དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བོད་ཀྱི་ལོ་སར་ལ་ཕུལ་བའི་ཤིས་ཚིག

2023-02-21 12:26:58   |   143

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རང་ཞིང་གི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། འཕྲིན་ཡིག་གི་ནང་དོན་གཤམ་གསལ་ལྟར།

གཅེས་སུ་འོས་པའི་བོད་རིགས་སྤུན་ཟླ་རྣམ་པ། བོད་རབ་རྒྱན་ཆུ་མོ་ཡོས་ལོའི་གནམ་ལོ་གསར་བ་ཐོན་ལ་ཉེ་བའི་སྐབས་སུ། ཁྱེད་ཅག་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

2022ལོ་ནི། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་ལོ་གལ་ཆེན་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་འཆར་འགོད་བྲིས་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱས་ལ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པ་དང་ཐོན་ལས་ཀྱི་གནས་བཞི་མྱུར་དུ་བསྐྲུན་པར་སྐུལ་འདེད་བཏང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱས་པ་དང་། མཉམ་དུ་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ། ཆོས་ལུགས་འགྲིག་མཐུན་ཡིན་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ། རིགས་སོ་སོའི་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་རྣམ་པ་བཟང་བོ་མངོན་ཡོད།

འབད་བརྩོན་བྱས་ན་ངོ་མཚར་བའི་གྲུབ་འབྲས་བསྐྲུན་ཐུབ་པ་དང་། མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ཆེ། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚོས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་གྱི་བརྟན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས་བཅས་ཀྱི་ལས་དོན་སྣ་ཚོགས་ཁྲོད་དུ་ཞུགས་པ། མཐུན་སྒྲིལ་འབད་འཐབ་དང་གསར་སྤེལ་མདུན་སྐྱོད་བྱེད་པ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱི་གྲུབ་འབྲས་མངོན་པར་བྱེད་པ་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

       མཇུག་མཐར་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཀང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན།

           2023ལོའི་ཟླ2པའི་ཚེས21ཉིན།



མཉམ་སྤྱོད།