དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

2025-10-23 15:23:26   |   63

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས21ཉིན། ཁུལ་ཨུའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཚོགས་འདུའི་དགོངས་དོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཉེ་ལམ་གོང་རིམ་གྱིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དང་དུས་བཞིའི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ལིག་ཡུས་པིན་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་གིས་གཙོ་སྐྱོང་གནང་།

1~1.jpg

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱའི་ཐོག་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་འཕྲད་པའི་ཛ་དྲག་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་སྟེང་བདེ་འཇགས་ཐོན་སྐྱེད་བྱ་བའི་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་འཁུར་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་དེ་གཞིར་བཟུང་ནས་ཆད་སྐྱོན་དང་ཞན་ཆ་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ། བྱེད་ཐབས་སྔར་ལས་དངོས་ཡོད་དང་བླང་བྱ་སྔར་ལས་ནན་མོ་དོན་འཁྱོལ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་གྱི“སྦྲེལ་ཐག་ཧྲིལ་བོའི”བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་ཞིབ་ལ་བརྟེན་ནས་ལས་སྒྲུབ་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་གཙོ་གནད་སྐོར་ཞིབ་དང་ཞིབ་བསྡུར་བྱས་ནས་ས་ཁུལ་དང་སྡེ་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་ཆད་སྐྱོན་དང་ཞན་ཆ་ཡང་དག་འཚོལ་དགོས། གཅིག་ཤེས་ཀུན་གྲོལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆད་སྐྱོན་ཞིབ་བཤེར་དང་མི་འདང་ཁ་གསབ་བྱེད་པ། གནད་དོན་བཅོས་སྒྲིག་དམ་འཛིན་ནན་མོ་བཅས་བྱས་ཏེ་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་དང་བདེ་འཇགས་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས་དཔྱད་ཞིབ་དང་སྐོར་ཞིབ་དང་ལེན་བྱེད་པའི་བརྒྱུད་རིམ་དེ་འགན་འཁྲིའི་མ་ལག་དམ་ཟབ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ལྟ་སྐུལ་དོ་དམ་འགན་འཁྲི་དམ་ཟབ་བྱས་ནས་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། བགྲོད་ལམ་འགྲིམ་འགྲུལ་དང་འཛུགས་སྐྲུན་ལས་བཟོ། རིག་གནས་གནས་སྐོར། གཏེར་རི། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། བཟོ་ཚོང་། མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་རང་བཤེར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཉེན་ཁ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་དང་འགག་ཟུམ་བཅོས་སྒྲིག་བྱས་ནས་བདེ་འཇགས་བརྟན་བརླིང་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུའི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ་གཙོ་གནད་ལས་འགན་ལ་དམིགས་ནས་བདེ་འཇགས་ཉེན་ཁ་ཞིབ་དཔྱད་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འོས་འཚམ་བཏང་ནས་བདེ་འཇགས་དུས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་བ། གཏན་འཁེལ་བྱས་པའི་ལས་འགན་ལེགས་འགྲུབ་བྱུང་ཚུལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས་ཏེ་གནད་དོན་གྱི་ཞན་ཆ་ལ་དམིགས་ནས་ནང་ཁུལ་དཔྱད་ཞིབ་ཞིབ་བཤེར་བྱས་ཏེ་རྒྱུན་ལྡན་ཅན་གྱི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ལོ་འདིའི་ནང་གི་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། དུས་བཞིའི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་ཏན་ཏིག་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དོ་སྣང་བྱས་ནས་ཐོན་སྐྱེད་བདེ་འཇགས་གནད་དོན་སྔོན་འགོག་བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། གནད་དོན་ཚབས་ཆེན་འབྱུང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཁུལ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་། འཇུ་ལག་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། ཁུལ་སྤྱི་བདེ་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཧོ་པིན་དང་ཚོ་ཅི་ཆང་། ཀང་ཧྥུའུ། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧྭ་ཝུན་ཞུག ཧན་ཧྲི་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།


མཉམ་སྤྱོད།