དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཆུ་མཚེའུ་དང་ནགས་ཚལ། རྩྭ་ཐང་ལ་སྐོར་ཞིབ་བྱེད་སྐབས་ཆུ་མཚེའུ་དང་ནགས་རྩྭའི“དཔོན་གཉིས་ལམ་ལུགས”ནན་བརྣན་དུ་བཏང་ནས། རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་ལེགས་པོ་མཐའ་གཅིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན་པ།

2025-10-13 11:47:53   |   38

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་པོ་བྱེ་གླིང་དང་སྒར་གཞི་བཅུ་གཉིས་པར་བསྐྱོད་དེ་མཚེའུ་དང་ནགས་ཚལ། རྩྭ་ཐང་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆུ་མཚེའུ་དཔོན་ལམ་ལུགས་དང་ནགས་རྩྭ་དཔོན་ལམ་ལུགས་ལས་དོན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཤིང་། འགན་འཁྲི་སྣ་ཚོགས་ནན་དུ་གཏོང་བ་དང་ཞིབ་ཕྲའི་བྱེད་ཐབས་ནུས་ལྡན་དོན་འཁྱོལ་བྱས་ཏེ། རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་ལེགས་པོ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་སྔར་ལས་མང་བའི་མང་ཚོགས་ལ་བདེ་སྐྱིད་དང་ཕན་པ་བསྐྲུན་དགོས་ཚུལ་བཤད།    

མཚོ་སྔོན་པོ་བྱེ་གླིང་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་མཚོ་ཆུ་རྒྱས་པ་དང་བྱེ་འགོག་བྱེ་བཅོས། ལྡུམ་ཤིང་ནགས་ཚལ་ལ་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས་བསྟན་དོན། ཆུ་མཚེའུ་དཔོན་ལམ་ལུགས་དང་ནགས་རྩྭ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ལྗང་མདོག་གི་སྤུས་ཚད་མཐོ་བའི་བགྲོད་ལམ་དུ་བསྐྱོད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས།《རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཕྱོགས་སྟོན》དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱར་སློབ་སྦྱོང་ནན་ཏན་དང་ལག་བསྟར་བྱས་ཏེ། ཆུ་མཚེའུ་དཔོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བདེ་སྐྱིད་ཀྱི་ཆུ་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “སྐྱ་དམག”གི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཁྲིམས་འགལ་ངང་གསེར་ཉ་འཛིན་པ་དང་གཏེར་ཁ་སྔོག་འདོན་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཆུའི་ཐོན་ཁུངས་ལ་དམངས་ཡོངས་ཀྱིས་སྲུང་སྐྱོབ་བྱེད་པ་དང་དམངས་ཡོངས་ཀྱིས་བཅོས་སྐྱོང་བྱེད་པ། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་བདེ་སྐྱིད་ཀྱི་ཆུ་མཚེའུ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཉམས་མྱོང་བསྐྲུན་དགོས། ནགས་རྩྭ་དཔོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་ནགས་སྲུང་པའི་དཔུང་ཁག་དོ་དམ་དང་བེད་སྤྱོད། འགན་སྲུང་བཅས་ཡག་པོ་བྱེད་པ་དང་། གོན་པ་ཚད་ལྡན་སྒོས་གྱོན་པ་དང་དཔུང་རྟགས་བཏགས་ཏེ་དཔུང་ཁག་གི་སྟོབས་ཤུགས་འཕེལ་བར་བྱེད་དགོས། དགོ་དམར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩྭ་ཐང་མེ་འགོག་ལས་དོན་ཏན་ཏིག་སྒོས་ལེགས་པར་བསྒྲུབ་དགོས། རྒྱུན་མཐུད་ངང་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་གྱི་གསལ་བྱང་ལམ་ལུགས་ཁྱབ་སྤེལ་བཏང་སྟེ། ནགས་ཚལ་ལ་སྲུང་སྐྱོབ་བྱེད་མཁན་ཡོད་པ་དང་རྩྭ་ཐང་ལ་ལྟ་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་འགན་ལེན་བྱེད་དགོས། གསེར་མཚོ་དང་སྟོང་རྟ་ཐང་ཆུ་མཛོད་སོགས་ཆུ་མཚེའི་ཡི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ཆུ་ཐོག་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས། རྒྱུན་མཐུད་སྒོས་ཆུ་མཚེའུ་དང་ཆུ་མཛོད་བཅས་ཕྱོགས་བསྡུས་བེད་སྤྱོད་དམ་འཛིན་བྱས་ཏེ་མཚོ་བྱང་གི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་བསྒྱུར་དགོས་ཚུལ་བཤད།   

མཚོ་སྔོན་པོའི་དེ་སྔའི་འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་དང་ཁེ་ཐུ་གྲུ་ཁའི་གནའ་ཤུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་འགྲེམས་ཁང་གི་བཀོད་སྒྲིག་དང་རྩྭ་འདེབས་ལྗང་སྒྱུར་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཧྲན་དབྱིན་འཕྲུལ་ཆས་བཟོ་གྲྭའི་ཡན་ལག་བཟོ་གྲྭ874ཡི་ཁེ་ཐུ་གྲུ་ཁའི་ལོ་རྒྱུས་བྱས་རྗེས་སྔོག་འདོན་དང་བསྡུ་རུབ་གཏིང་ཟབ་བྱས་ཏེ་སྨོན་ལམ་མཐོན་པོའི་མཁའ་དམག་མཁའ་ཟོན་དང་རྫས་མདེལ་མཛོད་ཕུག་གི་རྗེས་ཤུལ། འཕུར་མདེལ་ཐོན་བརྒྱད་པའི་ཐོན་པུའུ་ཡི་གནའ་ཤུལ་གྱི་སློབ་ཁྲིད་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞི་ཁྱོན་ཡོངས་ནས་འཆར་འགོད་ཡག་པོ་བྱས་ཏེ་གསར་བརྗེའི་ཉམས་ཞིབ་ས་ཚིགས་ཀྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་རྒྱུན་མཐུད་ངང་གཏོད་དགོས། ཧི་མ་རྩྭ་ཐང་དུ་རྩྭ་འདེབས་ཆུ་འདྲེན་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ་སྨོན་ལམ་མཐོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གི་ཆུ་གྲོན་ཆུང་དང་ཆུ་འདྲེན་པའི་ལས་གཞི། དེ་བཞིན་བགྲོད་ལམ་གཞོགས་གཉིས་སུ་རྩྭ་དང་མེ་ཏོག་འདེབས་འཛུགས་བྱེད་པར་ཧུར་ཐག་སྒོས་འཆར་འགོད་ཡག་པོ་བྱས་ཏེ་རྒྱུན་མཐུད་ངང་རྩྭ་ཐང་གི་རིས་ཁྲ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཚུལ་བཤད།    

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་ནས་རིག་དངོས་ཉམས་གསོ་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། ད་ལོ་ནས་བཟུང་། མཚོ་བྱང་ཁུལ་རྒྱལ་ཁབ་མ་འཇོག་མཚོ་སྔོན་མ་རྡུལ་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཡན་ལག་བཟོ་གྲྭ་གསུམ་པར་རིམ་རྩིས་བྱས་ན་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་ཐེངས93སྤེལ་བར་མི་ཐེངས་ཁྲི1.1ལྷག་སྣེ་ལེན་བྱས་ཤིང་ཡོང་འབབ་སྒོར་ཁྲི193ལ་སླེབས་པ་དང་། མང་ཚོགས་ཚོགས་པའི་གསོ་སྦྱོང་ལྟེ་གནས་ཀྱིས་རིགས་སོ་སོའི་གསོ་སྦྱོང་ཐེངས31གཉེར་ཞིང་མི་ཐེངས3188ལྷག་སྣེ་ལེན་བྱས་པར་ཡོང་འབབ་སྒོར70920ཡོད་པ་དང་། ཕྱོགས་ཡོངས་ནས་གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་བཏོད་ཡོད་པས། "འཛིན་གྲྭ་གཅིག་ལ་ཇུས་གཞི་གཅིག"གཞིར་བཟུང་སྟེ་སློབ་ཚན་རྩེ་གྲ་གཏོད་པ་དང་ཉམས་ཞིབ་ལམ་ཐིག་བཀོད་སྒྲིག་བྱས་ཏེ། སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་བ་དང་སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་སྔར་ལས་བེད་སྤྱོད་བྱས་ཏེ། སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་རུ་འཁྱུར་དམག་མིའི་ལས་དོན་ཅུ་བཅས་ཀྱི་གཞུང་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས། ལས་བྱེད་ལས་བཟོ་བར་སྐྱིད་སྣང་ལྡན་ལ་དང་གཙང་ཞིང་དག་པའི་གཞུང་སྒྲུབ་ཁོར་ཡུག་ཅིག་གཏོད་དགོས་ཚུལ་བཤད། 

ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིང་དང་ཚོ་ཅི་ཆང་། ལི་ཞུས་ཀྲེན། མ་རུའུ་ཞང་། ལུང་དབྱང་ཧྲེང་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་འགྲོ་རོགས་གནང་།


མཉམ་སྤྱོད།