དེ་རིང་ནི2025ལོའི་ཟླ10པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

2025-10-11 10:43:13   |   73

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ10ཚེས་10ཉིན་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་ནས། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་ངོ80འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་ངོ80འཁོར་བའི་མཚམས་སུ། ང་རང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུ་རྒྱུ་མ་ཟད་ང་རང་མི་སྒེར་གྱི་མིང་ཐོག་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་དང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས། དེ་བཞིན་བྱང་ཁོ་རེ་ཡའི་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ80ཡི་རིང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གིས་བྱང་ཁོ་རེ་ཡའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་པས། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དཔལ་འབྱོར་གོང་འཕེལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཐད་འབད་འབུངས་བྱས་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སྣེ་ཁྲིད་པའི་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྲ་ཞིང་བརྟན་པའི་མགོ་ཁྲིད་འོག བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པ་དང་། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་སྐོང་འཚོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀ་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། ཉེ་བའི་ལོ་འགའི་རིང་། ང་རང་གིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཐུག་འཕྲད་ཐེངས་མང་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་མཐུན་གྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད། མི་རིང་བའི་གོང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གོར་ཡོང་ནས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་སྐབས། ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་གྲོས་མོལ་གཏིང་ཟབ་བྱུང་ཞིང་། ཀྲུང་གོ་དང་བྱང་ཁོ་རེ་ཡས་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་བས་གོང་འཕེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་ཡག་པོ། གོང་འཕེལ་ཡག་པོ་བཅས་གཏོང་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་ཕྱོགས་དང་ལྷན་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་རོགས་ལས་དམ་ཟབ་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱ་གཞག་ལ་ཞབས་ཞུ་སྒྲུབ་པ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་བྱེད་འདོད་ཡོད། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ལ་ཟམ་མི་ཆད་པར་གྲུབ་འབྲས་དེ་བས་ཆེ་བ་འཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་བཤེས་མི་ཉམས་ཡུན་གནས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།   


མཉམ་སྤྱོད།