དེ་རིང་ནི2025ལོའི་ཟླ10པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་རྫོང་གིས་ཉེན་ཁར་ཚུད་པའི་རྐང་བགྲོད་མི་སྣ་འཚོལ་སྐྱོབ་ཀྱི་ལས་ཀ་འགྲུབ་པ།

2025-10-09 10:50:43   |   162

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད1སྟེང་། རིམ་རྩིས་བྱས་ན་ཉེན་ཁར་ཚུད་པའི་མི་སྣ251བདེ་བླག་ངང་གནས་སྤོ་བྱས་ཤིང་། མི1ལུས་དྲོད་ཉམས་པ་དང་རྫ་དུག་བརྒྱབ་པས་རྐྱེན་ལམ་དུ་ཤོར་བ་ཕུད། མི་སྣ་གཞན་དག་གི་ལུས་པོའི་གནས་ཚུལ་བདེ་ཐང་ཡིན་པས་འཚོལ་སྐྱོབ་ལས་ཀ་ལེགས་གྲུབ་བྱུང་། 

ཐེངས་འདིའི་འཚོལ་སྐྱོབ་ལས་ཀའི་ཁྲོད་ཞུགས་པའི་སྤྱི་བདེ་དང་འཚུབ་བསྟུན། མེ་གསོད། འགྲིམ་འགྲུལ། ནགས་རྩྭ། འཕྲོད་བསྟེན་བཅས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་མི་སྣ་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཤིང་། དུས་ཆེན་གཉིས་ཀྱི་གུང་གསེང་གི་ངལ་གསོ་དོར་ཏེ་མི་རྩ་བར་འཛིན་པ་དང་ཚེ་སྲོག་གཙུག་ཏུ་བཀུར་པའི་ངེས་དོན་གྱི་འགུལ་སྐྱོད་ཆེན་པོ་ཞིག་སྤེལ། འཚོལ་སྐྱོབ་མི་སྣ་ཚང་མ་དུས་ཐོག་ཏུ་ཡུལ་དངོས་སུ་བསྐྱོད་ནས་གནམ་གཤིས་དང་སྒྲིག་ཆས་སོགས་ཐད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་འཚོལ་སྐྱོབ་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་ནས་ཉེན་ཁར་ཚུད་པའི་རྐང་བགྲོད་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ཚད་གཞི་ཆེས་མཐོ་བའི་འགན་སྲུང་བྱས་ཡོད། ཐེངས་འདིའི་འཚོལ་སྐྱོབ་ལས་ཀ་བརྒྱུད། ལས་གནས་སོ་སོའི་ལས་སྒྲུབ་མི་སྣའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་གི་རོགས་སྐྱོབ་ནུས་པ་སྔར་བས་མཐོ་རུ་ཕྱིན་པ་དང་། ཛ་དྲག་དང་དཀའ་ཉེན་ཆེ་བའི་ལས་འགན་ལྕི་མོ་བསྒྲུབས་པའི་ཆུ་ཚད་ལ་ཉམས་སད་བྱས་ཡོད། 


མཉམ་སྤྱོད།