དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས221རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་དུ་སྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

2023-02-23 19:07:13   |   280

སྒྲིག་སྒྱུར།  སངས་དོན།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ2པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པའི་གཙོ་གནད་ལས་འགན་ལ་དམིགས་ནས།  སྲུང་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་འོག   ལུགས་མཐུན་བེད་སྤྱོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། དེ་སྔའི221རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་དུ་ཡུལ་དངོས་ནས་གཞུང་དོན་སྤེལ། 

a.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་དེ་སྔའི221རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནའ་ཤུལ་གྱི་ས་བཟུང་རྒྱ་ཁྱོན་དང་། འཛུགས་སྐྲུན་དངོས་པོའི་གྲངས་འབོར། རིག་དངོས་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་ཚུལ་དང་། དེ་བཞིན་སྲུང་སྐྱོང་བེད་སྤྱོད་ལས་དོན་སྤེལ་ཚུལ་བཅས་ལ་ཤེས་རྟོགས་ཞིབ་ཕྲ་བྱས།  མཚོ་བྱང་དུ་རིག་དངོས་གྲངས་འབོར་དང་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ཡོད་པས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ཏན་ཏིག་སྒྲུབ་པར།  དེང་འདིར་བྱས་རྗེས་ཡོད་ལ་ཕན་འབྲས་བསྐལ་བརྒྱར་ཐོན་ཡོད། རིག་དངོས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབས་ཏེ། “སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་སྒྲུབ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་།  རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ཟུང་འབྲེལ་བྱས་ནས་སྲུང་སྐྱོབ་ཁྲོད་བེད་སྤྱོད་དང་བེད་སྤྱོད་གཏོང་རིང་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

b.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་རིག་དངོས་ཅུ་ཡི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་ཀྱི་སྲུང་སྐྱོང་བེད་སྤྱོད་ལས་དོན་སྐོར་གྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རྟེན་གཞིའི་གནས་རྙིང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན། ཕུགས་ལ་གཞི་ཚུགས་པ་དང་། བསམ་གཞིགས་བྱེད་སྟངས་གསར་གཏོད་བྱེད་པ། མ་ལག་ལྡན་པའི་སྒོ་ནས་ཤུགས་འདོན་པ་བཅས་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་སྔོན་ཐོན་བྱེད་ཐབས་ལ་སློབ་སྦྱོང་དང་། རིག་དངོས་ལུགས་མཐུན་འོས་འཚམ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་ཐོན་ཁུངས་རྒྱུན་མཐུད་བསྡུ་སྒྲིལ་དང་། གསར་བརྗེའི་རིག་གནས་འབུར་དུ་ཐོན་པར་བྱེད་པ། གསར་བརྗེའི་ཕན་འབྲས་འདོན་སྤེལ་བྱེད་པ།  གསར་བརྗེའི་མིང་བྱང་གསལ་པོ་བཟོ་བ་བཅས་ཀྱི་སྒོ་ནས་དེ་སྔའི221གི་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་གི་རྨང་གཞི་སྒྲིག་ཆས་ཆ་ཚང་བ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཏང་གཤིས་སློབ་གསོ། གསར་བརྗེའི་སློབ་གསོ། སྐྱེ་ཁམས་སློབ་གསོ་སོགས་གསོ་སྦྱོང་གྲོས་ཚོགས་ཀྱི་དཔལ་འབྱོར་དང་ཟུང་འབྲེལ་དང་། གྲོང་གསེབ་དར་སྤེལ། དངོས་མིན་རིག་དངོས་བཤམས་སྟོན། རིག་གནས་ཐོན་རྫས་འགྲེམས་སྟོན་སོགས་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ་བྱེད་པ། རིམས་ནད་འགོག་སྡོམ་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་སྲུང་སྐྱོང་། གཅིག་སྡུད་དོ་དམ། གཅིག་གྱུར་བེད་སྤྱོད་སྒོས་རིག་དངོས་ཀྱི་དེང་རབས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ངོས་ཀྱི་ལས་སྒོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་རྣམ་གྲངས་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་པ་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྡོང་འཛུགས་ནགས་སྐྲུན་བྱེད་པ། བཟོ་གྲྭའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔོ་ལྗང་ཅན་དུ་བསྒྱུར་བ་བཅས་བྱས་ནས་རིག་དངོས་སྲུང་སྐྱོང་དང་མི་སེར་ཕྱུག་འགྱུར་མཉམ་དུ་སྐུལ་འདེད་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པ་བསྟན།

ཝང་ཀྲུང་དབྱི་དང་། དབྱིན་མོ་ཝུན། ཚའོ་ཅི་ཆང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་རྟོག་ཞིབ་བྱེད་སྒོར་ཞུགས།


མཉམ་སྤྱོད།