དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་མཚོ་སྔོན་དངུལ་ཁང་ཏང་ཨུའི་ཧྲུའུ་ཅི་དབྱིན་ཧའེ་ཧྥིན་འཁོར་དང་བཅས་པས་བཞུགས་མོལ་གནང་བ།

2025-10-25 21:31:46   |   619

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་སྔོན་དངུལ་ཁང་ཏང་ཨུའི་ཧྲུའུ་ཅི་དབྱིན་ཧའེ་ཧྥིན་འཁོར་དང་བཅས་པས་ནུབ་མཚོ་གྲོང་རྡལ་དུ་བཞུགས་མོལ་གནང་བ་དང་། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དངུལ་ཁང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ནས་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་སྐོར་ནས་བརྗེ་རེས་གཏིང་ཟབ་གནང་།

01.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་སྔོན་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་ཡོད་དེ། 2024ལོའིGDPའཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། བཟོ་ལས་རིགས་སྒྱུར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཟངས་གཏེར་དང་གསེར་གཏེར། རྡོ་སོལ་གཏེར་ཁ་སོགས་སྲོག་ཤིང་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། སྐྱེ་ལྡན་ལུད་རྫས་དང་སེལ་པཱ་སེལ་ཛིར་སོགས་གསར་དར་ཐོན་ལས་ལ་ཐོག་མའི་གཞི་ཁྱོན་ཆགས་ཡོད། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"བཟོ་སྐྲུན་གྱི་གསར་གཏོད་སྐུལ་འདེད་འོག་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་ཐོག་མའི་གྲུབ་འབྲས་ཐོབ་པ་དང་། སེར་ཤ་དང་གླ་རྩི། ན་འབུ་གློ་ཉལ། ཆུ་གྲང་ཉ་སོགས་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཐོན་ལས་ཀྱིས་ཞིང་ཆེན་ཡོངས་དང་ཐ་ན་ནུབ་བྱང་ས་ཁུལ་དུ་ཁྲོམ་རའི་ཐོབ་སྐལ་ངེས་ཅན་ཞིག་བཟུང་ཡོད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་སྨོན་ལམ་མཐོན་པོ་དང་མེ་ལྷ་གངས་དཀར་སོགས་ལྗོངས་ཁུལ་གྱི་ཉིན་རེའི་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་ལས་བརྒལ་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དེ་ཆན་ཝ་ཁྲི་སྟོང་རིམ་པའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་བསྐྱོད་པ་དང་། ལྗང་མདོག་རྩིས་ནུས་ལས་གཞི་ཁག་གཅིག་སྔ་རྗེས་སུ་མཚོ་བྱང་དུ་གཏན་ཆགས་བྱུང་ཡོད་ལ། མཚོ་བྱང་གིས་མཚོ་སྔོན་དངུལ་ཁང་དང་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དངུལ་རྩའི་ལས་རིགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། མཚོ་སྔོན་དངུལ་ཁང་གིས་མཚོ་བྱང་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་ཉམས་ཞིབ་ཐོན་ལས་འཕེལ་རྒྱས། བཟོ་ལས་རིགས་སྒྱུར་རིམ་སྤར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། ཁེ་ལས་ཆུང་གྲས་འཕེལ་རྒྱས་གཏོང་བ་སོགས་ཁྱབ་ཁོངས་མང་པོར་དངུལ་རྩའི་གསོན་ཤུགས་རྒྱུན་མཐུད་ངང་སྣོན་པ་དང་། ལྷག་པར་དུ་ཆུ་ཚན་ཐོན་ཁུངས་རྩད་ཞིབ་དང་ཁམས་གསོ་ཐོན་ལས་ཀྱི་བཀོད་པ། ཁྱད་ལྡན་གསོ་སྤེལ། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་སྲིད་གཞུང་དང་དངུལ་ཁང་གི་མཉམ་ལས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

02.jpg

དབྱིན་ཧའེ་ཧྥིན་གྱིས་མཚོ་བྱང་ཁུལ་གྱིས་ལོ་བཅུ་གཉིས་རིང་མཚོ་སྔོན་དངུལ་ཁང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་མཚོ་སྔོན་དངུལ་ཁང་གི་ལས་སྒོ་འཕེལ་རྒྱས་ཀྱི་གནས་ཚུལ་དང་འབྱུང་འགྱུར་གྱི་འཆར་འགོད། དེ་བཞིན་ས་གནས་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ལ་རོགས་རམ། དངུལ་བུན་མི་ལེགས་པ་སེལ་བ་སོགས་ཀྱི་བྱ་བ་སྤེལ་ཚུལ་ངོ་སྤྲོད་གནང་ཞིང་། མཚོ་བྱང་གི་ཐོན་ཁུངས་ལྷན་ནུས་ལ་དམིགས་པ་དང་རང་ངོས་ཀྱི་ལས་སྒོའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་དངུལ་རྩའི་ཞབས་ཞུ་སྤུས་ལེགས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་གྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས། སྐྱེ་ཁམས་ཕྱུགས་ལས་དང་ནུས་རྒྱུ་གཙང་མ་སོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ལས་གཞི་ལ་དམིགས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་དངུལ་རྩའི་ཐོན་རྫས་དེ་བས་མང་བ་བཏོན་ཏེ་འབྲེལ་ཡོད་དངུལ་རྩའི་སྲིད་ཇུས་གཏན་འབེབས་དང་།  དངུལ་ཁང་དང་ས་གནས་དབར་འབྲེལ་གཏུག་བརྗེ་རེས་དང་མཉམ་ལས་དམ་ཟབ་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་དང་བསམ་སྤྱོད་གཅིག་མཐུན་དང་ཕྱོགས་གཅིག་ཤུགས་འདོན་བྱས་ཏེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་དངོས་སྒྲུབ་མཉམ་ལས་སྔར་བས་མང་བ་ཞིག་ཆགས་པར་བྱེད་དགོས་ཟེར།

03.jpg

མཚོ་སྔོན་དངུལ་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཚུན་ཧྲོའུ་དང་། ཧང་ཀྲང་གཞོན་པ་ལི་ཡོན་དང་ཀྲང་ཧྲི་དབྱི། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཞུགས་མོལ་ནང་ཞུགས།


མཉམ་སྤྱོད།