དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-22 08:50:44   |   170

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ2པའི་ཚེས21ཉིན་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ2པའི་ཚེས26ནས་ཚེས28ཉིན་བར།  པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུའི་གཏན་འབེབས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཉེ་ཆར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝེར་ཨར་ཝུའེ་ཏ་ཅི་སི་(雅典大学维尔维达基斯)སོགས་ཀེ་རི་སེའི་(希腊)མཁས་དབང་ལ་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་དཔྱད་གཞིར་འཛིན་པའི་ལྟེ་གནས་བཙུགས་པར་རྟེན་འབྲེལ་ཞུས་པ་རེད།

  • ཞིང་ལས་ཀྱི་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། དགུན་གྲོ་དང་དགུན་དུས་ལོག་དཀར་འདེབས་ཁྱོན་བརྟན་པོའི་ངང་འཕར་བ་དང་། བཏབས་ཟིན་པའི་དགུན་གྲོ་རྒྱ་ཁྱོན་མུའུ་དུང་ཕྱུར3.3ཡན་དང་དགུན་དུས་ལོག་དཀར་མུའུ་དུང་ཕྱུར1.1ཡན་ཟིན་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་ལྔའི་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མི་ཁྲི10.8ལྷག་ཙམ་ལ་ཁྲིམས་སྦྱོར་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

  • ཚེས20ཉིན་བར།  རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རྩིས་སྤྲོད་བྱས་པའི་གནད་དོན་མི2900ཙམ་ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • མཚོ་དམག་གིས2023ལོའི་ལོ་འཁོར་གྱི་གནམ་གྲུ་ཁ་ལོ་བ་བསྡུ་བའི་འདེམས་སྒྲུག་ལས་དོན་སྤེལ་འགོ་ཚུགས་ཤིང་། བུད་མེད་གྲུ་འདེགས་གནམ་གྲུའི་འཕུར་སྐྱོད་སློབ་མ་ཐོག་མར་འདེམས་བསྐོ་བྱ་རྒྱུ་རེད།

  • སློབ་གསོ་པུས་དུས་འཁོར་གསར་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་གཙོ་གྲགས་ཅན་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་ནས། རྒྱལ་ཡོངས་ནས་དགེ་རྒན་དང་སློབ་གཙོ300བདམས་ནས་གསོ་སྐྱོང་བྱ་ཡུལ་དུ་བྱས་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད40.4%འཕར་བ་དང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད62.8%འཕར་ཡོད།

  • ཚེས21ཉིན། ཕྱི་འབྲེལ་པུས་ཚོམས་ཆེན་སྔོན་པོའི་གླེང་སྟེགས་གཉེར་ནས《གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོའི་ཐ་སྙད་ཡིག་ཆ》ཁྱབ་བསྒྲགས་བྱས་པ་རེད།

    a.png


  • ཚེས21ཉིན། ཉིའུ་ཧོང་དུ་ལོ་ལྔ་ལྷག་ཙམ་འགོར་བའི་དོམ་ཁྲ“ཤང་ཤང”རྒྱལ་ནང་དུ་ལོག་པ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། ཧྭ་བྱང་ས་ཁུལ། བྱང་ཤར་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད4~6℃དམའ་རུ་འགྲོ་རྒྱུ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་དམངས་ཕན་ཁྲལ་སྒྲུབ་བྱེད་ཐབས་གསར་པ25བཏོན་པའི་ནང་། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་གློག་རྡུལ་ཁྲལ་འཇལ་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་སོགས་ཚུད་ཡོད།

  • ཞིང་ལས་དང་གྲོང་གསེབ་པུས་ཡིག་ཆ་བཀྲམ་ནས་རིན་གོང་མཐོ་བའི་གཉེན་སྒྲིག་རྒྱུ་ལེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

  • ཚེས21ཉིན། ཞིང་ཆེན20ལྷག་ཙམ་གྱིས2023ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཐོག་མའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་པ་རེད།

  • 《ཀྲུང་གོའི་ཤེས་བྱ་ཀུན་བཏུས་ཆེ་མོ》ཞེས་པའི་པར་གཞི་གསུམ་པ་ཉེ་དུས་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཐེངས་བཞི་པའི་ནང་སྐྱེ་དངོས་རིགས་གསར་པ163ཤེས་རྟོགས་བྱུང་ཡོད།

    b.png


  • ཚེས21ཉིན། རང་རྒྱལ་གྱིས་བསྐྲུན་པའི་ནུས་པ་ཆེ་བའི་དོས་སྒམ་གྲུ་གཟིངས་ཆེ་གྲས་གསར་པ་“ཀྲུང་ཡོན་ཁྲོན་ཆི335”རྟགས་ཅན་གྱི་གྲུ་གཟིངས་གཙང་པོ་ནས་ཚོད་ལྟ་བྱས་པ་རེད།

  • ཉེ་ཆར། ཀྲུང་གོའི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་གྲས་དང་པོ་སྟེ།  པོ་ཧའེ་(渤海)སྣུམ་ཞིང་གི་མ་བཅོས་རྡོ་སྣུམ་ཉིན་རེར་ཐོན་ཚད་ཏུན་ཁྲི་9ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད་པ་རེད།

  • ཉེ་ཆར།  འབྲི་ཆུའི་སྟོད་རྒྱུད་ཀྱི་རྩ་ཆེའི་ཉ་རིགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲུང་ཆིང་དུམ་བུས་འབྲི་ཆུའི་ཞུན་(长江鱘)ཞིག་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད།

c.jpg


  • ཧྲང་ཧའེ་ཡི་རྒན་རྒོན་ཞིག་གིས་སེམས་ཆུང་མ་བྱས་པར་དངུལ་ལོ་སྒོར་ཁྲི20བཞག་པའི་འགྱིག་ཤོག་བོར་བརླག་སོང་བ་དང་། མི་དམངས་ཉེན་རྟོག་པ་དང་ཁོར་ཡུག་སྲུང་སྐྱོང་བཟོ་པས་གད་སྙིགས་ཏུན15བསློགས་ནས་ཕྱིར་བཙལ་བ་རེད། 

སྲིད་ཇུས།

  • ཧྲང་ཧེ་ཡིས་སྤྱི་པའི་འདུ་འཛོམས་བྱ་ཡུལ་དུ་གསང་སྤྱོད་གསུམ་པའམ་ཡང་ན་གསང་སྤྱོད་ཀྱིས་མ་བུ་ཁང་གི་ཚབ་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • ཧྥུ་ཅན་གྱིས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མས་ངེས་པར་དུ“སྔ་སྣུར་དུ་བརྡ་གཏོང་བ་དང་། མི་སྒེར་གྱི་རེ་ཞུ། སློབ་གྲྭས་ཁས་ལེན་བྱེད་པ། གྲུབ་འབྲས་ཡོངས་བསྒྲགས། ཡིག་ཚགས་བཟོ་བའི་ཐོ་འགོད་སྙན་ཞུ”སོགས་ལྷུ་ཚིགས་ལྔ་བརྒྱུད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཀོས་ཀྲོའུ་ཡིས2024ལོ་ནས་བཟུང་། དངོས་ལུགས་དང་ལོ་རྒྱུས་འདེམས་པའི་སྒྱུ་རྩལ་རྒྱུགས་སྤྲོད་སློབ་མའི་རིག་གནས་ཀྱི་སློབ་བསྡུའི་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་སོ་སོར་དབྱེ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲན་ཤིས་(陕西)ཀྱི་དབུས་རྒྱུད། ཧྲན་ཤིས་(山西)ནུབ་བྱང་རྒྱུད། ཧོ་པེ(河北)་བྱང་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་ཁངས་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧེ(黄淮)་ཡི་ནུབ་རྒྱུད། ཅང་ཧེ་(江淮)ཡི་ནུབ་རྒྱུད། ཅང་ཧན་(江汉)གྱི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

d.jpg


  • ཚུར་བསྡུ། ཧྥིན་ཐེན་རླངས་འཁོར(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིས་དེ་རིང་ནས་བཟུང་ལེ་ཁེ་ས་སིGSདང་། IS དང་། RCདང་།  RC Fབཅས་ནང་འདྲེན་བྱས་པའི་རླངས་འཁོར་ཁག་གཅིག་ཚུར་བསྡུ་བྱ་རྒྱུ་རེད། ཁྱོན་སྡོམ་རླངས་འཁོར22965ཡོད་པ་རེད།

  • ཧྲན་ཤིས། (陕西)ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པའི་དུས་ཚོད་ཟླ2པའི་ཚེས28ཉིན་བར་རིང་དུ་བཏང་ཡོད།


མཉམ་སྤྱོད།