དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཀྲི་ཆིང་དང་བཅས་པར་བཞུགས་མོལ་གནང་བ།

2025-10-31 10:31:18   |   118

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


01.jpg

ཟླ10པའི་ཚེས30ཉིན། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཝང་ཀྲི་ཆིང་དང་བཅས་པར་བཞུགས་མོལ་གནང་བ་རེད། 

ཟླ10པའི་ཚེས30ཉིན། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཝང་ཀྲི་ཆིང་དང་བཅས་པར་བཞུགས་མོལ་གནང་བ་རེད། 

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ཀྲི་ཆིང་དང་བཅས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་བཤད་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་བརྒྱུད་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མུ་མཐུད་དུ་གཏོད་པ་དང་། ཐོན་ལས་ཀྱི“ས་ཁུལ་བཞི”བསྐྲུན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་བཤད། མཚོ་སྔོན་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་ཞིང་། སྐྱེ་ཁམས་ཁོར་ཡུག་ཞན་པ། ཐོན་ཁུངས་དང་ནུས་རྒྱུ་ཕུན་སུམ་ཚོགས་པ་བཅས་ཡིན་པས་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་རིག་གནས་དང་གནས་སྐོར་མཉམ་འདྲེས་དང་། མཁའ་འགྲུལ་ཟོག་འགྲེམས། འགྲུལ་ཟོག་མཉམ་འགུལ། གནམ་གྲུ་ཤར་གཏོང་ཐོན་ལས་འཕེལ་རྒྱས། ད་ཡོད་ཀྱི་མཁའ་ལམ་ལེགས་སུ་གཏོང་བ་སོགས་ཐད་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་བར་སྣང་དམའ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་གོ་སྐབས་དམ་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་འབྲི་བྱེད་པ་དང་། གཙོ་གནད་ཐོན་ལས་ལ་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།

ཝང་ཀྲེ་ཆིང་གིས་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་མང་རིང་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་མཚོ་སྔོན་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཁོང་གིས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་དུ་གཞི་གཞི་ཚུགས་ཏེ་ཕྱོགས་གཉིས་པོའི་འཐབ་ཇུས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱ་རྒྱུར་གཞོལ་བཞིན་ཡོད་ཅེས་བཤད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁ་ཕྱོགས་གསལ་སྟོན་དང་། ངེས་གནས་འཚོལ་བ། འཕེལ་རྒྱས་དོན་གཉེར་བཅས་མཐའ་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་མཁའ་ཐོག་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས་རྒྱང་སྐྱོད་ཀྱི་ལམ་ཁ་གསར་པའི་ཐོག་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་ཤར་ཕྱོགས་མཁའ་འགྲུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན།

ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥེང་གཉིས་བཞུགས་མོལ་ལ་ཞུགས།


མཉམ་སྤྱོད།