ་སྤྲོད་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། མཚོ་བྱང་ཁུལ་གྱི་རྒྱུད་བཟང་རྟ་གསོ་སྤེལ་རྟེན་གཞི་དང་འཇུ་ལག་ཞུའེ་ཧྥིན་ཕྱུགས་རའི་མཚོ་སྔོན་གྱོ་རྒྱ་རྟེན་གཞི་བེད་སྤྱོད་ཡག་པོ་བྱས་ཏེ་རྟའི་ཐོན་ལས་འཕེལ་རྒྱས་དང་།  “གངས་རིའི་སྣེ་ཁྲིད་པའི”ངལ་ལས་ཆས་རྟགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་ཟེར།

4.jpg

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་། ལི་ཞུ་ཀྲིན། ཁྲང་ལིན་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།