དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2023ལོའི་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས།

2023-02-21 20:59:10   |   206

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།    རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས21ཉིན། མཚོ་བྱང་ཁུལ་གྱིས2023ལོའི་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན། དེ་བཞིན་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་མདའ་བཞི་རྫོང་གི་རྫོང་རིམ་པ་ཡན་གྱི་བོད་རིགས་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་མཉམ་གཅིག་ཏུ་འཛོམས་ནས་བརྩེ་སེམས་ཟབ་མོས་འཕེལ་རྒྱས་ཀྱི་སྐོར་གླེང་སྟེ་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུས། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས་ཤིས་ཚིག་ཕུལ་ལ། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་གཙོ་སྐྱོང་གནང་།  

a.jpg

b.jpg

མགོན་པོ་ཚེ་བརྟན་གྱིས་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་གི་ནང་རིམས་ནད་ཀྱི་ཤུགས་རྐྱེན་སོགས་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་ལ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། “243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུར་དམིགས་ནས་ནུས་ཤུགས་ཡོད་རྒུས“མཚོ་བྱང་གསར་བ་ལྔ”འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་བ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཆབ་སྲིད་བདེ་བརྟན་དང་སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པའི་འབྲས་བུ་དང་། ཞིང་ཆེན་དང་ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བའི་འབྲས་བུ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་ལ་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླའི་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་ཀྱི་རྔུལ་ཆུ་ཡང་འདུས་ཡོད། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་ལ། མཚོ་བྱང་གིས་ད་དུང་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་འཁྲུངས་སྐར་ལ་བསུ་བ་ཞུ་རྒྱུ་རེད། འཚོགས་མ་ཐག་པའི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ང་ཚོར་འཆར་གཞི་ཡག་པོ་བཀོད་ཡོད་པ་དང་། དུས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་ཀྱི་མདུན་དུ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཧུར་བརྩོན་རྒྱལ་སྐྱོང་། གསར་འབྱེད་ཡར་བརྩོན། འབད་འཐབ་སྐྱེས་འབུལ་བཅས་བྱེད་དགོས་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་འདོན་དགོས་པར་བཤད།   

              ཚོགས་ཞུགས་མི་སྣས་ད་དུང་མཉམ་གཅིག་ཏུ་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས།



མཉམ་སྤྱོད།