དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་བྱས།

2023-02-23 13:14:23   |   146

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས22ཉིན་གྱི་ཕྱི་དྲོ། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

a1.jpg

ཤ་བོ་སྐྱབས་ཀྱིས་རིམས་ནད་འགོག་སྡོམ་གྱི་དུས་མཚམས་གསར་པར་སླེབས་པའི་ཚུན་ཏུ། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་དུས་མཚམས་སྒྱུར་བའི་ལས་དོན་གོ་རིམ་ལྡན་ཞིང་བདེ་བརྟན་ཡིན་པ། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་ནད་དུག་ད་དུང་རྒྱུན་མཐུད་ངང་གཞན་འགྱུར་འབྱུང་བཞིན་ཡོད་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་སྡོམ་གྱི་ལས་དོན་དམ་འཛིན་དང་། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་དང་རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ཡག་པོ་སྒྲུབ་དགོས་པ་བསྟན།

b1.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན།  ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཕྱོགས་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་བ་བྱས་ཏེ། “ཕྱོགས་བཞིའི་འགན་འཁྲི”དོན་འཁྱོལ་ནན་པོ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གནད་སྨིན་ནུས་ལྡན་ངང་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཐབས་ལམ་མང་པོའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་ཚོགས་ཀྱི་ནད་འགོས་པའི་ཆུ་ཚད་དང་འགྱུར་ལྡོག་འགྲོ་ཚུལ་ཁོང་དུ་ཆུད་པ་བཅས་བྱས་ནས་ཉེན་ཟོན་སྔོན་བརྡར་ཕྱོགས་ཡོངས་ཀྱི་གྲངས་གཞིའི་རྨང་གཞི་མཁོ་འདོན་བྱེད་དགོས།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་ཁག་སྤྱི་འདོམས་ཡག་པོ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་རིམ་པ་དབྱེ་བའི་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། སྨན་བཅོས་དངོས་ཟོག་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གང་མགྱོགས་ངང་ཁ་གསབ་པ་བཅས་བྱས་ནས་སྨན་ཁང་དུ་སྡོད་པའི་ཉལ་ཁྲི་དང་ནད་གཞི་ཚབས་ཆེན་གྱི་ཉལ་ཁྲིའི་གྲ་སྒྲིག་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་སྒྲུབ་དགོས། རྒན་རྒོན་དང་བྱིས་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་ཡག་པོ་བསྒྲུབས་ནས་བདེ་ཐང་ཞབས་ཞུའི་ཆུ་ཚད་དང་སྐྱོབ་བཅོས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒན་རྒོན་དང་བྱིས་པ་སོགས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་རྒྱག་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཆ་འཕྲིན་ཡོངས་བསྒྲགས་དང་ཁ་གསལ་བཟོ་བ། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ། ཁུལ་ཡོངས་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱེད་པ། ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་སྒྲོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ལ་བདེ་ཐང་གི་འདུ་ཤེས་ཆགས་སུ་འཇུག་པ་དང་། བདེ་ཐང་གི་ཤེས་བྱ་ཁོང་དུ་ཆུད་པ། བདེ་ཐང་གི་བྱ་སྤྱོད་ཆགས་པ་བཅས་བྱེད་དགོས་པ་བསྟན།

c1.jpg

ཀྲང་ཧྲིང་ཡོན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནས་བབ་ལ་ངོས་འཛིན་གསལ་པོ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། སྔར་བས་དངོས་སྒྲུབ་ནུས་ཆེའི་བྱེད་ཐབས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་། གཙོ་གནད་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ། ཉམས་ཞན་མི་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་འགན་ལེན་དང་། དུག་འགོག་ཆུ་ཚད་ལྟ་ཞིབ་ཚད་ལེན།  སླར་ཡང་ནད་འགོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ། སྨན་བཅོས་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་སྨན་བཅོས་དངོས་ཟོག་མཁོ་འདོན་འགན་ལེན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ། ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ལོ་གསུམ་གྱི་རིམས་ནད་འགོག་པའི་བྱེད་ཐབས་དང་གྲུབ་འབྲས། ཉམས་མྱོང་། ཞན་ཆ་བཅས་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། ཇུས་གཞི་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། “ནད་རིགས་ཁ་པའི་དོ་དམ”དྲིལ་སྒྲོག་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཁར་གྲོང་དང་གྲོང་གསེབ་ཀྱི་སྨན་བཅོས་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོབ་དཀའ་བའི་གྲུབ་འབྲས་གལ་ཆེན་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་དགོས།

d1.jpg

ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་ཁག་དང་། ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་བཞིའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་དང་དེ་བཞིན་ཁུལ་ཐད་གཏོགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཁུལ་གྱི་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས། རྫོང་ཁག་གི་འབྲེལ་ཡོད་བཀོད་འདོམས་དཔོན་གཞོན་པ་དང་དེ་བཞིན་རྫོང་བཀོད་འདོམས་པུའི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས།


མཉམ་སྤྱོད།