དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-24 10:15:19   |   127

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

  • ཞི་ཅིན་ཕིང་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ལེ་ཧྥུང་སྙིང་སྟོབས་ཀྱི་དུས་རབས་ཀྱི་ནང་དོན་ཁོང་དུ་ཆུད་པ་བྱས་ཏེ། དུས་རབས་གསར་པར་ལེ་ཧྥུང་གི་སྙིང་སྟོབས་དེ་བས་འོད་སྟོང་འཕྲོ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་གཤམ་སྤྲོད་བྱས་ནས། དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་འབྲིང་ཆུང100ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ཏེ། 5Gདང་ཀྲའོ་སྟོང་གི་འོད་དྲ་བ་སོགས་རྨང་གཞིའི་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་རེད།

  • ཚེས23ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། ཉེ་དུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྤྱིའི་ཆ་ནས་ལེགས་སུ་སོང་ཡོད།  རང་རྒྱལ་གྱི“ནད་རིགས་ཁ་པའི་དོ་དམ་”རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དུས་མཚམས་སུ་བརྟན་པོའི་ངང་སླེབས་ཡོད་ཅེས་བཤད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤྱི་ཚོགས་ཡོངས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར47ལས་བརྒལ་ནས2020ལོ་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད།

    a.jpg


  • ཚེས23ཉིན་གྱི་ཆུ་ཚོད19:49སྟེང་། རང་རྒྱལ་གྱིས་ཤིས་ཁྲང་(西昌)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཀྲུང་ཤིན26པའི་སྲུང་སྐར་མཁའ་དབྱིངས་སུ་བཏང་འདུག

  • ཨ་རི་ཕྱོགས་ཀྱིས“ཀྲུང་གོས་ཨུ་རུ་སུར་མཚོན་ཆ་མཁོ་འདོན་བྱེད་སྲིད་”ཅེས་བརྗོད་པ་དང་། ངའི་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱི་གསང་འཕྲིན་ཟེར་བ་དེ་ནི་རླུང་འཛིན་པ་དང་གཟུགས་བརྙན་འཛིན་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་དམག་འཁྲུག་གི་ཕྱོགས་གཉིས་ཁ་ཏ་དང་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ལན་བཏབ་པ་རེད།

  • ཚེས23ཉིན། རྒྱལ་སྲུང་པུའི་མགྲིན་ཚབ་པས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བྱ་སྤྱོད་ཐོག་ནས་སྐད་ཆ་བཤད་དེ“ཐེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་མཐའ་གཅིག་ཏུ་ཕམ་ཉེས་སུ་གཏོང་རྒྱུ་ཡིན་ཟེར།

b.jpg


  • ཚེས23ཉིན་གྱི་དགོང་མོ། 2023ལོའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་ཨེ་ཤེ་ཡ་ཁུལ་ཆེན་གྱི་གྲ་སྒྲིག་འགྲན་བསྡུར་ནང་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས71:59ཡི་ཐོག་ཧ་སག་སི་ཐན་གྱི་སྐྱེས་པའི་ལན་ཆིའུ་སྤོ་ལོ་ལས་རྣམ་པར་རྒྱལ་བ་རེད།

  • ཚེས23ཉིན་གྱི་ཆུ་ཚོད8:37སྟེང་། ཐ་ཇིག་སི་ཐན་ལ་ས་ཡོམ་རིམ་པ7.2བྱུང་བ་རེད། ཡོམ་ལྟེ་ནས་རང་རྒྱལ་གྱི་མཐའ་མཚམས་ལམ་ཐིག་བར་སྤྱི་ལེ80ལྷག་ཙམ་ཡོད་པ་དང་། ཤིན་ཅང་གི་ཁ་ཧྲི་དང་ཁེ་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་ཁག་གཅིག་ལ་ཡོམ་ཚོར་བྱུང་ཡོད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་གཉིས་ལ། མཁའ་རླུང་ཞན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་པེ། (华北) བྱང་ཤར་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད4~6℃ཇེ་དམའ་རུ་འགྲོ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8℃ཡན་ལ་མར་ཆག་རྒྱུ་རེད།

  • རིག་གནས་གནས་སྐོར་པུའུ་ཡིས་བརྡ་ཐོ་བཏང་ནས། ས་ཁུལ་གཞན་དག་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ནང་འདྲེན་བྱེད་སྐབས། ས་གནས་དེ་གའི་རིག་གནས་སྐྱེ་ཁམས་དང་འཚམ་པར་བྱེད་པ་ལས། འདྲ་བཤུས་བཙན་འཇུག་དང་རྒྱུ་སྤུས་གཅིག་མཚུངས་ཀྱི་འཕེལ་རྒྱས་མི་གཏོང་བ་བྱེད་དགོས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། མཛེས་འཆོས་བྱུག་རྫས་ཁག5ཡིས་སྤྱོད་མི་ཆོག་པའི་རྒྱུ་ཆ་སྤྱད་པ་ཞིབ་བཤེར་བྱས་ཡོད།

  • རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་“བདེ་འཇགས་སློབ་གྲྭའི”་བྱ་སྤྱོད་གཏིང་ཟབ་སྤེལ་ནས2022ལོར་སློབ་གྲྭ་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་དུས་མཚུངས་ལས30.7%ཆག་ཡོད།

  • ཚེས23ཉིན། ཧོ་ནན་ཧྲང་ཆིའུ་(河南商丘)གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིས་གཉེར་སྐྱོང་དཀའ་ངལ་ཡོད་པའི་སྐྱེལ་འདྲེན་བྱེད་མཚམས་འཇོག་རྩིས་ཡོད་ཅེས་བཤད་པ་དང་། ཧྲང་ཆིའུ་གྲོང་ཁྱེར་སྲིད་གཞུང་གིས་དཀའ་ངལ་སྔར་བས་སེལ་བར་བྱས་ནས་སྤྱི་སྤྱོད་རླངས་འཁོར་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • རང་རྒྱལ་གྱིས་ཕ་སྨིར་ས་མཐོར་(帕米尔高原)འོད་རིག་རྒྱང་ཤེལ་ཆེ་གྲས་འཛུགས་རྒྱུ་དང་། འཆར་གཞི་ལྟར་ན2024ལོའི་ཟླ6པར་བསྐྲུན་ནས་བེད་སྤྱོད་གཏོང་རྒྱུ་རེད།

    c.jpg


  • ལོ་གསུམ་རིང་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་བརྒྱུད། བྱེ་མས་ལོ་ངོ300ལྷག་ཙམ་ལ་ས་འོག་ཏུ་སྦས་པའི་ཧྲན་ཤིས་ཆིང་ཕིང་པོ་གནའ་ཤུལ་(陕西清平堡遗址)ལས་ཤེས་རྟོགས་བྱུང་བ་ལྟར་བ། མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གཞོགས་གཉིས་ཀྱི་མི་རིགས་མཉམ་འདྲེས་འཕེལ་རྒྱས་བྱུང་བའི་ར་སྤྲོད་བྱུང་ཡོད།

ོ.jpg

  • ཆིང་ལན་(清澜)མཚོ་དོན་ཅུས་ཀྱིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས24ཉིན་གྱི་ཆུ་ཚོད6པ་ནས18:30བར་ལྷོ་རྒྱ་མཚོའི་ཆུ་ཁོངས་ཁག་གཅིག་ལ་དམག་དོན་སྦྱོང་བརྡར་བྱས་ནས་མཚོ་འགྲུལ་གཏན་འགོག་བྱེད་རྒྱུ་རེད་།

  • ཉེ་ཆར། ཧྲེན་ཀྲེན་ཧྲེ་ཁོའུ་(深圳蛇口)འགག་སྒོས་རྒྱལ་ཁོངས་སུ་འཛུལ་བའི་སྒམ་སྟོང་ནང་འཕྲུལ་ཆས་རྙིང་ཧྲུལ་གྱི་ལྷུ་ལག་ཁག་གཅིག་རྩད་ཆོད་པ་དེ་ཕྱི་རྒྱལ་གྱི་གད་སྙིགས་ཁོངས་སུ་གཏོགས་པ་དང་ཁྱོན་སྡོམ་ཏུན22.67ཟིན་ཡོད།

d.jpg


  • དབྱང་ཀྲོའུ་(扬州)སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་དབྱང་ཡང་ལས་ཀ་གྲོལ་སྐབས་རྨས་སྐྱོན་ཕོག་པའི་རྒན་རྒོན་ཞིག་གཅིག་པུ་ནད་ལྟ་བ་དང་འཕྲད།  ཁོང་གིས་རང་འགུལ་ངང་སྨན་བཅོས་བྱེད་རོགས་བྱས་པ་དང་འབྲེལ་སྨན་རིན་སྤྲད་པ་མ་ཟད། ད་དུང་རྗེས་སུ་རྒན་རྒོན་གྱི་ནང་མིའི་ཐུགས་རྗེ་ཆེ་ཞུ་བའི་ཁུག་དམར་དང་ལེན་མ་བྱས།

སྲིད་ཇུས།

  • ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུས་བརྡ་ཐོ་བཏང་དོན། དབང་སྐྱོན་རྒྱུགས་སྤྲོད་སློབ་མའི་ཡིག་རྒྱུགས་རྐྱང་བ་དང་སློབ་བསྡུ་རྐྱང་པའི་རྒྱུགས་ལེན་དེ་རྩ་དོན་ཐོག་ལོ་ལྟར་གྱི་ཟླ4པ་ནས5པའི་བར་སྤེལ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་མཐོ་སློབ་ཀྱིས་དབང་སྐྱོན་རྒྱུགས་སྤྲོད་སློབ་མའི་འབྲེལ་ཡོད་ཆེད་ལས་ཡིག་རྒྱུགས་ཀྱི་གྲུབ་འབྲས་འཚོལ་ཞིབ་བྱས་ནས་ཕན་ཚུན་ཁས་ལེན་བྱེད་ཆོག

  • ཅི་ལིན་(吉林)གྱིས་ལག་བསྟར་བསམ་འཆར42བཏོན་ནས་ཞིང་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ས་ཞིང་གི་ཁེ་དབང་འགན་སྲུང་ཁ་གསལ་བྱས་པ་དང་། ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པར་བསྔགས་སྐུལ་བྱས་ཡོད།

  • ཧྲང་ཧེ་ཡིས་གསར་གཏོད་རྣམ་པའི་ཁེ་ལས་སྤྱི་ཁྱབ་པུའུ་ཡི་ཁས་ལེན་དང་བྱ་དགའ་དོ་དམ་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ཆེས་མཐོའི་མ་དངུལ་སྒོར་དུང་ཕྱུར1གི་རོགས་སྐྱོར་བྱེད་རྒྱུ་རེད། 

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ནང་སོག་གི་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་པ་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅང་ཧེ(江淮)་དབུས་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་(华南)ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད།

    e.jpg


  • ཚུར་བསྡུ། པིན་ཁྲི་ཡིས་དེ་རིང་ནས་བཟུང་ནང་འདྲེན་དང་རང་རྒྱལ་གྱིས་བཟོས་པའི་རླངས་འཁོར20740ཚུར་བསྡུ་བྱེད་རྒྱུ་རེད། དེ་དགCརིམ་པ་དང་། CLK    CLS   Eབཅས་དང་འབྲེལ་བ་ཡོད་པས། སྐར་ཁུང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་རྒྱུ་རེད།

  • ཅང་སུའུ།  ཞིང་ཆེན་དང་གྲོང་ཁྱེར་བྱ་གཞག་ཚན་པས་མི6242གཅིག་གྱུར་ཐོག་ཡོངས་བསྒྲགས་ངང་གདན་ཞུ་བྱེད་རྒྱུ་རེད།  ཟླ2ཚེས25ཉིན་ནས་ཟླ3ཚེས2ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་རེད།


མཉམ་སྤྱོད།