དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2025ལོའི་ཧྲན་ཏུང་བྱ་གཞག་ཚན་པའི་མཚོ་སྐྱོར་ལས་གནས་ཀྱི་ལས་ཞུགས་མི་སྣ་སྐྱེལ་བའི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་སྐྱེལ་མ་བྱས་པ་དང་འབྲེལ་རེ་བ་ནན་མོ་བཏོན།

2025-10-22 15:29:02   |   103

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས20ཉིན། 2025ལོའི་ཧྲན་ཏུང་བྱ་གཞག་ཚན་པའི་མཚོ་སྐྱོར་ལས་གནས་ཀྱི་ལས་ཞུགས་མི་སྣ་སྐྱེལ་བའི་ཚོགས་འདུ་མཚོ་བྱང་ཁུལ་ཤེས་ལྡན་མི་སྣའི་ལས་ཤག་ཏུ་འཚོགས། དེས་ཆེད་དོན་རྒྱུགས་ལ་ཞུགས་ཏེ་རྒྱུགས་འཕྲོད་པའི་སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ10ཧྲན་ཏུང་དུ་ལས་ཀ་སྒྲུབ་པར་འགྲོ་རྒྱུ་ཡིན་པ་མཚོན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་དུ་ལས་ཞུགས་བྱས་པའི་མི་སྣར་སྐྱེལ་མ་བྱས་པ་དང་འབྲེལ་རེ་བ་ནན་མོ་བཏོན།

1.jpg

ཤ་བོ་སྐྱབས་ཀྱིས་སྐྱེལ་མ་བྱེད་སྐབས་ཧྲན་ཏུང་གིས་བྱ་གཞག་ཚན་པའི་ལས་གནས་མཁོ་འདོན་བྱས་ནས་སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ་གདན་ཞུ་བྱས་པ་དེ་ནི་ཏང་ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། དེ་ལས་ཀྱང“རྨ་ཆུའི་སྟོད་སྨད་དུ། བརྩེ་བའི་ལག་རྡང་སྦྲེལ”ཞེས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། བར་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་པའི་མཐུན་སྦྱོར་མཉམ་ལས་ཀྱིས་སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་ན་གཞོན་ལ་འཚར་ལོངས་འབྱུང་སའི་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད་ཅེས་བཤད།

ཤ་བོ་སྐྱབས་ཀྱིས་ན་གཞོན་ལས་བྱེད་པར“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལས་མངོན་པའི་རྒྱལ་གཅེས་སྐྱེས་འབུལ་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་རྩ་ཆེའི་གཤིས་རྒྱུད་རྒྱུད་ལ་དམ་པོར་བཅངས་པ་དང་རྒྱུན་འཛིན་དར་སྤེལ་བཏང་ནས། ནམ་ཡང“མཚོ་བྱང་གི་དགོས་མཁོ་དང་ཧྲན་ཏུང་གི་འཇོན་ནུས”ཀྱི་མཉམ་ལས་འདུ་ཤེས་བློ་ལ་བརྟན་པོར་ངེས་དགོས་པའི་ལྕག་སྐུལ་གནང་ཞིང་། ལས་གནས་གསར་པའི་ཐོག“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་བཞི”ངེས་པར་བྱེད་དགོས་པ་སྟེ། གཅིག་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་མི་སྒེར་གྱི་ཕུགས་བསམ་དེ་ས་གནས་གཉིས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་པར་བྱེད་དགོས་པ་དང་། གཉིས་ནི་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་འགན་དུ་བརྩི་བ། གསུམ་ནི་བློ་རྩེ་གཅིག་སྒྲིམ་གྱིས་ནུས་པ་ཆེ་རུ་བཏང་ནས་ལས་གནས་ཀྱི་དགོས་མཁོ་དང་གང་མགྱོགས་འཚམ་པར་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ། བཞི་ནི་སྤྱོད་གཙང་རང་གཅུན་གྱི་མཐའ་ཚད་ནན་སྲུང་བྱས་ཏེ་གཞོན་ནུ་ལས་བྱེད་པའི་གཞུང་དྲང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་བསྟན།

ཤ་བོ་སྐྱབས་ཀྱིས་གསར་དུ་ལས་ཞུགས་བྱས་པའི་གཞོན་ནུ་ལས་བྱེད་པ་རྣམས་ལས་གནས་ཀྱི་འགན་འཁྲི་སྒྲུབ་པའི་རྐང་འཛིན་པར་གྱུར་ཏེ་ཆེད་ལས་ལ་བརྟེན་ནས་ཧྲན་ཏུང་གི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས་པ་མ་ཟད། མཚོ་བྱང་གི་རིག་གནས་བརྒྱུད་སྤེལ་བྱེད་མཁན་དེ་བས་ཡག་པོ་བྱས་ཏེ། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྤྲོད་བྱེད་པ་དང་ཆབས་ཅིག་ས་གནས་གཉིས་ཀྱི་ལས་ཞུགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་གཏུག་པ་ཡག་པོ་བྱས་ནས་ལུའུ་ཆིང་མཉམ་ལས་ཟབ་ཏུ་གཏོང་ཆེད་དེ་བས་བརྟན་པའི་འབྲེལ་ཟམ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།

2.jpg

གསར་དུ་ལས་ཞུགས་བྱས་པའི་མི་སྣས་སླད་ཕྱིན་གྱི་ལས་ཀའི་ནང་ཐོབ་དཀའ་བའི་གོ་སྐབས་དེར་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ། སྔར་བས་དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཀྱི་རྣམ་འགྱུར་ཐོག་ནས་ལས་ཁུངས་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནུས་པ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཡག་ཐོག་རྒྱན་བརྩེགས་བྱེད་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།

3.jpg

ཤེས་རྟོགས་བྱུང་བར་གཞིགས་ན།《མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྲོས་མཐུན》ལ་མིང་རྟགས་བཀོད་ཚུན། ཧྲན་ཏུང་ཞིང་ཆེན་མི་སྤྱི་ཐིང་གིས་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་བཅོལ། ཤེས་ལྡན་མི་སྣའི་རིག་སྟོབས། ངལ་རྩོལ་འབྲེལ་བ། སྤྱི་པའི་ཞབས་ཞུ་བཅས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་བྱེད་ཐབས14བཏོན་ནས་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་། 2025ལོར་ཧྲན་ཏུང་ཞིང་ཆེན་གྱིས2024ལོའི་བྱ་གཞག་ཚན་པའི་ལས་གནས10མཁོ་འདོན་བྱས་པའི་རྨང་གཞིའི་ཐོག་ལས་གནས15བར་མང་དུ་བཏང་ནས་མཚོ་བྱང་ཁུལ་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་བྱས། ད་ཐེངས་ཀྱི་གདན་ཞུ་དེ་རྒྱུགས་སྤྲོད་གདན་ཞུའི་བྱེད་ཐབས་སྤྱད་དེ་སྤེལ་བ་དང་གདན་ཞུས་མི་སྣས་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཁ་རྒྱུག གཟུགས་པོར་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར་སོགས་ཚད་ལྡན་གྱི་གོ་རིམ་བརྒྱུད་ལས་གནས་ཐོག་རྒྱུགས་འཕྲོད་པ་ཞིག་ཡིན།

4.jpg

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བྱ་གཞག་ཚན་པའི་མི་དོན་དོ་དམ་ཁྲུའུ་དང་། ཁུལ་ཨུའི་རྩ་འཛུགས་པུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་བཅས་ཀྱི་འགན་འཁུར་བློ་མཐུན། ཧྲན་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པར་ལས་ཞུགས་བྱས་པའི་སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་དེ་བཞིན་གཉེན་ཉེ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།