དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་ལ་འབྱོར་ཐོ་བཀོད།

2023-02-22 17:40:46   |   131

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


སྤྱི་ཚོགས་ཀྱི་དམངས་འཚོར་དོ་ཁུར་བྱེད་པའི་ཐབས་ཇུས་བཟང་བོ་འཁྱེར་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བཞིན། ཁུལ་ཡོངས་ཀྱི“ཚོགས་ཆེན་གཉིས”འཚོག་ལ་ཉེ་བའི་སྐབས་འདིར་ཚོགས་ཆེན་ལ་ཞུགས་པའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁུལ་སྲིད་གཞུང་གནས་སའི་ནུབ་མཚོ་གྲོང་རྡལ་དུ་འབྱོར་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་ལ། “ཚོགས་ཆེན་གཉིས”ཀྱི་སྐབས་སུ་ཁོ་ཚོས་ཚོགས་འདུའི་གྲོས་རིམ་སོ་སོ་གཞིར་བཟུང་ནས་རིགས་སོ་སོའི་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་བརྒྱུད་སྤྲོད་བྱས་ཏེ། དམངས་འཚོའི་གླེང་མང་བའི་གནད་དོན་ལ་དམིགས་པ་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས་མཚོ་བྱང་ཁུལ་འཕེལ་རྒྱས་ཀྱི་ལེའུ་གསར་བར་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།  

a.jpgb.jpg

དམངས་ཆེན་འཐུས་མིས་འབྱོར་ཐོ་འགོད་སའི་ཡུལ་དངོས་སུ་རང་མིང་བྲིས་ནས་འབྱོར་ཐོ་འགོད་པ་དང་ཡིག་ཆ་ལེན་པ། ལག་ཁྱེར་དཔང་ཡིག་འདོགས་པ་སོགས་འབྱོར་ཐོ་འགོད་པ་གོ་རིམ་ལྡན་ཞིང་འཐུས་མི་ཚོར་སྙིང་སྟོབས་ཀྱིས་ཁེངས་ཡོད། འབྱོར་ཐོ་བཀོད་རྗེས་འཐུས་མི་རྣམས་ཞག་སྡོད་བྱ་ཡུལ་དུ་བསྐྱོད་དེ་ཚོགས་འདུའི་ཡིག་ཆ་ལྟ་ཀློག་བྱེད་བཞིན་ཚོགས་འདུའི་གྲོས་རིམ་དང་འབྲེལ་ཡོད་བཀོད་སྒྲིག་ལ་རྒྱུས་ལོན་བྱས་པར་མ་ཟད། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན། རང་ཉིད་ཀྱི་དོ་ཁུར་བྱ་ཡུལ་བཅས་ཕན་ཚུན་བརྗེ་རེས་བྱས་ཏེ་འཚོག་ལ་ཉེ་བའི་ཚོགས་ཆེན་ལ་གྲ་སྒྲིག་གང་ལེགས་བྱས། ཚོགས་འདུའི་སྐབས་སུ་འཐུས་མི་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པ་དང་གླེང་མང་བའི་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་དང་། དམངས་ཀྱི་རེ་འབོད་བརྒྱུད་སྤྲོད་བྱས་ཏེ་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་རྒྱུ་རེད། འཐུས་མི་ཚོས་མངགས་བཅོལ་ཟབ་མོ་དང་འགན་འཁྲི་སྟོང་ཟད་དུ་མི་གཏོང་བར་ནན་ཏན་གྱིས་རང་འགན་གཙང་སྒྲུབ་བྱས་ནས་སེམས་ཤུགས་ཡོད་ཚད་ཚོགས་འདུའི་གྲོས་རིམ་སོ་སོའི་ནང་ཁྱབ་པར་བྱ་རྒྱུ་ཡིན་ལ། ཚོགས་ཆེན་གྱིས་སྔོན་དཔག་བྱས་པའི་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ་རང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

c.jpg

ཁུལ་དམངས་ཆེན་གྱི་འཐུས་མིའམ་མདོ་ལ་རྫོང་རྫ་དམར་ཞང་གི་ཞང་ཀྲང་ཏུའུ་ཞའོ་ཞ།

འབྱོར་ཐོ་འགོད་པར་ཡོང་བའི་ཁུལ་དམངས་ཆེན་གྱི་འཐུས་མིའམ་མདོ་ལ་རྫོང་རྫ་དམར་ཞང་གི་ཞང་ཀྲང་ཏུའུ་ཞའོ་ཞ་ཡིས་ཚོགས་ཆེན་ཐོག་འགན་འཁྲི་ནན་ཏན་སྒྲུབ་རྒྱུའི་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། མོས་ཐེངས་འདིའི་ཚོགས་ཆེན་འཚོགས་པ་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་པས། མ་འོངས་པར་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་ཡིན། རོང་འབྲོག་ཁུལ་གྱི་གཞི་རིམ་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་བོ་ཡོད་པ་ཚོར་བྱུང་ལ། ཚོགས་འདུའི་རིང་ངས་མང་ཚོགས་དང་སྤྱི་ཚོགས་ཀྱིས་དོ་ཁུར་དང་གླེང་མང་བའི་གནད་དོན་ཁྱེར་ནས་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་། དུས་མཚུངས་སུ་འབྲེལ་ཡོད་སྙན་ཞུར་ནན་ཏན་ངང་ཉན་པ་དང་གྲོས་ཞིབ་བྱས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་ནས་མང་ཚོགས་ལ་ཕན་པ་སྔར་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད།

d.jpg

སྲིད་གྲོས་ཨུ་ཡོན་གྱི་འབྱོར་ཐོ་འགོད་སར་ལས་སྒྲུབ་མི་སྣའི་མཛུབ་ཁྲིད་དང་བསྟུན་ནས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རེ་རེ་བཞིན་ཐོ་འགོད་དང་ཡིག་ཆ་ལེན་པ། ཞག་སྡོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་ཚད་ལྡན་དང་གོ་རིམ་ལྡན་པ། སྟབས་བདེ་ནུས་ལྡན་བཅས་ཡིན་པ་དང་། འདས་པའི་ལོ་གཅིག་གི་རིང་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་སྲིད་ཞུགས་སྲིད་གླེང་ནན་ཏན་བྱས་པས་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 2023ལོ་ནི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་འཐབ་ལམ་གསར་བར་ཕྱོགས་ཡོངས་ནས་མགོ་འབྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཨུ་ཡོན་ཚོས་ཐེངས་འདིའི་ཚོགས་འདུའི་རིང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་རབ་ཏུ་འཕེལ་བའི་རྣམ་པའི་ཐོག་ནས། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོར་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད། གཙོ་གནད་བཅས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་སྲིད་དོན་སྐྱོང་རོགས་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 

e.jpg

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ནམ་གུང་གཞོན་ཚོགས་པ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཕེ་ཆི་ཞང་།

 འབྱོར་ཐོ་འགོད་པའི་ཉིན་དེ་ནི་བོད་ཀྱི་ལོ་སར་ཡིན་པས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ནམ་གུང་གཞོན་ཚོགས་པ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཕེ་ཆི་ཞང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོས་ཐོག་མར་བོད་རིགས་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ཆབས་ཅིག་ཐེངས་འདིའི་སྲིད་གྲོས་ཚོགས་འདུར་ཞུགས་ཐུབ་པར་སེམས་འགུལ་ཐེབས་ཚུལ་བཤད་ལ། ན་གཞོན་སྔར་བས་མང་བོ་གྲོང་གསེབ་དར་སྤེལ་ཁྲོད་ནས་འཇོན་ནུས་ངོམ་དུ་འཇུག་དགོས་ལ། མ་འོངས་པར་གུང་གཞོན་ཚོགས་པ་འཇུ་ལག་རྫོང་ཨུས་སེམས་ཤུགས་ཡོད་རྒུས་ན་གཞོན་འཚར་ལོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རྒྱ་ཆེའི་ན་གཞོན་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། འགན་འཁྲི་འཁུར་ཕོད་པ། འབད་འབུངས་ཡར་བརྩོན། བྱས་རྗེས་འཇོག་ཐུབ་པ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

f.jpg

སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། ཕྱུགས་ལས་འཕེལ་རྒྱས། སྨན་བཅོས་འགན་ལེན་སོགས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི“འཆར་གཞི་ཆེན་པོ”ནས་མང་ཚོགས་ཉེ་འགྲམ་གྱི་འཚོ་བའི་གནས་ཚུལ་བར་འཐུས་མི་དང་ཨུ་ཡོན་ཚོས་བསམ་འཆར་དང་གྲོས་གཞིའི་ནང་དོན་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཚོགས་འདུར་ནན་ཏན་ངང་ཞུགས་ཡོད་པ་དང་། ཚང་མས་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲི་གཙང་སྒྲུབ་དང་ཐབས་འདོན་ཇུས་འདོན་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་གིས་རྩོམ་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།


མཉམ་སྤྱོད།