དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་རྣམས་ཀྱིས་སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་།

2023-02-22 08:58:51   |   182

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས21ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འོས་མི་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་སོགས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་བསྐྱོད་དེ་མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་ཞིང་། ཚང་མས་ཚོགས་འདུ་ཡག་པོ་འཚོག་པ་དང་སྲིད་ཞུགས་སྲིད་གླེང་ཡག་པོ་བྱེད་པ། ཐབས་འདོན་ཇུས་འབུལ་དང་ཨུ་ཡོན་གྱི་ལས་འགན་ཡག་པོར་སྒྲུབ་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་དབུལ་དགོས་པའི་སྐུལ་ལྕག་གནང་།

a.jpg

ཤ་བོ་སྐྱབས་ཀྱིས་འདས་པའི་ལོ་གཅིག་གི་ནང་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་ངལ་དང་འགྲན་སློང་ཁྱད་བསད་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན།  ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན། ནུས་རྒྱུ་གཙང་མ། རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གཏོད་པ་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་སྤྱིར་བཏང་མ་ཡིན་པའི་ལོ་གཅིག་ཕར་བསྐྱལ་ཡོད་པར་བཤད།

b.jpg

ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དང“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཡར་སྔོན་འཚོགས་པའི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ད་ལོའི་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་པ་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུའི་བླང་བྱ་ལྟར་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། “གཅིག་ཅན་དྲུག”གི་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་སྣེ་ཁྲིད་དུ་བྱས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། “123”Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་དེ་མཐོན་པོ་སྐྱེས་རིའི་གསར་བརྗེའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་མཚོ་བྱང་གི་བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། སྲིད་གྲོས་ཨུ་ཡོན་རྣམས་ནི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཕུལ་བྱུང་འཐུས་མི་ཡིན་ཞིང་། ཕྲག་སྟེང་དུ་མངག་བཅོལ་གལ་ཆེན་ཡོད་ཅིང་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་བཅས་ཡིན་པས། ཨུ་ཡོན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐེངས་འདིའི་ཚོགས་འདུ་དེ་དར་ཆ་མཐོན་པོར་སྒྲེང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པར་བྱས་ཏེ་སྙིང་སྟོབས་འཕེལ་བ་དང་དྲང་ནུས་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་བློ་ཡིད་ཚིམ་ཞིང་ཕུལ་བྱུང་གི་རྒྱུགས་ལན་ཞིག་དབུལ་དགོས་པ་ནན་གྱིས་བསྟན།

c.jpg

ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་གྱ་ནོམ་པར་བརྟེན་ནས། གཟི་བརྗིད་ལྡན་པའི་ལས་འགན་དང་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་སྟེ། ཚོགས་ཆེན་གྱི་ལས་འགན་སོ་སོ་ལེགས་པར་བསྒྲུབ་སྟེ་མཚོ་སྔོན་གསར་བ་བསྐྲུན་ཆེད་མཚོ་བྱང་གི་ལེའུ་གསར་བ་རྩོམ་རྒྱུ་ཡིན་པར་བསྟན།

d.jpg

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། མ་ཁྲེང་ཧྥང་། སུང་ཞུག་ཙུང་། སངས་འབུམ། ཞུ་ཡུང་ཀུང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝང་ཞིང་ཧོས། ཀརྨ་ཚེ་རིང་། ཚོ་ཅི་ཆང་། ཧ་ཝུན་ཞུག ཁྲང་ལིན། པོ་ཀྲེང་ཆིང་། ལུང་ཡུང་ཧྲིན། དབྱང་ཏེ། ཞོ་རོས་ཞིན། མ་ཝུན་ཆོན་བཅས་ཞུགས།


མཉམ་སྤྱོད།