དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-23 10:18:52   |   122

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

  • ཚེས21ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པའི་ཐོག་བསྟན་དོན།   རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

  • ཞི་ཅིན་ཕིང་གིས་ནང་སོག་ཨ་ལ་ཧྲན་གཡོན་རུ་མཐོངས་ཡངས་རྡོ་སོལ་གཏེར་ཁ་ཞིག་རྡིབ་པའི་ལས་འཛོལ་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་།  རྨས་སྐྱོན་ཕོག་མཁན་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན།

  • ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་དྲག་ཆར་གནོད་འཚེ་ཡིས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ95%ལ་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཐུབ་པ་བྱུང་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ཅན800ལྷག་ཙམ་བཅོས་སྒྲིག་བྱེད་རྩིས་ཡོད་པ་རེད།

  • རང་རྒྱལ་གྱིས་ད་ལོ་གནམ་གཤིས་སྲུང་སྐར་གཉིས་མཁའ་དབྱིངས་སུ་གཏོང་རྒྱུ་རེད། འཕེན་གཏོང་ལེགས་གྲུབ་བྱུང་རྗེས།  རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ས་ངོས་དང་ཉེ་བའི་འཁོར་ལམ་བཞིའི་དམངས་སྤྱོད་གནམ་གཤིས་སྲུང་སྐར་དུས་གཅིག་ཏུ་འཁོར་སྐྱོད་བྱེད་མཁན་གྱི་རྒྱལ་ཁབ་འབའ་ཞིག་ཏུ་འགྱུར་རྒྱུ་རེད།

  • དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་སྐམ་ས་ཆེ་མོའི་དུང་དཀར་ཕྱེ་སོགས་ཀྱི་ཞོར་ཟས་འཚོང་མི་ཆོག་པ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་ལས་ཁང་གིས་ཐེ་ཝན་གྱི་གྲོགས་པོ་ཚོ་སྐམ་ས་ཆེ་མོར་ཡོང་ནས་ས་གནས་ཁག་གི་ཁྱད་ལྡན་ཟས་ཞིམ་མྱོང་རོལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཨ་རི་ཕྱོགས་ཀྱིས་“གསང་མྱུལ་གྱི་དབུགས་ལྒང་”ཞེས་གླེང་བརྗོད་རྫུན་བཟོ་བྱས་ཏེ། ཀྲུང་གོར་དམའ་འབེབས་བྱས། ངའི་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ངང་གླེང་བརྗོད་རྗུན་བཟོ་བྱས་ན།  ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཞེས་ལན་བཏབ་ཡོད།

  • ཚེས22ཉིན། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་ཆུང་གི་འགྲན་ཡ་ཚང་མ་གཏན་ཁེལ་བྱས་འདུག  སོ་སོ་ཏེན་མག་(丹麦)དང་། དབྱིན་ཀེ་ལན།(英格兰)ཧེ་ཏིས(海地)བཅས་ཡིན་།

    a.jpg


  • ཚེས22ཉིན། ཉིའུ་ཧོང་(日本)གི་ཀོ་ཧྲན་རྫོང་དུ་ཡོད་པའི་རང་རྒྱལ་གྱི་དོམ་ཁྲ“ཡུང་མིང་”དང་མཚེ་མ་བུ་མོ“དབྱིང་པིང་།”“ཐའོ་པིན་”ཁྲེང་ཏུའུ་རུ་ཕྱིར་ལོག་བྱས་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུས2023ལོའི་ཆུ་དང་ཐན་སྐྱོན་གྱི་གནོད་འཚེ་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་ནས།  ཆུ་མཛོད་དང་རགས་ཆེན་སོགས་ཆུ་ལོག་འགོག་པའི་ལས་གྲྭའི་འགག་རྩའི་གནས་སུ་ཉེན་ཁ་གྲལ་བཤེར་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

  • ཉིན་ཤས་གོང་། བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་མང་པོས་ཡན་ལག་སྒྲིག་གཞིར་བརྡ་ཐོ་བཏང་ནས།  དུས་ཐོག་ཏུ་ཚོང་ཤག་གི་དངུལ་བུན་འཇལ་རྒྱུའི་རེ་ཞུ་དང་ལེན་བྱས་ཏེ། ཁང་པའི་དངུལ་བུན་སྔ་སྣུར་དུ་འཇལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཉེ་དུས།  པེ་ཅིང་དུ་སློབ་གྲྭ་དང་བུ་བཅོལ་སྒྲིག་གཞི་ཞིག་ཏུ་གཅིག་སྡུད་ཐོག་ཚ་བ་རྒྱས་པའི་གནས་ཚུལ་ཐོན་ཞིང་། པེ་ཅིང་གྲོང་ཁྱེར་གྱི་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་གྱིས་མིག་སྔར་གཅིག་སྡུད་ཐོག་ཚ་བ་རྒྱས་པ་ཚང་མ་དྲོས་ཆག་ནད་དུག་འགོས་བ་ཡིན་པ་ར་སྤྲོད་བྱས་ཡོད།

    b.jpg


  • ཚེས22ཉིན། ཏེང་ཅ་ཤན་གྱི་ནང་མིས་སི་ཁྲོན་གྱི་མདེལ་གཉིས་རྟེན་མཛོད་ཁང་ལ“འབར་མདེལ་གཉིས་ཀྱི་བྱས་ཆེན་པ”  སྐུ་ཞབས་ཏེང་ཅ་ཤན་གྱི་རྩ་ཆེའི་ཕྱག་བྲིས་ཕུལ་བ་རེད།

  • ཧྲན་ཞིའི་(陕西)ཆིན་གྱི་དུར་རྫས་རྫ་བཟོས་གྱད་རྟའི་དོང་ཨང་དང་པོའི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། གྱད་རྟའི་བཟོ་རྩལ་བརྒྱུད་རིམ་ཤེས་རྟོགས་བྱུང་ནས་རྫ་བཟོས་གྱད་རྟ140ལྷག་ཙམ་ཉམས་གསོ་བྱས་ཡོད།

  • ཚན་ཞིབ་སྡེ་ཚན་གྱིས་ཤིན་ཅང་(新疆)གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་ཐེངས་གསུམ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་ལས། ཐ་ལི་མུའུ་གཤོང་སའི་ཐལ་རྡུལ་གྱིས་ཧྭ་བྱང་(华北)ས་ཁུལ་དང་མཚོ་བོད་ས་མཐོར་ཤུགས་རྐྱེན་ཐེབས་རྒྱུ་ར་སྤྲོད་བྱས་ཡོད།

    c.jpg


  • -ཧེ་ནན་(海南岛)གླིང་ཕྲན་སྐོར་བའི་གནས་སྐོར་གཞུང་ལམ་དེ་ཟླ་6ཚེས30ཉིན་ཤར་གཏོང་ཐུབ་རྒྱུ་དང་།  གཞུང་ལམ་གྱི་ལམ་ཐིག་གཙོ་བོའི་རིང་ཚད་ལ་སྤྱི་ལེ988.2ཡོད། ལམ་བར་དུ་འདམ་ར་དང་།  གློག་འདོན་རླུང་འཁོར། བེ་ཏའི་ནགས་ཚལ་སོགས་ཁྱད་ལྡན་མཛེས་ལྗོངས་བརྒྱུད་ཡོད།

d.jpg


  • ཀོང་ཏུང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས23ནས་ཚེས24ཉིན་བར། ཉིན་ལྟར་ཆུ་ཚོད9པ་ནས18བར་ལྷོ་རྒྱ་མཚོའི་ནན་ཕུང་ལེ་གླིང་ཕྲན་གྱི་ཤར་ལྷོའི་མཚོ་ཁོངས་སུ་མེ་མདའ་དངོས་སུ་འཕེན་པའི་སྦྱོང་བརྡར་བྱས་ནས་མཚོ་འགྲུལ་བྱས་མི་ཆོག་པ་བྱས་ཡོད།

  • བརྙན་ཐུང་གི་ཐད་གཏོང་མཁན“ཡོན་ནན་པོ་པོ”ཞེས་པ་དེས་སི་ཁྲོན་གྱི་ལེང་ཧྲན་དུ“དགེ་སྒྲུབ་རྫུས་མ”བྱས་པ་དང་རྒན་རྒོན་ལ་རོགས་སྐྱོར་གྱི་སྒོར3000བཏང་ཡང་། སྒོར2800ཕྱིར་བླངས་པ་རེད། ཐད་གཏོང་མཁན་དེ་སྲིད་འཛིན་བཀག་ཉར་བྱས་པ་དང་། འབྲེལ་ཡོད་ཀྱི་ཐད་གཏོང་རྩིས་ཐོ་བཀག་སྡོམ་བྱས་ཡོད།

e.jpg

  • ཚེས21ཉིན། ལོ་ངོ་བཅུ་ལྷག་ཙམ་ལ་སློབ་རོགས་ཙག་ཙིག་བྱས་ཤིང་། ད་ལོ་དགུང་ལོ91སོན་པའི་ཀྲེ་ཅང་སློབ་ཆེན་གྱི་ལས་འཁྱུར་ངལ་གསོ་དགེ་རྒན་ཝང་ཁུན་སེན་གྱིས་ལུས་ཕུང་ཞལ་འདེབས་འབུལ་བའི་དང་བླངས་ཡི་གེར་མིང་རྟགས་བཀོད་པ་རེད།

སྲིད་ཇུས།

  • གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མི་དང་དམག་མིའི་ནང་མིའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་གྱི་ལག་བསྟར་བྱེད་ཐབས》ཉེ་ཆར་པར་འགྲེམས་བྱས་ཤིང་། བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་དམག་མི་དང་དམག་མིའི་ནང་མིའི་བཅའ་ཁྲིམས་རོགས་སྐྱོར་དོན་ཚན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • ཧྲང་ཧེ(上海)་ཡིས་ཚད་གཞི་བཏོན་ནས་ཨར་སྐྲུན་བཟོ་པའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་ཡུལ་བཅའ་སྡོད་ཁུལ་དུ་རིན་མེད་སྐུད་མེད་དྲ་རྒྱ་བཀོད་སྒྲིག་བྱེད་དགོས་པ།  ཉལ་ཁང་ནང་ངེས་པར་དུ་དྲོད་སྙོམས་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།

  • ཧང་ཀྲོའུ་(杭州)ཡིས་འཆར་གཞི་བཟོས་ནས་ཕྲུ་གུ་གཉིས་པ་དང་ཕྲུ་གུ་གསུམ་སྐྱེ་མཁན་ཁྱིམ་ཚང་ལ་ཕྲུ་གུ་གསོ་བའི་ཁ་གསབ་སྤྲོད་རྒྱུ་དང་། སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར20000སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

དེ་རིང་གི་གནམ་གཤིས།  བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ནང་སོག་གི་དབུས་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ། ཀན་སུའུ་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་དང་། ཅང་ཧན།(江汉) ཅང་ཧུའེ།(江淮)འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཧྭ་ལྷོའི་(华南)ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་ཀྱི་རེད།

f.jpg

  • ཧྲང་ཧེ། (上海) ད་ལོའི་གདན་ཞུའི་ཚོགས་འདུ་ཆེ་གྲས་ཐོག་དང་པོ་དེ་ཚེས25ཉིན་ཧྲང་ཧེ་འཛམ་གླིང་ཚོང་དོན་ཚོང་ཁང(ཤིང་དབྱི་ལམ་ཨང99པ)དུ་འཚོགས་ནས་ལས་ཞུགས་ལས་གནས25000མཁོ་འདོན་བྱ་རྒྱུ་རེད།

  •   ཧུའུ་པེས།(湖北)ཞིང་ཆེན་ཐད་གཏོགས་བྱ་གཞག་ཚན་པས་སྤྱི་ཚོགས་ལ་ཕྱོགས་ནས་ལས་དོན་མི་སྣ1132ཡོངས་བསྒྲགས་ངང་གདན་ཞུ་བྱེད་རྒྱུ་དང་།  ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད9པ་ནས་བཟུང་ཐོ་འགོད་དང་མིང་ཐོ་འགོད་མགོ་ཚུགས་རྒྱུ་རེད།


མཉམ་སྤྱོད།