དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་མཚོ་བྱང་གི་སྦྲེལ་མཐུད་ཚོགས་འདུ་འཚོགས།

2023-02-24 11:50:08   |   151

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2ཚེས23ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུ་ཀྲང་གཞོན་པ་ཀོ་ཅིང་ཡུས་དང་བཅས་པ་མཚོ་བྱང་དུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་སྦྲེལ་མཐུད་བྱེད་པར་ཕེབས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

a.jpg

འབྲེལ་མཐུད་ཚོགས་འདུའི་ཐོག   ཀོ་ཅིང་ཡུས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་མཉམ་ལས་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་འཛུགས་པ་སོགས་ཀྱི་ལས་ཀའི་གནས་ཚུལ་གསལ་བཤད་བྱས། ཅུ་དང་ས་གནས་ཕྱོགས་གཉིས་པོས་སྐྱེ་ཁམས་སྲུང་སྐྱོང་དང་། སྒྲིག་སྲོལ་སྒྱུར་བཅོས། ལྗང་མདོག་འཕེལ་རྒྱས། དམིགས་བསལ་གཉེར་སྐྱོང་སོགས་ཀྱི་དོན་གནད་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཀྲང་ཝང་ཀྲུང་དབྱི་དང་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

b.jpg

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་ཡིས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་དགར་བཙུགས་པའི་མཛེས་ལྗོངས་ཁུལ་གྱི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན། དམིགས་བསལ་གཉེར་སྐྱོང་འཆར་འགོད་སྒྲིག་བཟོ། རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ལེགས་སྒྲིག་སོགས་ཐད་ནས་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་དང་མཚོ་བྱང་ཁུལ་བར་མཉམ་ལས་དམ་ཟབ་བྱས་ནས་ལས་ཀའི་ལམ་སྲོལ་ཧ་ཅང་ཡག་པོ་ཞིག་བཙུགས་ཡོད། ཅུ་དང་ས་ཁུལ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད་ཞེས་བསྟན།

c.jpg

ཤ་བོ་སྐྱབས་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། མཚོ་བྱང་ཁུལ་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་གཏོད་བྱེད་རིང་གི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལས་དོན་ཡག་པོ་བསྒྲུབས་ནས། སྒྲིག་གཞིའི་སྒྲིག་ཁོངས་དང་སྡེ་ཚན་གྱི་འགན་འཁྲི་དབྱེ་འབྱེད་ལས་དོན་ཁྲོད།  མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་དང་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གི་སྙན་སེང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དོ་དམ་ཚོད་འཛིན་གྱི་བླང་བྱ་ནན་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོའི་སྐྱེ་ཁམས་དམར་ཐིག་ཁྱབ་ཁོངས་དབྱེ་འབྱེད་ལུགས་མཐུན་བྱས་ཏེ། རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བར་སྟོང་འདང་ངེས་ཤིག་འཇོག་དགོས། རྐང་ཚ་དང་མདའ་བཞི་ཡི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས་འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། མཚོ་བྱང་ཁུལ་གྱི་མིག་སྔར་བཏོན་པའི་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས8མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཁག་ནང་འཇུག་དགོས་པ་ནན་གྱིས་བསྟན།

d.jpg

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་གི་ལས་དོན་ལ་སེམས་ཁུར་བྱས་ཏེ། མཐོན་པོ་སྐྱེས་རིའི་སྐྱེ་ཁམས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་གཉིས་སྤེལ་བ་དང་། མཚོ་སྔོན་པོའི་ཁུལ་གྱི་དམངས་ཁྲོད་ཀྱི་མཚོ་མཆོད་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཆབས་ཅིག  བྱེ་གླིང་དང་བྱ་གླིང་སོགས་མཚོ་འགྲམ་གྱི་མཛེས་ལྗོངས་བེད་སྤྱོད་ལ་ཞིབ་འཇུག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་ཡི་འབྲེལ་ཡོད་ཁྲུའུ་དང་ཅུ། རྐང་ཚ་རྫོང་དང་མདའ་བཞི་རྫོང་སྲིད་གཞུང་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།